རང་རྫོང་གིས་རྫོང་ཡོངས་རང་བཞིན་གྱི་ལས་དོན་གྲོས་ཚོགས་བསྡུས།

文摘   2024-11-11 17:46   青海  

རང་རྫོང་གིས་རྫོང་ཨུའི་གསར་བ་གཉིས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་དང་ཁེ་ལས་གཉིས་དང་གསར་བ་གསུམ། རྫོང་ཡོངས་རང་བཞིན་གྱི་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་འཛུགས་སྐྱོང་གི་ལས་དོན་གྲོས་ཚོགས་བསྡུས།

ཟླ10ཚེས31ཉིན། རང་རྫོང་གིས་རྫོང་ཨུའི་གསར་བ་གཉིས་ལས་དོན་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་དང་རྫོང་ཡོངས་ཀྱི་ཁེ་ལས་གཉིས་དང་གསར་བ་གསུམ། རྫོང་ཡོངས་རང་བཞིན་གྱི་ལས་རིགས་མཐུན་ཚོགས་འཛུགས་སྐྱོང་གི་ལས་དོན་གྲོས་ཚོགས་བསྡུས་ཤིང་། གྲོས་ཚོགས་སྟེང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞི་ཅིང་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན། ཞིང་ཆེན་དང་ཁུལ། རྫོང་ཨུ་བཅས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་མ་ཟད། ནན་ཏན་གྱིས་ཁེ་ལས་གཉིས་དང་གསར་བ་གསུམ། ཞིང་ཆེན་ཡོངས་དང་ཁུལ་ཡོངས་རང་བཞིན་གྱི་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་ཏང་གི་འཛུགས་སྐྱོང་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་ལྟར། རྫོང་ཨུའི་གསར་བ་གཉིས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་དང་དེ་བཞིན་གཏན་འཇགས་ཟུར་ཞུགས་ལས་ཁུངས་ཀྱི་མིང་ཐོ། རྫོང་ཨུའི་གསར་བ་གཉིས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལས་དོན་སྒྲིག་སྲོལ་བཅས་ལ་ཞིབ་འཇུག་དང་གྲོས་ཞིབ་གནང་བ་དང་འབྲེལ་རྫོང་ཡོངས་ཀྱི་ཁེ་ལས་གཉིས་དང་གསར་བ་གསུམ་གྱི་ཏང་འཛུགས་བྱ་བར་བཀོད་སྒྲིག་གནང་།

