རང་རྫོང་གིས་སྨན་བཅོས་འགན་སྲུང་གི་གསོ་སྦྱོང་འཛིན་གྲྭ་བསྡུས།

文摘   2024-11-15 16:30   青海  
རང་རྫོང་གིས་སྨན་བཅོས་འགན་སྲུང་ནུས་པའི་བྱང་ཚད་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་བསྡུས
རྫོང་སྨན་བཅོས་འགན་སྲུང་ཅུའུ་ཡི་ལས་གཉེར་མི་སྣའི་ལས་ཀའི་ནུས་པ་སྔར་བས་མཐོ་རུ་གཏོང་བ་དང་། ཁྱོན་ཡོངས་ནས་སྨན་བཅོས་འགན་སྲུང་གི་ཞབས་ཞུའི་སྤུས་ཚད་ཞིབ་ཕྲ་ཅན་དང་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་བ། གཞི་རིམ་སྨན་བཅོས་འགན་སྲུང་ལས་སྒྲུབ་མི་སྣའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་དང་ལག་ལེན་བརྟན་པོར་བཏང་ནས་དམངས་ཕན་གྱི་སྨན་བཅོས་འགན་སྒྲུབ་ཞབས་ཞུའི་མ་ལག་ཤིག་འཛུགས་སྐྲུན་བྱེད་པར། ཟླ 11པའི་ཚེས10ནས་ཚེས13ཉིན་བར་ཏེ་ཉིན་བཞིའི་རིང་ལ་རང་རྫོང་གིས་སྨན་བཅོས་འགན་སྲུང་ནུས་པའི་བྱང་ཚད་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་བསྡུས།

གསོ་སྦྱོང་འཛིན་གྲྭས་མཚོ་ལྷོ་ཁུལ་སྨན་བཅོས་འགན་སྲུང་ཅུའུ་ཡི་ལས་སྒོའི་ཚན་ཁག་དང་སྨན་བཅོས་འགན་སྲུང་སྒྲུབ་གཉེར་ཞབས་ཞུ་ལྟེ་གནས་ཀྱི་དགེ་རྒན་གདན་འདྲེན་ཞུས་ནས་སློབ་ཁྲིད་བྱས་ཤིང་། གཙོ་བོ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྨན་བཅོས་འགན་སྲུང་གི་འབྲེལ་ཡོད་སྲིད་ཇུས་ལ་དམིགས་ནས་གསལ་འགྲེལ་དང་།བདེ་འཇགས་ཚད་ལྡན་གྱིས་མ་དངུལ་དངDRGརྨང་གཞིའི་ཤེས་བྱ་དང་འགྲོ་གྲོན་ཞིབ་བཤེར། སྨན་རྫས་ཚོང་ཁང་གི་མ་ལག་དང་ལྟ་སྐུལ་དོ་དམ་མ་ལག་བཅས་ཀྱི་ཕྱོགས་ནས་སློབ་ཁྲིད་བྱས་པ་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་བྱེད་སྒོའི་མཛུབ་སྟོན་ཟུང་འབྲེལ་བྱེད་སྟངས་ལ་བརྟེན་ནས་འགྲེལ་བཤད་གཏིང་ཟབ་བྱས་ཏེ་སློབ་མ་རྣམས་ལ་གོ་བསྐོན་བློ་འགུགས་ཀྱི་སློབ་ཁྲིད་ལེགས་པོ་ཞིག་བྱས།

ཉིན 4 རིང་གི་གཅིག་སྡུད་ཀྱིས་གསོ་སྦྱོང་བྱས་པ་བརྒྱུད། སྦྱོང་བརྡར་ནང་ཞུགས་མཁན་སློབ་མ་རྣམས་ཀྱིས་ཅུང་རྒྱུད་རིམ་ལྡན་པའི་སྒོ་ནས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སློབ་སྦྱོང་དང་། སྨན་བཅོས་འགན་སྲུང་ལམ་ལུགས་བསྒྱུར་བཅོས་ལ་རྒྱུས་ལོན་བྱེད་ཚད་ཇེ་ཟབ་ཏུ་བཏང་བ་དང་། འབྲེལ་ཡོད་སྨན་བཅོས་འགན་སྲུང་གི་ཆེད་ལས་ཤེས་བྱ་དང་ལས་གཉེར་ལག་རྩལ་གྱི་ངེས་ཤེས་མཐོར་འདེགས་སུ་བཏང་ནས་སྨན་བཅོས་འགན་སྲུང་ལས་དོན་ཐད་སྤུས་ཚད་མཐོ་བའི་གཞུང་ལུགས་དང་ཆེད་ལས་རྨང་གཞི་ལེགས་པོ་འདིང་བར་སྐུལ་འདེད་བཏང་།
གོམ་སྟབས་རྗེས་མར། རྫོང་སྨན་བཅོས་འགན་སྲུང་ཅུའུ་ཡིས་རྒྱུན་མཐུད་ངང་ནུས་ཤུགས་འདོན་པ་དང་། སྨན་བཅོས་འགན་སྲུང་གི་ལས་སྒོ་སྒྲུབ་རིམ་ཁྲོད་ཀྱི་ཐུན་མོང་རང་བཞིན་དང་རང་གཤིས་ཀྱི་གནད་དོན་ལ་དམིགས་ནས་གཞི་ཁྱོན་མི་འདྲ་བ་དང་རྣམ་པ་མི་འདྲ་བའི་ལས་སྒོའི་གསོ་སྐྱོང་དང་ཁྲིད་སྟོན་བྱས་ཏེ། གཞི་རིམ་སྨན་བཅོས་འགན་སྲུང་གི་ལས་སྒྲུབ་མི་སྣའི་ལས་ཀའི་ནུས་པ་དང་ཞིབ་ཕྲའི་དོ་དམ་ཆུ་ཚད་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། རྒྱ་ཆེའི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མི་སྣ་རྣམས་ལ་སྨན་བཅོས་འགན་སྲུང་གི་དྲོད་ཁོལ་མྱངས་སུ་འཇུག་རྒྱུ་རེད།

ཞང་དང་གྲོང་རྡལ་ཁག་གི་སྨན་བཅོས་འགན་སྲུང་ལས་གཉེར་མི་སྣ་དང་། རྫོང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་སྨན་བཅོས་འགན་སྒྲུབ་མི་སྣ། རྫོང་གི་གཏན་འབེབས་གཉིས་ཀྱི་སྨན་བཅོས་དང་སྨན་བཅོས་སྒྲིག་གཞིའི་འགན་འཁུར་བ་སོགས་ཁྱོན་བསྡོམས་མི 89 ཐེངས་འདིའི་གསོ་སྦྱོང་ལ་ཞུགས་ཡོད་པ་རེད།

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར།2024.11.13


རྫོང་ཨུའི་འཐབ་ཕྱོགས་པུའུ་ཡིས་བཟའ་བཏུང་ལས་སྒྲུབ་པར་འཚམས་འདྲི་བྱས།


རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章