གཡུ་རྔོག་ཁོར་སྲུང་རུ་ཁག་གིས་སྲུང་སྐྱོབ་བྱ་བ་བཟང་པོར་བསྒྲུབས།

文摘   2024-11-13 16:35   青海  

རྨ་བྱང་ཞང་གཡུ་རྔོག་སྐྱེ་ཁམས་ཁོར་སྲུང་རུ་ཁག་གིས་སྐྱེ་ཁམས་སྲུང་སྐྱོང་བྱ་བ་བཟང་པོར་བསྒྲུབས།

སྐྱེ་ཁམས་ཁོར་ཡུག་ནི་ས་ཁུལ་ཞིག་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཆ་རྐྱེན་ཡིན་ལ།  སྐྱེ་ཁམས་ཁོར་ཡུག་འཛུགས་སྐྱོང་བྱ་རྒྱུ་ནི་བྱས་རྗེས་དེང་འདིར་བཞག་ན་ཕན་འབྲས་བསྐལ་བརྒྱར་ཐོན་པའི་ལས་དོན་གལ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་འགའི་རིང་རྨ་བྱང་ཞང་གཡུ་རྔོག་ས་ཁུལ་གྱི་རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་བཟུང་ནས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་སྟེ་ལས་འགན་འགན་འཁྲི་ལག་ལེན་དུ་བསྟར་ནས། སྐྱེ་ཁམས་སྲུང་སྐྱོང་བ་བཟང་པོ་ཞིག་བྱས་ཏེ་ལྗང་མདོག་གི་སྲུང་ཡོལ་བརྟན་པོར་བཙུགས་ནས། ཨ་སྔོན་གཡའ་དྭག་ཞིང་ས་གཞིར་རྡུལ་དག་པའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཞིག་བསྐྲུན་ཡོད་པ་རེད།

མཚོ་ངོས་ལས་རྨིད3600ལྷག་ཙམ་ཡོད་པའི་རྨ་བྱང་ཞང་དུ་སྟོད་འགག་དམར་པོ་གྱོན་པའི་སྐྱེ་ཁམས་སྲུང་སྐྱོང་རུ་ཁག་ཅིག་ཡོད་པ་དང་ཁོ་ཚོ་ཁྱིམ་ཚང་རེ་རེར་སོང་ནས་སྐྱེ་ཁམས་སྲུང་སྐྱོང་ཐད་ཀྱི་ཤེས་བྱ་དྲིལ་སྒྲོག་བྱེད་པ་དང་འབྲེལ་ལ་ལུང་མང་པོ་བརྒྱུད་ནས་རྩྭ་ཐང་དང་ནགས་ཚལ་ལ་སྐོར་སྐྱོད་སྲུང་སྐྱོང་བྱེད་བཞིན་ཡོད། ཁོ་ཚོས་དོན་དངོས་ཀྱི་འགུལ་སྐྱོད་ཀྱིས་ཕ་གཞིས་ལ་བཅིངས་བའི་བརྩེ་སེམས་མངོན་པར་མཚོན་ཞིང་། ཁོ་ཚོ་ནི་སྔོ་ལྗང་གི་རི་ཆུར་སྲུང་སྐྱོང་བྱེད་པའི་སྔོན་སྐྱོད་པར་གྱུར་ཡོད།

སྐྱེ་ཁམས་སྲུང་སྐྱོང་རུ་ཁག་འདི2007ལོར་བཙུགས་ཤིང་། དེ་ནི་གཡུ་རྔོག་ས་ཁུལ་གྱི་སྡེ་བ་ལྔའི་སྡེ་དམངས་ཀྱིས་གྲུབ་པ་ཞིག་ཡིན་ལ། གཙོ་བོ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་དང་སྲིད་ཇུས་ཁྲིམས་ལུགས་ཤེས་བྱ་དྲིལ་སྒྲོག་བྱེད་པ་སོགས་ཀྱི་འགན་འཁུར་བཞིན་ཡོད། ལྷག་པར་དུ་སྐྱེ་ཁམས་སྲུང་སྐྱོང་བྱ་བའི་ཐད་འབུར་དུ་ཐོན་པའི་གྲུབ་འབྲས་བླངས་ཡོད།

