ཁྲག་སྨྱུག་གི་སྙན་ངག་ཆེད་བཀོད།

文摘   文化   2024-11-05 18:34   青海  
    ཆུ་དམར་རྩོམ་རིག             


                              ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

  


     















       ལྕགས་ལམ།    




             ཁྲག་སྨྱུག



སྐད་ཆ་སྔོན་པོ་དང་འདྲ་བའི་ལྕགས་ལམ་རིང་མོ།

རྟ་རྒན་ཞིག་གི་གོམ་འགྲོས་དང་འདྲ་བའི་འཁྱོར་འཁྱོར་པོ།



སོང་སོང་པའི་མཐའ་ལ།

ཤི་སྒུག་དང་འདྲ་བའི་མི་དག་ལ།

འཛུམ་མདངས་་ནི་ཇེ་མེད་ལ་སོང་།

ཤི་མདོག་ནི་ཇེ་དོད་ལ་སོང་།



         རྒྱ་མ།    




རྒྱ་མ་ནི་ལྗིད་ཚད་དང་བདེན་དཔང་ལྟ་བྱེད་ཀྱི་ལག་ཆ་ཞིག་ཡིན

རྒྱ་མ་སྣེ་མོ་གཅིག་ལ་ཁྱི་དང

རྒྱ་མ་སྣེ་མོ་གཅིག་ལ་མི་ཡིན

རྒྱ་མའི་ཚད་འཇོག་མཁན་ནི་མེ་ལོང་གས་ཆག་ཅིག་ཡིན



    ཐང་ག    




ལོ་ངོ་དུ་མ་ལ་བོར་སོང་བའི་ཐང་ག་དེ

བདག་པོ་མེད་པའི་ཐང་ག་དེ

བདག་པོ་མེད་པའི་སྒོ་ཁྱི་བཞིན

བདག་པོ་མེད་པའི་ནོར་ལུག་བཞིན

ཕྱོགས་ག་སར་ནས་གཞན་ལག་ཏུ་ཤོར


གཞན་ལག་ལ་ཤོར་དུས

ང་ཚོས་བདག་པོ་རང་ཉིད་ཡིན་པ་སེམས་སུ་གཞི་་ནས་ཤར


ཐང་ག་ནང་བཞིན

གངས་རི་དང་རྩྭ་ཐང

དེ་ཚོ་ལ་བདག་པོ་ཡོད་དམ

ནོར་ལུག་དང་གཙང་པོ་ལ་

བདག་པོ་ཡོད་དམ་ཟེར་ནས་འདྲི་མཁན་རེ་ཡོད་ན

དེ་ཚོ་ལ་བྱ་ནག་བཞིན་བཙོག་ལྟ་བྱེད་མཁན་སྐོར་ཞིག་ངང་ངམ་ཤུགས་ཀྱིས་ཐོན    


小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།



 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིགརྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




                

  ▼   གླུ་གཞས་འོས་སྦྱོར།              
点赞+转发

 ▼ 点击下面语音,播放歌













འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章