ཕྱིར་དྲན་ཀློང་གི་ཨ་མྱེས་ལགས། རྫ་བཟའ་མ།

文摘   文化   2023-11-02 19:07   青海  


  ཆུ་དམར་རྩོམ་རིག             



ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

 









                         ཕྱིར་དྲན་ཀློང་གི་ཨ་མྱེས་ལགས།

                                         

                                              རྫ་བཟའ་མ།  ཡུལ་ཤུལ། 


     ཨ་མྱེས་ལགས་ནི་ཆོས་ལུགས་ལ་དག་དད་ཡོད་མཁན་ཞིག་གམ་ལས་དང་རྒྱུ་འབྲས་གཙུག་གཞིར་འཛིན་མཁན་ཞིག་ཡིན། དེ་བས་ང་ལའང་ཁོང་གི་གོམས་གཤིས་བཟང་པོ་ཞིག་ཆགས་ཡོད་པ་ནི་ལས་དཀའ་ཙག་ཙིག་གིས་བར་ནས་ཁ་འདོན་ཆགས་མེད་དུ་འདོན་རྒྱུ་དེ་ཡིན། ད་ལྟ་ངས་ཐར་མདོའི་དེབ་འདི་ཁ་ཕྱེ་ཡོང་དུས་ཨ་མྱེས་དང་འབྲེལ་བའི་གཏམ་རྒྱུད་དག་ཡིད་ལ་འཚང་ཁ་བརྒྱབ་ནས་དྲན་ཡོང་བར་མ་ཟད།  ཁོ་བོས་གཟུགས་པོའི་རིང་ཐུང་དང་།  ཚུགས་ཀ  གདོང་དབྱིབས།   གཤིས་ཀ།   སྐད་གདངས།    ཐ་ན་གོ་རིམ་དང་བཟོ་ལྟ་དེ་ཙམ་མེད་པའི་གོན་པ་གྱོན་སྟངས་ཚུན་ཆད་ཀྱང་ཡིད་ལ་གཅིག་གཅིག་གཉིས་གཉིས་བྱས་ནས་དྲན་ཡོང་།  ང་རང་ལོ་བརྒྱད་ལ་ཕྱིན་པའི་དགུན་ཁ་དེར། ཨ་མྱེས་ཆོས་མཇལ་དུ་བུད་སོང་། སྐབས་དེར་ངས་ཨ་མྱེས་ལགས་ཐག་རིང་ཐག་རིང་ཞིག་ལ་སོང་ཟིན་པར་འདོད། ངས་ཁྱིམ་མི་རྣམས་ལ་ཨ་མྱེ་ནམ་ཞིག་ལ་ཐོན་ཡོང་ཞེས་ཉིན་རེར་ཐེངས་མང་དྲི་བར་བྱེད། ཏག་ཏག་ཟླ་གཉིས་ལྷག་འགོར་བའི་རྗེས་ཁོ་རང་གཞི་ནས་སླེབས་སོང་སྟེ།  ང་ལ་གོས་ཆེན་སེར་པོས་གཡོགས་པའི་ཞྭ་མོ་ཞིག་ཉོས་འདུག  ང་རང་ཧ་ཅང་དགའ་སོང་། ཞྭ་མོ་དེའི་ཁ་མདོག་གིས་བག་ཆགས་ཆེན་པོ་ཞིག་བཞག  ངས་གསེར་ཞྭ་ཅེས་མིང་བཏགས་ནས་སྔས་འགྲམ་དུ་ཡོད་པའི་སྒམ་སྔོན་པོ་དེས་ནང་དུ་བཞགས།     སྐབས་རེར་ཕྱི་རུ་བླངས་ནས་གྱོན་ཏེ་ཁྱིམ་གྱི་ཀ་བའི་ཟུར་དུ་བཏགས་ཡོད་པའི་མེ་ལོང་གི་ངོས་ལ་ཐེངས་མང་ཅེར་མྱོང་བ་དྲན།  དེ་ནི་ང་རང་ཆེས་དགའ་བའི་ལེགས་སྐྱེས་ཐོག་མ་དེའང་ཡིན།   

