ཉི་མ་ལྟ་བུའི་ཁྱོད། ༼ཞར་བཀོད་གསུམ།༽ ཟིལ་སྙུག་སྲས།

文摘   文化   2024-01-18 20:20   青海  
    ཆུ་དམར་རྩོམ་རིག             


                              ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

  


     


 


 ཟིལ་སྙུག་སྲས་ཀྱི་སྙན་ངག་ཞར་བཀོད་གསུམ།  


    ཉི་མ་ལྟ་བུའི་ཁྱོད།  



             ཟིལ་སྙུག་སྲས།



ཆེས་ཉེ་ཤོས་ནི    བརྩེ་བ་མ་ཡིན་མོད

བར་ཐག་ཁོ་ནས  ང་དང་ཁྱོད་རང་བཀར་འདུག


རྒྱང་རིང་ནི་བས་མཐའ་དང་ལྷན་དུ

མངར་སྐྱུར་གྱི་ཁ་དོག་འབྲི་བས

རྒྱང་རིང་ནི་ཆེས་དྭངས་གཙང་ཡིན་ཅིང

རྒྱང་རིང་ནི་ཆེས་སྨོན་ཡུལ་གྱི་རྩྭ་ཐང་ཡིན


སྲོད་ལ་ཅེར་བའི་གཞོན་པ་དེ་དག

སྒེག་ཉམས་ཁོ་ནས་བསླུ་བས་མ་ཡིན་མོད 

བརྩེ་བའི་རྒྱ་མཚོ་ནང་དུའང

གྲུ་ཞིག་གཏོང་ན་བསམ་པས་ཡིན


  ལས་ཀྱི་དགུན་ཁ།  




འདི་རུ་བརྩེ་བ་གཏོང་སར་མི་འདུག་མོད

མི་རྣམས་བརྩེ་བའི་དོན་དུ་སྡུར་ཀྱིན་འདུག


ཁ་བ་འབབ་པའི་དགོང་མོ་རེ་རེ

ཁྱོད་ཀྱི་ལང་འཚོ་དང་སྐྲ་ལོ་ལ་གྲང་རླུང་ཕོག་པར་སྐྲག་ནས

ངས་ཁོ་ནས   སྙན་ངག་འབྲི་ཀྱིན་ཡོད

 


     དམར་པོ། LJ 



 

གྱོན་པའི་ཚུལ་དུ

སྤྲིན་དཀར་གྱི་འདབ་མ་མནབས་པའི་ཁྱོད་རང

ལྷོ་ཕྱོགས་ཀྱི་ཁྲུང་ཁྲུང་བཞིན   གང་ཞིག་ཏུ

བདག་གི་བརྩེ་བ་ལ་སྣུམ་མདངས་བྱུགས་པས


འདི་གར་འཚོ་བ་ལ་སྐྱོ་སྐྱོ་མ་གནང་དང

ངའི་ཁོ་ནས་ཁྱོད་ཀྱི་ཞེ་སེམས་གསོ་ཆོག 

      



小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།



 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིགརྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




                

  ▼   གླུ་གཞས་འོས་སྦྱོར།              
点赞+转发

 ▼ 点击下面语音,播放歌













འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章