གཏིང་ཟབ་སྒོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ།

文摘   2024-11-18 17:09   青海  
སློབ་སྦྱོང་རྒྱུན་རྣམ་ཅན་དང་གཏིང་ཟབ་སྒོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ།

ཟླ 11པའི་ཚེས 14 ཉིན།རང་རྫོང་གི་ཁའོ་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་ཆེད་དོན་ཞིབ་གླེང་འཛིན་གྲྭ་ཐེངས་དང་པོ་དང་། མི་རིགས་ཆོས་ལུགས་བྱེད་སྒོའི་ཆེད་དོན་ཞིབ་གླེང་འཛིན་གྲྭ་དེ་རྫོང་ཨུའི་ཏང་གི་སློབ་གྲྭའི་ནང་འཚོགས་ཤིང་།རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་རྒྱལ་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་འབྲེལ་སྐུལ་སློང་གི་གཏམ་བཤད།

བཀྲ་ཤིས་རྒྱལ་གྱིས་བསྟན་དོན།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བ་དང་། མི་རིགས་བསྐྱར་དར་ཡོང་བའི་བྱ་གཞག་རླབས་པོ་ཆེའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་ཡིན།གོམ་པ་རིམ་བགྲོད་གཏིང་ཟབ་དང་། རྒྱུན་མཐུད་ཟབ་སྤེལ། རིམ་པ་ཁག་གི་ཏང་ཡོན་དང་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་ལ།ཐུན་མོང་གི་ངོས་འཛིན་གཅིག་མཐུན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་སྒོ་ཀུན་ནས་ལག་བསྟར་བྱས་ཏེའཕེལ་རྒྱས་ཀྱི་རྣམ་པ་གསར་པར་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་བསམ་པ་གཅིག་མཐུན་ཡོང་བར་བྱ་དགོས་ཞེས་བསྟན།

བཀྲ་ཤིས་རྒྱལ་གྱིས་གསོ་སྦྱོང་ལ་ཞུགས་པའི་སློབ་མ་རྣམས་ལ། ཐེངས་འདིའི་གསོ་སྦྱོང་དེ་རང་ཉིད་ཀྱི་ཤེས་བྱའི་ནུས་པ་མཐོ་རུ་གཏོང་བ་དང་། རང་ཉིད་འཕེལ་རྒྱས་གཏོང་བའི་ཕན་ཡོད་གོ་སྐབས་ཤིག་ཏུ་བརྩིས་ནས་སློབ་སྦྱོང་གཏིང་ཟབ་དང་ངེས་ཤེས་ཟབ་མོའི་ཁྲོད་ཆབ་སྲིད་ནུས་པ་ཆེ་རུ་གཏོང་བ་དང་།བསམ་གཞིགས་བྱེད་ནུས་དང་ལག་ལེན་བྱེད་ནུས་གོང་མཐོར་གཏོང་བ།རང་འགུལ་ངང་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་ྱས་རྗེས་འབུལ་བའི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས། བསམ་བློ་དང་ལས་ཀ་གཅིག་གྱུར་གྱིསབྱ་བ་ནན་མོར་བསྒྲུབ་པའི་ཐད་ལ་གཅིག་བསྡུས་བྱས་ཏེ། འགན་འཁྲི་དེ་ལས་དོན་སྒྲུབ་ཕོད་པའི་ཐད་དུ་མཚོན་པ་བཅས་བྱེད་དགོས་པ་མ་ཟད།རང་ཉིད་ཀྱི་ནུས་པ་དེ་ལས་དོན་སྒྲུབ་པའི་ཐད་དུ་མངོན་པར་བྱེད་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་པོ་བྱེད་པའི་དངོས་སྒྲུབ་བྱེད་ཐབས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐུན་ཏེ་གསར་བའི་གསོན་ཉམས་ལྡན་པའི་ལག་ལེན་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

ཞང་དང་གྲོང་རྡལ་སོ་སོ་དང་།ལས་ཁུངས་དང་སྡེ་ཁག་སོ་སོའི་ཁའོ་རིམ་པའི་འགོ་ཁྲིད་ལས་བྱེད་པ 70 ལྷག་དང་དགོན་སྡོད་ལས་བྱེད་པ་བཅས་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་ཞུགས་ཡོད།

སྔ་རབས་རྗེས་འཇུག


ཞི་ཅིན་ཕིང་གིས་རིག་མཛོད་འདིའི་གླེང་སྟེཊ་ལ་ཤིས་འཕྲིན་སྤྲིངས།


ཐུན་ཏེ་གསར་འགྱུར། 2024.11.15


ཐུན་ཏེས་སློབ་རར་ཚན་རྩལ་ཁྱབ་གདལ་གཏོང་བའི་འཁྲབ་སྟོན་བྱེད་སྒོ་སྤེལ།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章