ན་གཞོན་སློབ་མའི་ལྷུག་རྩོམ་བདམས་བཀོད། ༼ ༣ ༽

文摘   文化   2024-11-14 16:53   青海  


  ཆུ་དམར་རྩོམ་རིག             



                                   ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

  



དཔལ་ལྷ། 























             ཅི་ཞིག་གི་ཆེད་དུ་སློབ་སྦྱོང་བྱེད།

                         
     སྐྱེ་བོ་གང་འདྲ་ཞིག་ཡིན་ནའང་རང་ཉིད་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ལམ་རྒྱུ་རྐྱེན་རེ་ཡོད་ལ།   མི་ལ་ལས་རང་གི་ཕུགས་བསམ་ཆེད་དུ་སློབ་སྦྱོང་བྱེད་པ་དང་།  མི་ལ་ལས་རང་གི་མ་འོངས་པའི་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་བསམ་པའི་ཆེད་དུ་ཡིན།  ང་རང་ཡང་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ཞིག་ཡོད་ལ།  དེ་ནི་མ་འོངས་པའི་ཕུགས་བསམ་དེ་ལེགས་འགྲུབ་བྱུང་བའི་ཆེད་དུ་སློབ་སྦྱོང་བྱེད་པ་ཡིན།   
     དྲིན་ཆེན་ཕ་མས་ང་ཚོ་སློབ་གྲྭའི་སྐྱེད་ཚལ་དུ་བསྐྱལ་བའི་རྒྱུ་རྐྱེན་གཙོ་བོ་ནི།   དྲིན་ཆེན་ཕ་མ་གཉིས་ཀྱིས་རང་གི་བུ་ཕྲུག་རྣམས་རང་ཉིད་མི་འདྲ་བའི་མི་ཞིག་དང་།  མ་འོངས་པའི་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་ཐུབ་པའི་ཆེད་དུ་ང་ཚོ་སློབ་གྲྭའི་སྐྱེད་ཚལ་དུ་བསྐྱལ་བ་དང་།  རང་ཉིད་ཀྱི་བུ་ཕྲུག་ཆེད་དུ་ང་ཚོ་སློབ་གྲྭའི་སྐྱེད་ཚལ་དུ་བསྐྱལ་པ་དང་།  རང་ཉིད་ཀྱི་བུ་ཕྲུག་ཆེད་དུ་ཉིན་མཚན་ལྟོས་མེད་ཀྱིས་དཀའ་ངལ་ཐམས་ཅད་སེལ་པ་རེད།  དེའི་རྐྱེན་གྱིས་ང་ཚོའི་ཕ་མས་རེ་བ་སྟོང་ཟད་དུ་གཏོང་མི་ཉན་པ་དང་།  རང་ཉིད་དང་ཕ་མའི་རེ་བ་ཆེད་དུ་སློབ་སྦྱོང་ལ་དཀའ་དཔྱད་འབད་བརྩོན་བྱེད་དགོས་པ་དང་།  བློ་རིག་བསྒྲིམས་ནས་སློབ་ཁྲིད་ཉན་པ་དང་།  དགེ་རྒན་གྱིས་བཀོད་སྒྲིག་བྱེད་པའི་ལས་བྱ་རྣམས་དུས་ཚོད་དབང་དུ་སྤད་དགོས་ལ།   རིག་པའི་ཤེས་བྱ་པ་དགེ་རྒན་རྣམས་ལ་འདྲི།  སློབ་ཁྲིད་བྱས་ཚར་བའི་སློབ་ཚན་རྣམས་བསྐྱར་སྦྱོང་ཡང་ཡང་དུ་བྱེད་དགོས་པ་རེད།  སྔོན་བྱུང་གི་མཁས་པ་ཞིག་གིས་“མི་ལ་བརྩོན་འགྲུས་ལྡན་གྱུར་ན།།   འཇིག་རྟེན་འདི་ན་དཀའ་བ་མེད།།”ཅེས་གསུངས་པ་ལྟར།  སློབ་སྦྱོང་གི་དཀའ་ཁག་ཐམས་ཅད་སྡུག་རུས་སྐྱེད་ནས་སེལ་ཐུབ་ན།  མི་འགྲུབ་པའི་བྱ་བ་ཅི་ཡང་མེད།   
     བདག་གི་ཕུགས་བསམ་ལེགས་འགྲུབ་བྱུང་རྒྱུ་དེ་ལས་སླ་མོ་ཞིག་མེད་པས།  ང་རང་ལེགས་བཤད་འདི་སེམས་སུ་རྡོ་བརྐོས་རི་མོ་ལྟར་བཟུང་ནས།   རང་ཉིད་ཀྱི་ཕུགས་བསམ་དང་ཕ་མའི་རེ་བ་ཆེད་དུ་སློབ་སྦྱོང་ལ་འབད་བརྩོན་བྱེད་རྒྱུ་ཡིན། 














