ཡུལ་ཕྱིའི་ངལ་གསོ་ཁང་གིས་ངལ་རྩོལ་པ་རྣམས་ལ་སྟབས་བདེ་མང་པོ་བསྐྲུན།

文摘   2024-10-28 18:29   青海  

ཡུལ་ཕྱིའི་ལས་བཟོ་བའི་ངལ་གསོ་ཁང་གིས་ཡུལ་ཕྱིའི་ངལ་རྩོལ་པ་རྣམས་ལ་སྟབས་བདེ་མང་པོ་བསྐྲུན།

ཡུལ་ཕྱིའི་ངལ་རྩོལ་བ་རྣམས་ལ་ངལ་གསོ་ཁང་མཁོ་འདོན་བྱས་ནས་ཁོ་ཚོའི་ངལ་རྩོལ་སྐབས་སུ་བཟའ་བཏུང་ལ་རོལ་བཀའ་བ་དང་ངལ་གསོ་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཤིང་། རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མ་དངུལ་སྒོར་འབུམ་དགུ་ཁྲི་བརྒྱད་བཏང་ནས་ཡུལ་ཕྱིའི་ལས་བཟོ་བའི་ངལ་གསོ་ཁང16བསྐྲུན་ཞིང་། ཡུལ་ཕྱིའི་ངལ་རྩོལ་བ་རྣམས་ཀྱིས་བཟོ་ཚོགས་ཀྱི་ཁྱིམ་མི་རྣམས་ཀྱིས་མཁོ་འདོན་བྱས་པའི་སྟབས་བདེ་དངོས་སུ་ལོངས་སྤྱོད་ཐུབ་ཡོད་ལ།  བཟོ་ཚོགས་ཀྱིས་ངལ་གསོ་ཁང་དེ་གཅེས་སེམས་སྐྱེས་འབུལ་བྱེད་པ་དང་ལས་བཟོ་བར་འབྲེལ་གཏུག་བྱེད་པ། དྲང་ནུས་བརྒྱུད་སྤྲོད་བྱེད་པ་བཅས་ཀྱི་སྦྲེལ་ཟམ་ལྟ་བུར་བརྩིས་ཡོད་པ་རེད།  

ཟླ10པའི་ཚེས23ཉིན། གནམ་གཤིས་ཇེ་འཁྱག་ཏུ་སོང་བ་དང་བསྟུན་ནས་རྫོང་རྙིང་གི་རྫོང་རུ་ཐང་ཆེན་གྱི་ཡུལ་ཕྱིའི་ལས་བཟོ་བའི་ངལ་གསོ་ཁང་དུ་དྲོད་ལམ་ལམ་གྱི་རྣམ་པ་ཞིག་མངོན་ཡོད་ལ། ཁོར་སྲུང་ལས་སྒྲུབ་པས་བྲེལ་འཚུབ་ཀྱི་ལས་ཀའི་བར་གསེང་དུ་ཇ་ཕོར་བ་གང་བླངས་ནས་ངལ་གསོ་ཅུང་ཙམ་བསྟེན་བཞིན་ཡོད།

རྫོང་མཁར་རྙིང་བའི་རྫོང་རུ་ཐང་ཆེན་གྱི་ཡུལ་ཕྱིའི་ལས་བཟོ་བའི་ངལ་གསོ་ཁང་ནི་རང་རྫོང་གི་ལྟེ་གནས་སུ་གཏོགས་ཤིང་། གསར་འགོད་པས་ཡུལ་དངོས་སུ་མཐོང་བ་ལྟར་ན། ངལ་གསོ་ཁང་གི་ཉེ་འཁོར་དུ་མི་མང་བ་དང་ཁོར་སྲུང་ལས་སྒྲུབ་པ། ཕྱིར་ཚོང་མྱུར་སྐྱེལ་པ་སོགས་ཡུལ་ཕྱིའི་ངལ་རྩོལ་བ་རྣམས་གནས་འདི་རུ་འཛོམས་ནས་ངལ་གསོ་བྱེད་པ་ནི་གོམས་གཤིས་ལྟ་བུ་ཞིག་ཏུ་གྱུར་ཡོད་ལ། ཞབས་ཞུའི་ས་ཚིགས་འདིར་རྒྱུན་ཆད་མེད་པར་ངལ་གསོ་བར་ཡོང་མཁན་མང་པོ་མཐོང་ཐུབ།  

ཐུན་ཏེའི་མངགས་སྐྱེལ་ས་ཚིགས་ཀྱི་མགོ་གཙོ་འབྲུག་བརྩེ་རྒྱལ་གྱིས་བཤད་རྒྱུར། ངལ་གསོ་ཁང་འདིའི་ཕྱི་ནང་གི་སྒྲིག་ཆས་འཐུས་ཚང་ཞིང་ཁོར་ཡུག་གྲལ་དག་པས་ལས་ཀའི་ཁོམ་ལོང་བར་དུ་གནས་འདིར་ཡོང་ནས་ངལ་གསོས་ཏེ་ཇ་འཐུང་ཞོར་ལག་འཁྱེར་ཁ་པར་ལ་གློག་བསོག་ཆོག་པ་དང་། གནས་འདིར་ངལ་གསོ་ཅུང་ཙམ་བྱེད་ཐུབ་ཚེ་བཟའ་བཏུང་མངགས་སྐྱེལ་གྱི་ལས་ཀ་མང་བའི་སྐབས་སུ་རང་ཉིད་ལའང་སྟོབས་ཤུགས་ཤིག་སྣོན་རྒྱུ་འདུག་ཟེར།  