རྨ་བྱང་ཞང་གཡུ་རྔོག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རུ་ཁག་གི་རུ་དཔོན་བསམ་གྲུབ་རྒྱལ་གྱིས་གསར་འགོད་པར་བཤར་རྒྱུར།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རུ་ཁག་གིས་དུས་བཅད་ལྟར་རྩྭ་ཐང་དང་ཆུ་མགོ  ནགས་ར་བཅས་ཀྱི་གད་སྙིགས་གཙང་བཟོ་བྱེད་བཞིན་ཡོད་པ་མ་ཟད།ད་དུང་སྡོང་འཛུགས་ནག་སྐྲུན་གྱི་ལས་དོན་ནང་ཧུར་ཐག་གིས་ཞུགས་བཞིན་ཡོད། གཞན་ད་དུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རུ་ཁག་གིས་དུས་བཅད་ལྟར་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་དེ་ཁོར་ཡུག་སྲུང་སྐྱོང་གི་བརྗོད་དོན་དྲིལ་སྒྲོག་བྱེད་སྒོ་སྤེལ་ནས་མཐའ་འཁོར་སྡེ་མི་དག་གི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཇེ་ཟབ་ཏུ་བཏང་སྟེ། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མི་སེམས་སུ་འཇགས་པར་བྱས་ཡོད་ཟེར།

མིག་སྔར། རྨ་བྱང་ཞང་གཡུ་རྔོག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རུ་ཁག་གི་རུ་མི་30ལྷག་གིས་དྲ་མིག་ཅན་གྱི་དོ་དམ་གཞིར་བཟུང་ཏེ་སྡེ་བ་ཁག་ཏུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དོ་དམ་མ་ལག་འཛུགས་གྲུབ་བྱས་ཏེ་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་གནད་དོན་དང་བཙོག་སྐྱོན་མེད་པར་བཟོས་ཡོད།  

བསམ་གྲུབ་རྒྱལ་གྱིས་བཤར་རྒྱུར།སྔར་ལས་ལྷག་པའི་སྒོ་ནས་ཁོར་ཡུག་སྲུང་སྐྱོང་བྱ་བ་ལེགས་པོར་བསྒྲུབ་ཆེད།ང་ཚོས་ཟླ་རེར་དུས་བཅད་ལྟར་སྡེ་བ་དང་སྡོད་ཁུལ་ལྟར་ཚན་ཆུང་ཁག་བགོས་ཀྱིས་རྩྭ་ཐང་དུ་སྐོར་གཡེང་བྱས་ནས་རི་ལྗང་གི་རི་ཆུར་སྲུང་སྐྱོང་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་ཟེར།

རྨ་བྱང་ཞང་གཡུ་རྔོག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རུ་ཁག་བཙུགས་པ་དང་ཁོ་ཚོས་འགུལ་བསྐྱོད་ཀྱིས་ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད་ལ།སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་གསོན་ཉམས་དོད་པའི་ལག་ལེན་དང་གསལ་བཤད་ནུས་ལྡན་བྱས་ཡོད་པ་རེད། ཁོ་ཚོས་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་ནང་དོན་ཟབ་མོ་དང་དངོས་ཡོད་ཀྱི་དོན་སྙིང་ར་སྤྲོད་བྱས་ཡོད་པ་རེད།

སྔ་རབས་རྗེས་འཇུག


ཞི་ཅིན་ཕིང་གི་རྣམ་བཤད་བཏུས་བསྒྲིཊ་འདི་དཔར་འགྲེམས་བྱས་པ།


ཐུན་ཏེ་གསར་འགྱུར།2024.11.11


ལི་ཀུའོ་ཧྲེང་གིས་རང་རྫོང་དུ་སློབ་གསོ་རིག་གནས་ཐད་མཛུབ་སྟོན་གནང་།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章