མཁན་སྐྱབས་མཚོ་མོ།



















             

                 ངས་མཐོང་བའི་འཇིག་རྟེན།  

    དུས་ཀྱི་འཁོར་ལོ་བགྲོས་དང་བསྟུན་ནས་བདག་ཡང་སྔར་སོན་གྱི་བྱིས་པ་སྣབ་ལུག་ལས་རྒྱུད་སྟེ་སློབ་ཆེན་སློབ་མ་ཞིག་ཏུ་འགྱུར། ཡིན་ན་ཡང་རང་ཉིད་ནར་སོན་གྱི་རྒྱུད་རིམ་ཁྲོད་དུ་ང་ལ་བསམ་ཤེས་ཚོར་ལྡན་གྱི་བྱ་བ་མང་པོ་ཞིག་རྟོགས་དུ་བཅུག་བྱུང་ལ་དེ་དག་ནི་ང་དང་ངའི་འཇིག་རྟེན་ལས་རྟོགས་པས་གནས་ལུགས་ཆ་ཤས་ཙམ་ཡིན།།

     ངས་མཐོང་བའི་འཇིག་རྟེན་ཏེ།  ལང་ཚོའི་དཔལ་འབར་བའི་མི་རིགས་ཤིག་གི་རྒྱུད་འཛིན་མཐའ་དག   ཡང་ན་སྲིད་དོན་ལ་འགན་ཁུར་བའི་མི་རིགས་ཤིག་གི་སྣེ་ཁྲིད་པ། འཆི་བ་ངེས་པ་ལ་སྒུག་པའི་ཆོས་དང་ཡང་ན་གྲུབ་མཐའ་ཆེན་མོ་ལ་བསྒོམ་བཞིན་པའི་སྐྱེས་བུ་དག

     མདོར་བསྡུས་ན་འདི་དག་ནི་རང་ཉིད་ཁོ་ན་ལ་འབད་བཞིན་པས་བྱ་བ་ཆུང་ངུ་དག་མ་རེད་འདོད།   སྐྱེས་པའི་མཐའ་མ་འཆི་ཞེས་པ་ནི་འཇིག་རྟེན་འདིའི་ཆོས་ཉིད་ཡིན་པ་རྟོགས་ཏེ།   ལས་དང་རྒྱུ་འབྲས་ལ་བརྩི་སྲུང་བྱེད་རྒྱུ་དང་རྒྱུ་ནོར་ལ་མི་ཞེན་ཞིང་།  བློ་སེམས་བརྩེ་གཅིག་ཏུ་བྱམས་པའི་ཆོས་སེམས་ཅན་གྱི་མི་ཡ་རབས་ཅན་ཞིག་ཏུ་འགྱུར་རྒྱུ་ནི་ངས་མཐོང་བས་འཇིག་རྟེན་ལས་ཆེས་རྩ་དོན་དང་གནད་སུ་ཁེལ་བའི་དོན་དངོས་གལ་ཆེ་བ་དེ་ཡིན་ནོ།

       ངས་མཐོང་བའི་འཇིག་རྟེན་ལས། ཕྱི་རོལ་གྱི་གནས་སུ་དགའ་སྐྱོ་ཀྱི་གླིང་དུ་ཟུམ་པའི་ གང་ཟག་དག་ནི་འདྲ་མཉམ་གྱི་གནས་སུ་ཕབ་འདུག་ལ་དེ་ལས་རང་ཉིད་མི་ཇི་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་ནི་རང་ཉིད་ལ་རག་ལས་འདུག་པའོ།

