རང་རྫོང་གིས་རྒྱུ་ནོར་དོ་དམ་འགན་འཁྲིའི་རྩིས་བཤེར་ཚོགས་འདུ་བསྡུས།

文摘   2024-10-28 18:29   青海  
རང་རྫོང་གིས་ཏང་སྲིད་མགོ་ཁྲིད་གཙོ་བོའི་འགན་ཡུན་གྱི་དཔལ་འབྱོར་འགན་འཁྲི་དང་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་འགན་འཁྲིའི་རྩིས་བཤེར་ཚོགས་འདུ་བསྡུས།
ཞིང་ཆེན་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དང་། ཞིང་ཆེན་རྩིས་བཤེར་ཐིང་གིས་བཀོད་སྒྲིག་ལྟར། ཟླ 10 པའི་ཚེས 24 ཉིན། རང་རྫོང་དུ་ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་གྱི་འགན་འཁྲི་དང་། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དང་གྲོང་གསེབ་དར་རྒྱས་གཏོང་བའི་རྩིས་བཤེར་ཚོགས་འདུ་བསྡུས་ཤིང་།ཞིང་ཆེན་རྩིས་བཤེར་ཐིན་གྱི་ཏང་ཙུའུ་ཡི་ཁོངས་མི་དང་། ཞིང་ཆེན་དཔལ་འབྱོར་འགན་འཁྲི་རྩིས་བཤེར་ལས་དོན་ཐིན་གྱི་མཉམ་འབྲེལ་གྲོས་ཚོགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དང་རྩིས་བཤེར་ཚན་ཆུང་གི་ཚན་གཙོ་ཅིན་ཧྲིན་ཀོས་དང་། ཞིང་ཆེན་རྩིས་བཤེར་ཐིན་ཞིང་ལས་གྲོང་གསེབ་རྩིས་བཤེར་ཁྲུའུ་ཡི་ཁྲུའུ་ཀྲང་ཀོ་ཡོན་ཀྲང་།ཁྲུའུ་ཀྲང་གཞོན་པ་ཡན་རུས། རྩིས་བཤེར་ཚན་ཆུང་གི་ཁོངས་མི་ཀྲེན་ལི་བེས། ལི་པེན། པོ་མེན་ཆི། ལི་ཁྲུན་ཁྲུན་བཅས་ཚོགས་འདུར་ཞུགས།

ཞིང་ཆེན་རྩིས་བཤེར་ཐིང་ཞིང་ལས་དང་གྲོང་གསེབ་རྩིས་བཤེར་ཁྲུའུ་ཡི་ཁྲུའུ་ཀྲང་ཀོ་ཡོན་ཀྲང་གིས་རྩིས་བཤེར་བརྡ་སྦྱོར་ཡི་གེ་དང་རྩིས་བཤེར་བྱ་བའི་ཚད་ལྡན་མིན་པ་བརྒྱད་ཀྱི་སྒྲིག་ཁྲིམས་ཁྱབ་བསྒྲགས་བྱས་པ་མ་ཟད། ཐེངས་འདིའི་རྩིས་བཤེར་གྱི་དམིགས་ཚད་དང་།ནང་དོན་དང་གཙོ་གནད་དོན་ཚན་ངོ་སྤྲོད་བྱས། རྫོང་དཔོན་དབང་ཕྱུག་དང་། རྫོང་ཨུའི་རྩ་འཛུགས་པུའུ་ཀྲང་ཝང་ཆིན་ཁྲིན་གཉིས་ཀྱིས་དེ་སྔའི་ཐུན་ཏེ་རྫོང་ཨུའི་ཧྲུའུ་ཅི་ཏིང་རུའེ་དབྱིས་ཀྱི་ཚབ་བྱས་ནས་དཔལ་འབྱོར་གྱི་འགན་འཁྲི་དང་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་གྱི་འགན་འཁྲི་བསྒྲུབས་ཚུལ་གསལ་བརྗོད་བྱས།