གྲོས་ཚོགས་ཀྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་རྫོང་ཨུའི་གསར་བ་གཉིས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོ་སོའི་ལས་ཁུངས་དང་གསར་བ་གཉིས་ཀྱི་ཏང་རྩ་འཛུགས་ཀྱི་འགན་འཁྲི་དང་བྱ་གཞག་གཙོ་བོར་དམིགས་ནས་འཕོ་འགྱུར་གསར་སྐྲུན་བྱས་ཏེ། རྩ་འཛུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་གཅེས་སེམས་རོགས་ལས་ལ་ཤུགས་སྣོན་པ། ལྟེ་གནས་ཀྱི་སྤྱི་ཡོངས་ལ་ཞབས་ཞུ་བྱེད་པ་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད། འགོ་རྩོམ་ས་གསར་བའི་སྤྱི་ཡོངས་ནས་དུས་རབས་གསར་བའི་ཁེ་ལས་གཉིས་དང་གསར་བ་གསུམ་གྱི་ཏང་འཛུགས་བྱ་བའི་དོན་སྙིང་གལ་ཆེན་ལེགས་པོར་སྒྲུབ་པ་དང་ཁོངས་ཏུ་ཆུད་པར་བྱས་ནས། གཏན་འཁེལ་གཉིས་ལ་བརྩི་སྲུང་བྱེད་པ་དང་སྲུང་སྐྱོང་བྱེད་པ་གཉིས་སྒྲུབ་ཐུབ་པ་བྱས་ཏེ། ཁེ་ལས་གཉིས་དང་གསར་བ་གསུམ་གྱི་ཏང་འཛུགས་བྱ་བའི་དོན་སྙིང་གལ་ཆེན་བཟང་པོར་སྒྲུབ་ནས། འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་རང་རྫོང་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་གཏོང་བ་དང་མཉམ་དུ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུད་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས་པར་བསྟན།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། ཁེ་ལས་གཉིས་དང་གསར་བ་གསུམ་གྱི་ཏང་འཛུགས་བྱ་བར་ཤུགས་སྣོན་བྱེད་རྒྱུ་ནི་ཏང་གི་སྲིད་འཛིན་རྨང་གཞི་སྲ་བརྟན་དུ་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་དང་སྤྱི་ཚོགས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ། འགྱུར་ལྡོག་དང་འཚམ་ཞིང་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་དགོས་མཁོ་ཞིག་ཡིན་ལ། དུས་བབ་དང་ལས་འགན་གྱི་འགྱུར་ལྡོག་དང་འཚམ་པ་དང་སྒྲིག་གཞི་བསྒྱུར་བཅོས་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ་དང་ཁོངས་གྲུབ་ལས་ཁུངས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ། ལས་ཀའི་ལམ་སྲོལ་ཇེ་ལེགས་སུ་གཏོང་བ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་མཉམ་ཤུགས་ཆགས་པ་དང་གསོན་ཤུགས་འཕེལ་བར་བྱེད་པ། སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་ཁེ་ལས་གཉིས་དང་གསར་པ་གསུམ་གྱི་ཏང་འཛུགས་སྐྱོང་ལས་དོན་ཡག་པོ་སྒྲུབ་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་པ་ཞིག་ཀྱང་ཡིན་པ་རེད། ཁེ་ལས་གཉིས་དང་གསར་པ་གསུམ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་བསྣན་ནས་ཏང་གི་རྩ་འཛུགས་དང་བྱ་བར་སྟོང་ཆ་མེད་པ་དང་ཆད་ལུས་མེད་པའི་སྒོ་ནས་ཁེ་ལས་གཉིས་དང་གསར་པ་གསུམ་གྱི་སྣ་མང་མཉམ་བཅོས་དང་མཉམ་སྐྲུན་མཉམ་སྤྱོད་ཀྱིས་དེང་རབས་ཅན་གྱི་སྤྱི་ཚོགས་བཅོས་སྐྱོང་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པར་བསྟན།