      ངས་ཧ་ཅང་གཟབ་ནན་གྱིས་ཉན་མྱོང་པའི་ཨ་མྱེས་ལགས་ཀྱིས་གནའ་གཏམ་འགའ་དང་དེའི་ནང་ནས་རིགས་གནས་གསར་རྗེའི་སྐོར་ཉན་ན་ཧང་སང་འགྲོ་བ་ལས་མེད། ཨ་མྱེས་ང་རང་ལོ་བཅུ་ཁ་ལོན་དུས་ཞིག་ལ་ཕུ་བོ་དང་ངེད་གཉིས་ལ་བོད་ཡིག་ཁྲིད་མགོ་རྩོམ་སོང་། སྐབས་དེར་ངས་མཚན་མོས་གཉིད་ལབ་ཀྱིས་ངང་ནས་ཀྱང་ཀ་མད་སུམ་བཅུ་ནས་ཚེགས་བརྡར་བར་དུ་བཀླགས་པ་གྲངས་ལས་འདས། ཟླ་རེ་གཉིས་ཀྱི་འཚམས་སུ་བོད་ཡིག་གི་ཀློག་འདོན་ལ་འཕེལ་རྒྱས་བླ་མེད་ཅིག་ཐོབ་ཏེ། ཨ་མྱེས་དང་མཉམ་དུ་སྒྲུང་ཡིག་བཏོན་ནས་དབྱངས་འགུག་སྟངས་ལ་འཕྱ་རེས་བརྫོ་རེས་བྱེད་ཞོར། ཟིན་བྲིས་འདོན་སྐབས་ངས་ཨ་མྱེས་རྗེས་མི་ཆོད་པ་ཞིག་བྱེད་ནས་འདོན་འགྲོ།  ཨ་མྱེས་ང་ལ་བསྟོད་པ་གནམ་ལ་མི་ཤོང་བ་ཞིག་བྱས་ཡོང་། དེ་ནི་ངས་ཨ་མྱེས་ལ་སྤྲད་པའི་བློ་བུར་བའི་ལེགས་སྐྱེས་ཞིག་ཀྱང་ཡིན་ཟེར་ཆོག  སློབ་གྲྭའི་སློབ་མ་ཚོས་སྒོ་སམ་གྱིས་ངོས་ལ་བྲིས་ཡོད་པའི་ཤོ་ལོ་ཀའི་འདོན་སྟངས་དེ་དང་སློབ་ཁྲིད་ལ་ཧ་ཅང་གཟབ་ནན་གྱིས་ཉན་ཚུལ་ཕྱོགས་ངས་སྐྱིད་སྣང་རབ་ཅིག་ཤར་མྱོང་། དེ་དག་ངས་བརྙན་འཕྲིན་ནང་དང་། གྲངས་རིག་རྨང་གཞི་དཔེ་དེབ་ངོས་ནས་མཐོང་བ་ཡིན།  སྐབས་ཞིག་ངས་ཚགས་པར་ཁྱིམ་གྱིས་གྱང་ངོས་སུ་ལྷེན་ནས། ཐག་དེ་ཙམ་མི་རིང་སའི་རྐུབ་སྟེགས་ཞིག་གི་ཐོག་ཏུ་བསྡད་ནས་ཚགས་པར་ཐོག་གི་ཡིག་འབྲི་ཆུང་ཆུང་མ་དེ་དག་བཏོན་པ་ཡིན། ད་དུང་ཕོ་མོས་དབྱེ་བ་ཕྱེས་ནས་ང་དང་ནུ་མོ་གཉིས་སློབ་གྲྭར་མ་གཏོང་བ་དེས་ང་སེམས་པར་སྐྱོ་བ་ཞིག་ང་ལ་ཡོད་མ་མྱོང་། དེ་དག་རྟོགས་མཁན་ཨ་མྱེས་ལགས་མ་གཏོགས་མེད། ཕྱིས་སུ་ཨ་མྱེས་ལགས་ཀྱིས་ང་དང་ལྷན་དུ་ཨ་ཕ་དང་ཨ་མར་ལེ་འདའ་བྱེད། ཡང་འཚམས་རེར་ང་ལ་སེམས་གསོ་བྱེད་སྟངས་གཞན་འགའ་ཡོད།  གྲོང་ཁྱེར་གྱིས་འུར་ཟིང་དང་བྲེལ་འཚུབ། འགྲན་རྩོད་དང་ཕྲག་དོག  གཡོ་སྒྱུ་དང་བསླུ་བྲིད་སོགས་བྲལ་བའི་འབྲོག་ཐང་ལ་འཚོ་ན་མི་ལེགས་པ་མེད་ཟེར་ནས་ངའི་སེམས་གསོ་ཐབས་ཀྱིས་འབད་འབུངས་བྱེད། ཨ་མྱེས་དུས་རྒྱུན་ང་ལ་ཡ་རབས་གཤིས་བཟང་ཀུན་མཐུན་གྱིས་བུ་མོ་ཞིག་བྱ་དགོས་ཚུལ་དང་མི་ཚེའི་ཚེ་ནོམ་དུ་གྱུར་བའི་གདམས་པ་མང་བོ་རེ་རེ་དྲངས་ཏེ། ལྷད་མེད་དྭངས་གཙང་གིས་སྐུལ་མ་ཡང་ཡང་བྱེད།