ཚན་གཙོ་ཅིན་ཧྲིན་ཀོས་ཡིས་གཏམ་བཤད་ཁྲོད་ནན་གྱིས་བསྟན་དོན། ཐེངས་འདིའི་རྩིས་བཤེར་ལས་དོན་ལེགས་པར་བསྒྲུབ་དགོས་ཤིང་། གཅིག་ནས་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་དགོས་པ་དང་། རྩིས་བཤེར་གྱི་དམིགས་ཡུལ་གསལ་པོར་འཛིན་དགོས། ཐེངས་འདིའི་རྩིས་བཤེར་ལས་དོན་ལ་ལྟ་སྟངས་ཡང་དག་བཟུང་ནས་བྱ་སྤྱོད་ཐད་རང་རྟོགས་དང་། ལས་ཀའི་ཐད་ཚད་ལྡན་ཡོང་བར་འགན་ལེན་དང་། རྩིས་བཤེར་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་དགོས་པ་དང་། གཉིས་ནས་ཁྲིམས་ལྟར་རྩིས་བཤེར་བྱ་རྒྱུ་མཐའ་འཁྱོངས་དང་། རྩིས་བཤེར་ཚན་ཆུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩིས་བཤེར་བཅའ་ཁྲིམས་དང་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་ལ་བརྩི་སྲུང་ནན་མོས་སྒོ་ནས་ཆེད་ལས་ཀྱི་རྣམ་འགྱུར་འཛིན་དགོས་ལ། ཐུན་ཏེ་རྫོང་གི་ཏང་སྲིད་མགོ་ཁྲིད་ལས་བྱེད་གཙོ་བོའི་དཔལ་འབྱོར་འགན་འཁྲི་དང་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དང་གྲོང་གསེབ་དར་རྒྱས་ཡོང་བར་ཞིབ་བཤེར་གཏིང་ཟབ་བྱས་ཏེ་ཕྱོགས་གང་ཅིའི་ཐད་ཀྱི་རྩིས་བཤེར་ལས་ཀའི་ཁྲོད་དུ་རྩིས་བཤེར་དང་མཐུན་སྦྱོར་ཡོང་བར་བྱེད་དགོས། གསུམ་ནས་རྩིས་བཤེར་ལས་ཀའི་ལས་ཆོད་ཆེ་རུ་གཏོང་དགོས་ཤིང་། ཆེད་བསྐོས་མི་སྣ་དམིགས་འཛུགས་ཀྱིས་རྩིས་བཤེར་ཚན་ཆུང་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། མཐུན་སྦྱོར་ཕྱོགས་ནས་བྱ་བ་ཚགས་དམ་པོར་བསྒྲུབས་ནས་རྩིས་བཤེར་བྱ་བའི་ཁྲོད་ཕྲད་པའི་གནད་དོན་དང་དཀའ་ངལ་ཐག་གཅོད་བྱས་ཏེ། རྩིས་བཤེར་བྱ་བ་བདེ་ལེགས་ངང་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། བཞི་ནས་རྩིས་བཤེར་དག་ཐེར་དང་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་མཐོང་ཆེན་བྱས་ཏེ་རྩིས་བཤེར་གྱི་དམིགས་ཡུལ་ནི་གནད་དོན་ཤེས་རྟོགས་དང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་ཐུག་ཡོད། རྩིས་བཤེར་ཐད་ཤེས་རྟོགས་བྱུང་བའི་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་ལག་བསྟར་བྱེད་ཐུབ་པའི་དག་ཐེར་གྱི་གྲོས་གཞི་འདོན་དགོས་པ་མ་ཟད། དག་ཐེར་ཡོ་བསྲང་དང་དོན་འཁྱོལ་བྱ་རྒྱུར་དེ་བས་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞེས་བསྟན།

དབང་ཕྱུག་གིས་ཀྲུང་གུང་ཐུན་ཏེ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ངོས་ནས་གཏམ་བཤད་བྱས་ཤིང་། ཁོས་བསྟན་དོན ཐེངས་འདིའི་རྩིས་བཤེར་ནི་ལྟ་སྐུལ་དཔྱད་ཞིབ་ཐེངས་གཅིག་ཡིན་པར་མ་ཟད། ཐུན་ཏེའི་གནད་དོན་ཤེས་རྟོགས་དང་།ཞན་ཆ་གསབ་པ་དང་ལས་ཀ་ལེགས་བཅོས་བྱེད་པར་རོགས་རམ་བྱེད་པའི་་གོ་སྐབས་གལ་ཆེན་ཞིག་ཡིན་པ་དང་། རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་འགན་ནུས་སྒྲུབ་པའི་ཕན་འབྲས་དང་སྡེ་ཚན་ཁག་གིས་ཁྲིམས་ལྟར་སྲིད་འཛིན་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་ནུས་ལ་ཕྱོགས་བསྡུས་གདེང་འཇོག་བྱ་རྒྱུ་དེ་ཡིན། ཐུན་ཏེ་རྫོང་གིས་ཐེངས་འདིའི་རྩིས་བཤེར་ལས་དོན་དེ་གོ་སྐབས་གསར་པར་བརྩིས་ནས་ཆབ་སྲིད་ཀྱི་འགན་འཁྲི་ཚད་མཐོན་པོས་འཁུར་བ་དང་། གཟབ་ནན་གྱིས་དག་ཐེར་ཡོ་བསྲང་བྱེད་པའི་རྣམ་འགྱུར་འཛིན་པ། དངོས་དོན་གཉེར་བ་བཅས་ཀྱི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་མིག་དཔེ་སྟོན་པ་དང་། དཔེ་སྟོན་བྱེད་པ། མདུན་དུ་སྐྱོད་པ་བཅས་ཀྱི་འབྲས་བུར་བརྟེན་ནས་འགན་འཁུར་ཕོད་པ་དང་།སྐྱོན་ཆ་རྩད་ཞིབ་དང་ཞན་ཆ་ཁ་གསབ་བྱས་ནས་དག་ཐེར་ཡོ་བསྲང་བྱེད་པར་དམ་འཛིན་ནན་མོས་སྒོ་ནས་ཐུན་ཏེའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གོང་རིམ་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་འགྲོ་བར་བྱ་དགོས་ཞེས་བསྟན།

ཐེངས་འདིའི་ཚོགས་འདུ་བརྒྱུད་ནས། ཚོགས་འདུར་ཞུགས་མཁན་གྱིས་རྩིས་བཤེར་ལས་དོན་གྱི་གཙོ་གནད་དང་ཁ་ཕྱོགས་ཐད་ལ་ངོས་ཟིན་གསལ་པོ་དང་ངོས་འཛིན་གཅིག་མཐུན་བྱུང་། རྫོང་སྡོད་རྫོང་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་དང་། ཞང་དང་གྲོང་རྡལ་ཁག་གི་ཏང་ཨུའི་ཧྲུའུ་ཅི།ཞང་དང་གྲོང་རྡལ་གྱི་གྲོང་གཙོ་དང་རྫོང་ཨུའི་པུའུ་ཨུ་སོ་སོ། རྫོང་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར། 2024.10.25


གཅེས་སེམས་སྐྱེད་མའི་ཆ་སྒྲིག་རོགས་སྐྱོར་བྱེད་སྒོ་སྤེལ།


ཐུན་ཏེ་རྫོང་གི་ཞིང་ཕྱུགས་ལས་འཕེལ་རྒྱས་ཐད་ཀྱི་མཆོང་སྐྱོད་གསར་པ།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章