ཚོགས་འདུའི་ཐོག་ཆབ་སྲིད་ཀྱི་སྣེ་ཁྲིད་དང་བསམ་བློའི་ཁྲིད་སྟོན།རྩ་འཛུགས་ཀྱི་སྣེ་ཁྲིད་བཅས་ལ་མུ་མཐུད་དུ་ཤུགས་བསྣན་ཏེ་རྫོང་ཡོངས་ཀྱི་ཁེ་ལས་གཉིས་དང་གསར་པ་གསུམ་གྱིས་མ་དངུལ་བཏང་སྟེ་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས།སྲིད་ཇུས་ལག་བསྟར་བྱ་རྒྱུར་སློབ་གསོའི་ཁྲིད་སྟོན་བྱས་ནས་ཁེ་ལས་ཆེད་མཁས་པའི་སྙིང་སྟོབས་དར་སྤེལ་ཡག་པོ་གཏོང་དགོས་པ་དང་། དྲ་ཐོག་དང་ཡུལ་དངོས་སོགས་ཀྱི་སྟེགས་བུ་བེད་སྤྱད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁེ་ལས་དང་ཚན་ཆུང་།ས་ཚིགས་དང་དྲ་ཚིགས་བཅས་སུ་སྤེལ་བར་སྐུལ་འདེད་གཏོང་བ་དང་།རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ཆབ་སྲིད་འདུ་ཤེས་དང་བསམ་བློའི་འདུ་ཤེས།རིགས་པའི་གཞུང་ལུགས་ཀྱི་འདུ་ཤེས།བརྩེ་དུང་གི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་སློབ་གསོའི་ཁྲིད་སྟོན་གནང་བ་རེད། ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལས་ཁུངས་དང་།བཟོ་ཚོགས་དང་གུང་གཞོན་ཚོགས་པ།བུད་མེད་ཚོགས་པ་བཅས་ཀྱི་རྩ་འཛུགས་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ་ཁེ་ལས་གཉིས་དང་གསར་གསུམ་གྱི་ཏང་འཛུགས་སྐྱོང་དེ་ཐོན་སྐྱེད་གཉེར་སྐྱོང་དང་ལས་གཉེར་ཞབས་ཞུར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། ཡོངས་ཁྱབ་གཉིས་ཀྱི་སྤུས་ཚད་དང་ཕན་ནུས་མཐོར་འདེགས་སུ་བཏང་སྟེ།ཁེ་ལས་གཉིས་དང་གསར་པ་གསུམ་གྱི་གཞི་གྲངས་ཕྱོགས་ཡོངས་ནས་མཐིལ་རྟོགས་དང་རྩིས་ཁྲ་བཟོས་ཏེ། ཏང་གི་རྩ་འཛུགས་དང་མང་ཚོགས་ཚོགས་པའི་རྩ་འཛུགས་དུས་ཐོག་ཏུ་བཙུགས་ནས་ཏང་གི་རྩ་འཛུགས་དང་ལས་དོན་གྱི་ཁྱབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ།རྒྱུན་རྣམ་དང་ཕུགས་ཕན་གྱི་སྒོ་ནས་ཁེ་ལས་གཉིས་དང་གསར་པ་གསུམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། རྫོང་ཨུའི་ལས་དོན་ཨུ་ཡོན་ལྷན་ཁང་གིས་གསར་པ་གཉིས་ཀྱི་བྱ་བའི་སྒྲིག་སྲོལ་ལག་བསྟར་ནན་ཏན་བྱེད་པ་དང་གཞུང་དོན་གྲོས་མོལ་བྱེད་སྲོལ་ལེགས་འགྱུར་བྱེད་པ། འཐུས་ཚང་དུ་གཏོང་བ་དང་ཏང་འཛུགས་སྐྱོང་བྱ་བའི་མཛུབ་ཁྲིད་པའི་འདེམས་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཐུབ་པ་དང་ནུས་པ་འདོན་སྤེལ་ཐུབ་པར་འགན་ལེན་ཏན་ཏིག་བྱ་དགོས། ལས་རིགས་གཙོ་གཉེར་སྡེ་ཁག་གི་འགན་འཁུར་བ་དང་ཁེ་ལས་གཉིས་དང་གསར་པ་གསུམ་གྱི་ཏང་རྩ་འཛུགས་ཧྲུའུ་ཅི་ཡིས་བློ་བརྟན་འགྱུར་མེད་ཀྱིས་གཏན་འཁེལ་གཉིས་ལ་བརྩི་བཀུར་དང་།བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་གཉིས་ལེགས་པོར་བསྒྲུབས་ནས་ཧྲུའུ་ཅི་ཡིན་ན་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་ལས་རིགས་དོ་དམ་བྱེད་ན་ཏང་འཛུགས་སྐྱོང་ལ་དོ་དམ་བྱེད་དགོས་པའི་འདུ་ཤེས་ཆེ་རུ་བཏང་ནས་ཏང་འཛུགས་སྐྱོང་ལས་དོན་གྱི་ལག་བསྟར་ནུས་པ་དང་དོན་འཁྱོལ་ནུས་པ་ཤུགས་ཆེར་བཏང་སྟེ།ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་ཁེ་ལས་གཉིས་དང་གསར་པ་གསུམ་གྱི་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན།

རྫོང་ཨུའི་གསར་བ་གཉིས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོ་སོའི་ལས་ཁུངས་གཏན་འཇགས་ཟུར་ཞུགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར།  2024.11.08


ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས་ཉེར་ལྔ་བ།


རྫོང་རུའི་གནའ་ཤུལ་ལ་སྲུང་སྐྱོང་བྱེད་པའི་བྱ་བ་ལེགས་པོར་བསྒྲུབས།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章