         འདི་ནི་ངའི་མཐོང་བས་འཇིག་རྟེན་ལས་ཆ་ཤས་སུ་བརྗོད་པའི་གལ་ཆེ་གྱི་གནད་དོན་ཙམ་ཡིན་ནོ།















           



















             

               ན་གཞོན་ཞིག

     འདས་ཟིན་པའི་ལོ་ཟླ་ནང་ལ་ང་ཚོར་རྒྱུས་མེད་ཀྱི་དོན་དག་དང་མི་མང་པོ་ཞིག་འཕྲད་མྱོང་བས།དེ་དག་ལ་ལས་ང་ཚོ་ལ་བཟང་བྱེད་པ་དང་ལ་ལས་ང་ཚོ་ལ་ངན་བྱེད་པ་རེད།འོན་ཀྱང་།རྒྱ་ཡི་བརྙན་འཕྲིན་«དགུང་ཨ་སྔོན་གཏོར་བ»ཟེརབ་དེ་ལས“མི་ཞིག་ལ་མཚོན་ན་ནང་སེམས་སྟོབས་དང་ལྡན་པ་ཞིག་ཡིན་ན།ད་གཟོད་ནུས་སྟོབས་ལྡན་པའི་མི་འཇོན་ཐང་ཅན་ཞིག་ཟེར།”
     ལོ་གསུམ་གྱི་སྔོན་ལ།ན་གཞོན་ཞིག་ལག་ཏུ་བསྡུ་ལེན་བརྡ་ཐོ་དང་ཁྱིམ་ཐོ་བསྐྱར་པར་བཟུང་།རྒྱབ་ཏུ་དཔེ་ཁུག་ནག་པོ་གྲུ་བཞི་ཅན་ཞིག་ཁུར་ནས་མཐོ་འབྲིང་ཞེས་པའི་ལམ་གཞི་རྩ་ཆེན་དེའམ་འཇིགས་སྐྲག་ཆེ་བའི་མཐོ་རྒྱུགས་ཟེར་དེ་འཚོལ་དུ་བུད་སོང་། ན་གཞོན་དེ་སློབ་གྲྭ་སྒོ་ཁ་རུ་སླེབས་མ་ཐག་སེམས་སུ་སློབ་སྦྱོང་ཡག་པོ་ཞིག་བྱེད་དགོས་བསམ་ནས་མནལ་སྐྱེལ་བ་རེད། དེ་ནས་ཁོ་རང་སློབ་གྲྭ་ནང་དུ་འཛུལ་ནས་ཅུང་མ་འགོར་བར་འདུན་ཕྱོགས་ཀྱི་འཇིམ་རྐོས་དེ་ཡིས་ཧ་ལེ་རུ་བཅུག རྒྱུ་མཚན་འཇིམ་རྐོས་དེ་ནི་ཤེས་རབ་རལ་གྲི་རེད། བོད་ཀྱི་ཆོས་ལུགས་ལས་རལ་གྲི་དེ་ནི་ཤེས་རབ་ཀྱི་ལྷ་འཇམ་པའི་དབྱངས་ཀྱི་ལག་ཆ་རེད་ཟེར། དེ་ནས་ཁོ་རང་འགྲོ་བཞིན་འགྲོ་བཞིན་རང་ཉིད་ཀྱི་འཛིན་གྲྭ་ནང་དུ་ཐོན་ནས་ཆ་མེད་རྒྱུས་མེད་ཀྱི་སློབ་གྲོགས་རྣམས་འཚམས་འདྲི་ཞིག་བྱེད་ནས་སྡོད་ས་བཙའ་ནས་འཛིན་བདག་དགེ་རྒན་སྒུག་ནས་བསྡད། ཅུང་མ་འགོར་བར།གཟུགས་པོ་ཆེན་པོ་མིན་ཅིང་ཞལ་རས་སྤྱན་རས་གཟུགས་དང་མཚུངས་ལ་སྐད་སྒྲ་དྲི་མེད་ཀུན་ལྡན་དང་འདྲ་བའི་སྐྱེ་བུ་དམ་པ་ཞིག་ཐོན་ནས་ང་ཚོ་ལ་སློབ་གྲྭ་ཡི་སྒྲིག་ལམ་ཡོད་ཚད་གསུངས། དེ་དུས་ང་རང་ཡིད་མ་ཆེས་པར་ན་གཞོན་དེ་ལ་རྒྱག་ཏུ་བཅུག ན་གཞོན་དེ་ཡིས་ང་ལ་དགེ་རྒན་ངོ་མ་རེད་ཁྱོད་ཅི་རེད་ཐལ་ཟེར། ངས་ཁོ་ལ་འདི་འདྲ་དགེ་རྒན་ཕར་ལྟས་ཚོད་ཕུལ་དུ་བྱུང་བ་ཞིག་ཡིན་པར་འདྲ་བ་ད་ལྟ་ཧ་ཅང་དཀོན་ཟེར། ཁོའི་དེ་དངོས་པོ་རེད་ཟེར།