      ཨ་མྱེས་ལགས་ལོ་བདུན་བཅུ་དོན་བརྒྱད་ཕྱིན་པའི་སོས་ཀ་ཞིག་ལ་འཇིག་རྟེན་གྱི་དཀར་ངོག་ནས་རྒལ་སོང་། དུས་དེ་ནས་བཟུང་ངས་དྲན་གདུང་གིས་ཚོར་རླབས་མཆེད་ཐེངས་རེ་ལ་མིག་ཆུ་རེ། མིག་ཆུ་དང་ཨ་མྱེས་བྱིན་པའི་བྱམས་བརྩེ་མུ་ཏིག་གི་རྡོག་པོ་ཟད་མཐའ་མེད་པའི་གདུང་སེམས། བདག་མེད་དབྱངས་གསལ་དང་ལྷན་དུ་བསྲེས་ནས་ལོངས་སུ་སྤྱོད་ཅིང་ཚིག་གི་ལྡུམ་རའི་ནང་དུ་ཡིད་ཁམས་གསོ་བ་ལས་ཐབས་ཟད། ཡུལ་ངོས་མཛེས་སྡུག་གི་ཡོ་ལང་ཇི་ལྟར་མངོན་རུང་། མཐོང་ཐབས་བྲལ་བའི་ཨ་མྱེས་ལགས་གི་ཚབ་ཏུ་ཡོང་བའི་དངོས་པོ་སྙིང་ཉེ་བ་ཞིག་འཇིག་རྟེན་འདི་ནས་ངས་མ་རྙེད། ཡིན་ཡང་ཨ་མྱེས་ལགས་ནི་ནམ་ཡང་ཁོ་མོས་སེམས་ཁུང་དུ་བཞུགས་ཡོད། ད་དུང་ངས་ཁྱིམ་གྱིས་མདུན་ཕྱོགས་ནས་ཐག་དེ་ཙམ་མི་རིང་སའི་སྒང་འབུར་དེ་ན་ལུག་འཚོ་ནས་སྡོད་སྐབས། ཨ་མྱེས་ལགས་དེ་རུ་ཡོང་ནས་ལག་པ་སྦོམ་པོས་ངའི་ལག་ཤུབས་གྱོན་པའི་ལག་ཆུང་ཕུར་ཕུར་བྱེད་པའི་རྣམ་པ་དེ་ཁ་སང་ཡིན་པར་སྙམ་པ་འདྲ་བའི་གསལ་ལེར་དྲན་ཡོང་འདུག  ཡལ་རྒྱུ་མེད་པའི་སྣང་བརྙན་དེ་དག་ང་ཡི་ཡིད་ངོ་ལ་ལམ་ལམ་དུ་འབབ་ཐེངས་རེ་ངས་སྙིང་ཉེ་བའི་ཨ་མྱེས་ཧ་ཅང་དྲན། སྒྲ་གདངས་དེ་ཙམ་མི་གསལ་པའི་ཨ་མྱེས་ལགས་ཀྱིས་ཐར་མདོ་འདོན་སྟངས་དེ་ཚོད་ཚོད་མེད་པ་དྲན་ཡོང་འདུག  དུས་ཆེན་རེ་ལ་བསྟུན་ནས་ངས་ཐར་མདོས་པོ་ཏི་འདི་འདོན་རྒྱུ་དེའང། ད་བར་ངས་ཨ་མྱེས་ལགས་ཆེས་མཐའ་འཇུག་གི་སྐྱེལ་མའམ་རྗེས་དྲན་བྱེད་སྟངས་ཞིག་ཏུ་གྱུར། གལ་ཏེ་དུས་ཚོད་ལ་ཕྱིར་ལྡོག་ཡོད་ན། ངས་ཨ་མྱེས་ལ་འཕྱ་རེས་དང་འཕྲོག་རེས་མི་བྱེད་པར། ཨ་མྱེས་ལགས་ཀྱི་སྒྲུང་གླུ་ལ་སེམས་པ་སྙེས་ན་འདོད། 