ཉིན་དེའི་སྔ་དྲོར། རྫོང་མཁར་རྙིང་པའི་རྫོང་རུ་ཐང་ཆེན་དུ་སྔ་དྲོའི་བྲེལ་འཚུབ་ཀྱི་ལས་ཀ་ཚར་མ་ཐག་པའི་ཁོར་སྲུང་ལས་སྒྲུབ་པ་ཕྱུག་འབུམ་རྒྱལ་ཡང་འདིར་ཡོང་ནས་ཅུང་ཙམ་ལ་ངལ་གསོ་བཞིན་འདུག

ཡུལ་ཕྱིའི་ལས་བཟོ་བའི་ངལ་གསོ་ཁང་འཛུགས་སྐྲུན་བྱ་རྒྱུ་ནི་མ་ལག་རང་བཞིན་ལྡན་པའི་དམངས་འཚོའི་བྱ་བ་གལ་ཆེན་ཞིག་ཡིན་པ་རེད། ཉེ་བའི་ལོ་འགའི་རིང་། རང་རྫོང་གིས་ཡུལ་ཕྱིའི་ངལ་རྩོལ་པར་བརྩེ་སེམས་བཅངས་ནས། ཡུལ་ཕྱིའི་ལས་བཟོ་བའི་ངལ་གསོ་ཁང་འཛུགས་སྐྲུན་བྱེད་པ་དང་དོ་དམ་བྱེད་པ། བཀོལ་སྤྱོད་བྱེད་པ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཁོར་སྲུང་ལས་སྒྲུབ་པ་དང་མྱུར་སྐྱེལ་པ། འགྲིམ་འགྲུལ་ཉེན་རྟོག་པ་སོགས་ཡུལ་ཕྱིའི་ངལ་རྩོལ་པར་ཁྲོམ་གཞུང་གི་ཁྱིམ་གཞིས་བསྐྲུན་ནས་ཡུལ་ཕྱིའི་ངལ་རྩོལ་པ་ངལ་དུབ་ཀྱིས་མནར་ཚེ་ངལ་གསོ་ཐུབ་པ་དང་སྐོམ་དུས་ཆུ་འཐུང་ཐུབ་པ། ཚ་བ་ཆེ་དུས་བསིལ་གྲིབ་འོག་སྡོད་ཐུབ་པ། གྲང་དུས་དྲོད་ལ་རོལ་ཐུབ་པ་བཅས་ལ་འགན་ལེན་བྱས་ཡོད། 

མིག་སྔའི་བར་ཐུན་ཏེ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མ་དངུལ་སྒོར་འབུམ་དགུ་ཁྲི་བརྒྱད་གྲབས་གསོག་བྱས་ནས་ཡུལ་ཕྱིའི་ངལ་རྩོལ་པ་འདུ་འཛོམས་ཆེ་ཁུལ་དུ་ཡུལ་ཕྱིའི་ལས་བཟོ་བའི་ངལ་གསོ་ཁང16བསྐྲུན་ཡོད་ལ། དེའི་ནང་དུ་ཞང་དང་གྲོང་རྡལ་གྱི་ཡུལ་ཕྱིའི་ལས་བཟོ་བའི་ངལ་གསོ་ཁང3ཡོད་པ་རེད།

རྫོང་སྤྱིའི་བཟོ་ཚོགས་ཀྱི་ལས་བྱེད་མི་སྣ་ཐིན་ཝུན་ཅེ་ཡིས་བཤད་རྒྱུར། མ་འོངས་པར་ཡུལ་ཕྱིའི་ལས་བཟོ་བའི་ངལ་གསོ་ཁང་འཛུགས་སྐྲུན་གྱི་རྒྱ་ཁྱོན་ཆེ་རུ་གཏོང་བ་དང་ཡུལ་ཕྱིའི་ལས་བཟོ་བའི་ངལ་གསོ་ཁང་གི་ནུས་པ་འདོན་སྤེལ་བྱེད་པ་དང་། དོ་དམ་དང་སྐྱེལ་འདྲེན། སྲུང་སྐྱོང་ཚད་ལྡན་དུ་གཏོང་བ་སོགས་ཀྱི་ཐད་མུ་མཐུད་ཤུགས་བསྣན་ཏེ་ངལ་གསོ་ཁང་ཆུང་ཆུང་འདི་དག་ལ་སྤྱོད་སྒོ་ཆེན་པོ་ཡོད་པ་དང་འཐབ་ཕྱོགས་དང་པོའི་ངལ་རྩོལ་པ་སྔར་ལས་མང་བ་ཞིག་གིས་བཟོ་ཚོགས་ཀྱིས་མཁོན་འདོན་བྱས་པའི་ཁྱི་གཞིས་ཆུང་ཆུང་འདིའི་དྲོ་སྐྱིད་དང་གཅེས་སྐྱོང་ལོངས་སུ་སྤྱོད་ཐུབ་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་གཅེས་སེམས་བརྒྱུད་སྤྲོད་དང་དྲང་ནུས་བརྒྱུད་སྤྲོད་ཐུབ་པ་བྱ་རྒྱུ་ཡིན་ཟེར།  

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར། 2024.10.25


གཅེས་སེམས་སྐྱེད་མའི་ཆ་སྒྲིག་རོགས་སྐྱོར་བྱེད་སྒོ་སྤེལ།


ཐུན་ཏེ་རྫོང་གི་ཞིང་ཕྱུགས་ལས་འཕེལ་རྒྱས་ཐད་ཀྱི་མཆོང་སྐྱོད་གསར་པ།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章