རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ།

文摘   2024-11-13 16:35   青海  
རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཐེངས་ཉེར་གཅིག་པ་བསྡུས།
ཟླ11པའི་ཚེས12ཉིན་གྱི་སྔ་དྲོར། རྫོང་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཐེངས་ཉེར་གཅིག་པ་འཚོགས་ཤིང་། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་འཁོར70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གཏམ་བཤད་ཀྱི་དགོང་དོན་སློབ་སྦྱོང་བརྒྱུད་སྒྲོགས་བྱས་པ་མ་ཟད། རྫོང་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བདུན་པའི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་གྲོས་ཚོགས་ཀྱི་ཉིན་རེའི་གྲོས་རིམ་དང་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། མི་དོན་བསྐོ་འཇོག་གི་ལས་དོན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།  རྫོང་ཨུའི་རྒྱུན་ཨུའམ་རྫོང་མི་དམངས་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་བང་ཡིག་ཡེའེ་དང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་གཙོ་འབྲུག་ལོ་ཐར་གྲོས་ཚོགས་སྟེང་ཞུགས་ཤིང་། གྲོས་ཚོགས་ལ་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་རྫ་ལོའི་མགོ་འཛིན་གནང་།

གྲོས་ཚོགས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་མི་དམངས་འཐུས་མི་ཚོགས་པའི་ལས་ཁུངས་ཀྱི་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བའི་སྐོར་གྱི་བསམ་བློ་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་དང་བེད་སྤྱོད་བཏང་སྟེ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དེ་རང་རྫོང་དུ་ལག་བསྟར་བྱས་པའི་གསོན་ཉམས་ལྡན་པའི་ལག་ལེན་དང་ཉམས་མྱོང་རྩ་ཆེན་ཕྱོགས་བསྡོམས་དང་བེད་སྤྱོད་ཡག་པོ་བྱས་ནས།སྟོབས་ཤུགས་ཆེར་སྐྱེད་ཀྱིས་ཀྲུང་གོའི་རྣམ་པ་ཅན་གྱི་དེང་རབས་ཅན་དང་ཐུན་ཏེའི་ལེའུ་གསར་བ་རྩོམ་པར་ལམ་ལུགས་ཀྱི་འགན་སྲུང་སྲ་བརྟན་འདོན་སྤྲོད་བྱེད་དགོས་པ་དང་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་སྲུང་བྱེད་པའི་ཐད་བློ་དཀར་སེམས་དཀར་ཡིན་པ།  ཁྲིམས་ལྟར་འགན་འཁྲི་གཙང་སྒྲུབ་བྱས་ནས་ལྟ་སྐུལ་གྱི་ཕན་འབྲས་དངོས་རྒྱུན་མཐུད་ངང་ཆེ་རུ་གཏོང་བའི་ཐད་བྱས་རྗེས་མངོན་པར་བྱེད་དགོས་པ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ཏེ་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འགན་འཁྲི་ལག་བསྟར་བྱེད་པ། ལས་ཀའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་ཐད་ནན་པོ་དང་ཏན་ཏིག་ཡོང་བ་བྱེད་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གོང་བུ་གཅིག་ཏུ་སྒྲིལ་བའི་ཐད་མཉམ་ཤུགས་མཉམ་འདོན་བྱེད་དགོས་པར་བསྟན། 

གྲོས་ཚོགས་སྟེང་རྫོང་མི་དམངས་སྲིད་གཞུང་གི2024ལོའི་ཟླ1པོ་ནས་ཟླ10པའི་བར་གྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི་སྐོར་གྱི་སྙན་ཞུར་ཉན་ནས་གྲོས་ཞིབ་བྱས་ཏེ།རྫོང་མི་དམངས་སྲིད་གཞུང་གི2024ལོའི་ཟླ1པོ་ནས་ཟླ10པའི་བར་གྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི་སྐོར་གྱི་སྙན་ཞུ་ལ་ཆོག་མཆན་འགོད་རྒྱུའི་གཏན་འབེབས་གནང་བ་དང་རྫོང་མི་དམངས་སྲིད་གཞུང་གིས་བཏོན་པའི་སྔོན་རྩིས་ལེགས་སྒྲིག་འཆར་གཞིར་ཆོག་མཆན་བཀོད། རྫོང་མི་དམངས་སྲིད་གཞུང་གི2024ལོའི་ས་གནས་སྲིད་གཞུང་གི་བུན་འཛིན་མ་དངུལ་བགོ་བཤའ་བྱེད་པའི་སྐོར་གྱི་གྲོས་གཞི་དང2024ལོའི་རྫོང་རིམ་པའི་ས་གནས་སྲིད་གཞུང་གི་བུན་འཛིན་སྔོན་རྩིས་ལེགས་སྒྲིག་བྱ་རྒྱུའི་ཇུས་གཞིའི་འཆར་ཟིན་སྐོར་གྱི་གྲོས་གཞིར་ཉན་ནས་གྲོས་ཞིབ་གནང་བ་མ་ཟད། 2024ལོའི་ས་གནས་སྲིད་གཞུང་གི་བུན་འཛིན་མ་དངུལ་བགོ་བཤའ་རྒྱག་པའི་གྲོས་གཞི་དང2024ལོའི་རྫོང་རིམ་པའི་ས་གནས་སྲིད་གཞུང་གི་བུན་འཛིན་སྔོན་རྩིས་ལེགས་སྒྲིག་བྱེད་པའི་འཆར་གཞིར་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་གྲོས་ཆོད་ནང་བཞག་པ་དང་།2024ལོའི་སྲིད་གཞུང་གི་གསར་འཕར་བུན་འཛིན་མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་གཅིག་ས་ཡ་བཞི་འབུམ་ལྔ་ཁྲི་བརྒྱད་དེ་སྔོན་རྩིས་དོ་དམ་བྱེད་ཁོངས་སུ་བཅུག་ནས་རྫོང་གི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་འོས་འཚམ་བྱ་རྒྱུར་ཡིད་འཐད་བྱུང་བ་རེད།