    

 རྫ་བཟའ་མ།

    རྫ་བཟའ་མ།  2002 ལོར་རྫ་སྟོད་རྫོང་སྨུག་གཞུང་ཡུལ་ཚོར་སྐྱེས། དངོས་མིང་ལ་དཀོན་མཆོག་དབང་མོ་ཞེས་འབོད། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲུམ་པའི་གོ་སྐབས་མ་ཐོབ་པའི་འབྲོག་མོ་དཀྱུས་མ་ཞིག་ཡིན།   ཡི་གེས་ཀློག་འདོན་རང་ཁྱིམ་ནས་བསླབས།  ཆུང་དུས་ནས་བོད་ཀྱི་སྲོལ་རྒྱུན་རིགས་གནས་དང་། གླིང་སྒྲུང་སོགས་དགའ་མོས་ཧ་ཅང་ཆེ།   ནམ་རྒྱུན་རྩོམ་རིགས་སྒྱུ་རྩལ་ལ་དུང་བ་དང་ཡིད་སྨོན་འཆོར་ཀྱིན་ཡོད།   དེའི་ཕྱིར་རྩོམ་རིགས་སྐོར་ལ་ནམ་རྒྱུན་རང་སྦྱོངས་བྱས་ཤིང།  རྒྱུན་ལྡན་ཁོ་མོས་བྲིས་ཟིན་པའི།   ༼  ནས་འབྲུ་སྔོན་མོའི༽    དུས་དེབ་ནང་ཁོད་པའི་ལྷུག་རྩོམ་ས་སྲོད་ཁྲོད་ཀྱི་གྱེས་ཕྱག  ད་དུང ༼  སྨུག་ཆུ ༽   དུས་དེབ་དང་། ཀན་ལྷོ་ཚགས་པར་བཅས་རྩོམ་ཆོས་འགའ་བཀོད་ཡོད། མུ་འཐུད་སེམས་ཤུགས་སྒྲིལ་ནས་མདུན་བསྐྱོད་གྱི་སྤོབས་པས་མདུན་གྱི་ཉི་འོད་ལ་སྙེགས་བཞིན་རྩོམ་རིག་གི་འཇིག་རྟེན་དུ་སླེབས་པར་འགྲུལ་བཞུད་བྱེད་ཀྱིན་ཡོད།

小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།



 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིགརྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




                

  ▼   གླུ་གཞས་འོས་སྦྱོར།              
点赞+转发

 ▼ 点击下面语音,播放歌













འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章