༄༅། ། སྒྲུབ་བརྒྱུད་པའི་ཁྲི་ལོའི་རྟེན་འབྲེལ།

文摘   文化   2023-11-13 21:50   青海  


  ཆུ་དམར་རྩོམ་རིག             



ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།


  




  

   ངའི་ཡིད་ཀྱི་ལྷ་མཆོག་ཐུགས་རྗེ་ཅན་གྱི་འཁྲུངས་སྐར་བསུ། 

  

          འབྲོང་ནག་བརྩོན་འགྲུས། ཡུལ་ཤུལ། 


རྒྱལ་ཀུན་སོར་རྟོགས་ཡེ་ཤེས་སྒྱུ་མའི་འཕྲུལ། ། 

རྒྱལ་བའི་སྲས་ཀྱི་རྣམ་པར་རོལ་བའི་མགོན། ། 

རྒྱལ་བ་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། ། 

རྒྱལ་བའི་དབང་པོ་ཁྱེད་ཀྱི་འཁྲུངས་སྐར་བསུ། ། 


རྟོགས་ལྡན་བླ་མའི་དྲུང་ནས་གདམས་ངག་ནོད། ། 

ཉམས་དགའ་དབེན་པའི་རི་ནས་སྒྲུབ་པ་མཛད། ། 

གྲུབ་པའི་དབང་ཕྱུག་སྒྲུབ་བརྒྱུད་སྤྲུལ་བའི་སྐུ། ། 

མཚུངས་བྲལ་འགྲོ་བའི་མགོན་པོར་སྙིང་ནས་གུས།།


ཏཻ་ལོ་པ་ནས་རིམ་བཞིན་བརྒྱུད་པའི་བཀའ། ། 

བཀའ་སྲོལ་མ་ཉམས་ཕྱག་རྒྱ་ཆེན་པོའི་བཀའ། ། 

བཀའ་གདམས་གཞུང་དང་འདྲེས་པའི་མན་ངག་བཀའ། ། 

བཀའ་བབས་གྲུབ་པའི་འཁོར་ལོ་ངའི་བླ་མ། །


རྒྱུ་དང་འབྱོར་བའི་དཔལ་ལ་མ་ཆགས་ཤིང་། ། 

མཚན་དང་སྙན་པའི་གྲགས་པ་མི་དགོས་པའི། ། 

འདི་སྣང་རླུང་ལ་བསྐུར་བའི་རྣལ་འབྱོར་པ། ། 

ཁྱེད་ནི་རྗེ་བཙུན་མི་ལ་གཉིས་པ་ཡིན། ། 


སུ་ཡིས་མཐོང་ན་མི་མཐུན་མེད་པ་ཡི། ། 

མཐོང་གྲོལ་འཛུམ་པའི་ཞལ་རས་ཡང་ཡང་དྲན།།

འདི་སྣང་ཚེ་ཡི་འཕེན་པ་རྫོགས་པའི་དུས། ། 

ཐུགས་རྗེས་ལམ་སྣ་སྟོན་ཅིག་དྲིན་པོ་ཆེ། ། 


མཚན་དཔེའི་སྐུ་ཡི་དཀྱིལ་འཁོར་ལྟ་ན་སྡུག། 

སྡེབ་ལེགས་སྙན་པའི་བཀའ་གསུང་དྲི་མ་མེད།། 

ཐུགས་རྗེའི་རོལ་བ་སྙོམས་པ་རྒྱལ་བའི་སྲས། ། 

བདག་གཞན་འགྲོ་བའི་མགོན་དུ་བཞུགས་སུ་གསོལ།། 


ཕྱི་ཡི་སྤྱོད་པ་ཞི་དུལ་བག་ཡོད་དང་། ། 

ནང་གི་རང་བཞིན་རིམ་གཉིས་རྣལ་འབྱོར་ལྡན། ། 

གསང་བའི་ཆོས་ཉིད་སྟོང་གསལ་འགགས་པ་མེད། ། 

སྐུ་ཚེ་ཡུན་དུ་བརྟན་པའི་འཁྲུངས་སྐར་བསུ།། 


གྲུབ་དབང་སྒྲུབ་བརྒྱུད་གོང་མའི་སྐུ་ཡི་ཕྲེང་། ། 

དཔའ་བོ་སྟག་ཤམ་ཅན་གྱི་ཁྲི་འཛིན་དུ།། 

སྐུ་ཚེ་མི་ཤིགས་རྡོ་རྗེའི་གཤིས་སུ་བརྟན། ། 

འཕྲིན་ལས་སྣང་བས་ས་གསུམ་ཁྱབ་གྱུར་ཅིག། 


དད་གསུམ་རླུང་གིས་ཡང་ཡང་བསྐུལ་བ་ཡི། ། 

བསྟོད་ཚིག་སྐྱེ་བ་ལྔ་བའི་སྒྲ་དབྱངས་འདི། ། 

མདོ་ཁམས་སྟོད་ཀྱི་སློབ་བུ་གྱི་ན་བ། ། 

དཀོན་མཆོག་རིག་འཛིན་ཆོས་ཀྱི་གྲགས་པས་ཕུལ། ། 


༢༠༢༣ལོའི་ཟླ་༡༡ཚེས་༡༣དགེ་བར་འབྲོང་ནག་བརྩོན་འགྲུས་སམ་ཀོན་མཆོག་རིག་འཛིན་ཆོས་གྲགས་ནས་གུས་ཕུལ། 


 






      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིགརྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




                

  ▼   གླུ་གཞས་འོས་སྦྱོར།              
点赞+转发

 ▼ 点击下面语音,播放歌












འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས།

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章