ཚོགས་འདུའི་ཐོག་ད་དུང་ནུས་རྒྱུ་གཙང་མའི་ཐོན་ལས་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་ཚུལ་སྐོར་གྱི་རྫོང་མི་དམངས་སྲིད་གཞུང་གི་སྙན་ཞུ་དང་2024ལོའི་ཟླ་དང་པོ་ནས་དགུ་པའི་བར་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་དང་དེ་མིན་གཙོ་གནད་རྣམ་གྲངས་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ།2022ལོའི་ལོ་འཁོར་གྱི་རྫོང་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གི་རྩིས་བཤེར་ཞིབ་བཤེར་རྩད་ཆོད་ཀྱི་གནད་དོན་གཞན་དག་དག་ཐེར་བྱས་ཚུལ་སྐོར་གྱི་སྙན་ཞུ།བསྡོམས་རྩིས་ལས་དོན་སྤེལ་ཚུལ་གྱི་སྙན་ཞུའི་གྲོས་ཞིབ་བསམ་འཆར་སྒྲུབ་གཉེར་བྱས་ཚུལ་སྐོར་གྱི་སྙན་ཞུ། ཁོངས་གཏོགས་ཁུལ་གྱི་གད་སྙིགས་མེད་པར་གཏོང་བའི་ཆེད་དོན་འགུལ་སྐྱོད་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུའི་གྲོས་ཞིབ་བསམ་འཆར་སྒྲུབ་གཉེར་བྱས་ཚུལ་སྐོར་གྱི་སྙན་ཞུ། སྤྱི་ཚོགས་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྲུན་བྱས་ཚུལ་སྐོར་གྱི་སྙན་ཞུའི་གྲོས་ཞིབ་བསམ་འཆར་སྒྲུབ་གཉེར་བྱས་ཚུལ་སྐོར་གྱི་སྙན་ཞུ།རྫོང་མི་དམངས་ཁྲིམས་ཁང་གི་ལག་བསྟར་བྱ་བ་སྤེལ་བའི་གནས་ཚུལ་སྙན་ཞུའི་གྲོས་ཞིབ་བསམ་འཆར་སྒྲུབ་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན་ནས་གྲོས་ཞིབ་བྱས་པ་རེད།

གྲོས་ཚོགས་ཀྱིས་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འགན་སྒྲུབ་དོ་དམ་བྱེད་ཐབས་དང་རྫོང་དམངས་ཆེན་འཐུས་མིའི་འགན་སྒྲུབ་དོ་དམ་བྱེད་ཐབས་ལ་ཞིབ་བཤེར་བྱས་ནས་གྲོས་འཆམ་བྱུང་བ་མ་ཟད།བྱེད་ཐབས་འདི་གཉིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་འཐུས་མི། དེ་མིན་འབྲེལ་ཡོད་སྡེ་ཁག་གི་ལས་ཁུངས་དག་ལ་པར་འགྲེམས་བྱས་ནས་ལག་བསྟར་བྱེད་རྒྱུ་ཐག་བཅད།

རྫོང་དམངས་ཆེན་གཞུང་ལས་ཁང་དང་རྫོང་སྲིད་གཞུང་གཞུང་ལས་ཁང་།རྫོང་འཕེལ་རྒྱས་སྒྱུར་བཅོས་བཟོ་ལས་ཆ་འཕྲིན་ཅན་དང་ཚོང་དོན་ཅུའུ།རྫོང་ནོར་སྲིད་ཅུའུ།རྫོང་རྩིས་བཤེར་ཅུའུ།རྫོང་བསྡོམས་རྩིས་ཅུའུ།རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ།རྫོང་སྤྱི་བདེ་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་གཙོ་བོ་དང་ཞོལ་མ་ཞང་དམངས་ཆེན་ཀྲུའུ་ཞི་།རྐ་པ་སུམ་མདོ་གྲོང་རྡལ་དང་ཞོལ་མ་ཞང་གི་རོང་འབྲོག་དམངས་ཆེན་འཐུས་མི་གཉིས་བཅས་ཚོགས་འདུར་ཟུར་ཞུགས་བྱས།

སྔ་རབས་རྗེས་འཇུག


ཞི་ཅིན་ཕིང་གི་རྣམ་བཤད་བཏུས་བསྒྲིཊ་འདི་དཔར་འགྲེམས་བྱས་པ།


ཐུན་ཏེ་གསར་འགྱུར།2024.11.11


ལི་ཀུའོ་ཧྲེང་གིས་རང་རྫོང་དུ་སློབ་གསོ་རིག་གནས་ཐད་མཛུབ་སྟོན་གནང་།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章