      ལོ་གཉིས་འགོར་རྗེས། ན་གཞོན་དེའི་སློབ་སྦྱོང་ལ་སྐྱོང་བའི་རྣམ་འགྱུར་དང་དཀའ་ངལ་ལ་མི་སྐྲག་པའི་སྤོབས་པ་དང་སྙིང་སྟོབས་དེས་དགེ་རྒན་དང་སློབ་གྲོགས་ཡངས་ལ་ཧ་ལེ་རུ་བཅུག་ཡོད། ན་གཞོན་དེ་ཞོགས་སྔ་ལོངས་བྱེད་པའི་དོན་དག་དེ་ང་རང་གིས་བལྟས་ན་ཁོ་རང་གཉིད་མ་བགོ་པ་ཨུ་ཡིན་ནམ་བསམ། སློབ་ཐུན་སྐབས་ངས་ཁོ་རང་ལ་སྤུན་གྲོགས་ཁྱོད་རང་ནངས་སྔ་མོ་ཡར་ལོངས་ན་དགེ་རྒན་སློབ་ཁྲིད་བྱེད་པའི་སྐབས་ཐང་མི་ཆད་ཁུ་ནས། ཁོས་ང་ལ་གོམས་གཤིས་སུ་འགྱུར་འདུག་ཟེར། ང་རང་གིས་ཁོ་ལ་ཡིད་སྨོན་ཧ་ལེ་པ་སྐྱེས་བྱུང་། ད་དུང་ཁོ་རང་གིས་ཡིད་སེམས་བརྟན་པོ་དང་ཅི་བསམ་ན་སྒྲུབ་ཕོད་པའི་གཤིས་ཀ་དེ་ཡིས་ང་ཚོ་ལ་ཀུན་སློང་བྱེད་ཀྱེན་འདུག  རྗེ་ཙོང་ཁ་པའི་“ཨ་མས་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད”གསུངས་བར་ལྟར་ཁ་རང་གིས་ཧུར་བརྩོན་ལྷད་མེད་རྒྱབ་ལ་ཁུར་ནས་རྒྱ་མཚོ་གཏིང་ལས་ཟབ་པའི་བློ་སེམས་ཡོད་ཚད་ཁྱེར་ནས་མཐོ་རྒྱུགས་ཞེས་པའི་མི་ཚེ་ཡི་ལམ་ཀྱོག་དེ་རྙེད་ནས་ཁོ་དང་མཉམ་དུ་འཐབ་པ་ན་ན་གཞོན་དེ་ཕམ་སོང་། 
       “གཏམ་དང་རལ་གྲི་གཉིས་པོ་འདི།། རྩེ་ནས་མི་འཆིང་ཡུ་ནས་འཆིང་།།”ཞེས་པར་ལྟར་ཧུར་བརྩོན་ལྷད་མེད་བྱེད་ན་གྲུབ་འབྲས་ཡག་པོ་ལོན་པར་མི་ཤེས་ནའང་། གལ་སྲིད་འབད་པ་མ་བྱེད་ན་གྲུབ་འབྲས་ཐོབ་མི་སྲིད་དོ། 














                          

小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།


 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིག་རྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




                

  ▼   གླུ་གཞས་འོས་སྦྱོར།              
点赞+转发

 ▼ 点击下面语音,播放歌





འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章