སྨྱུག་གུའི་སྙན་ངག་ཁག་གསུམ།

文摘   文化   2024-03-16 20:20   青海  


  ཆུ་དམར་རྩོམ་རིག             



ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

  


        

     

 


                  འབྲོག་མོ་ལགས། 


                                   སྨྱུག་གུ 



རྫ་ཁྲ་ཡག་འདེབ་ནས་རྐང་ལག་རྒྱས།།

སྐྱིད་མེ་ཏོག་ཚལ་ནས་ལང་ཚོ་སྨན།།

ས་མཐོ་སྒང་ཡུལ་ནས་ངུ་སྐད་ཐོས།།

ཡུལ་འབྲོག་མོའི་སྐྱེས་ས་དེ་འདྲ་རེད།།


སྦྲ་ནག་ནག་ནང་ནས་ཉོམ་ལག་རྒྱས།།

ལྷས་དཀར་ནག་མཚམས་ནས་ལང་ཚོ་སྨན།།

ཟས་ཤ་མར་གཉིས་ཀྱིས་འཚོ་བ་རོལ།།

ཡུལ་འབྲོག་མོའི་གཟི་བརྗིད་དེ་འདྲ་རེད།།


རོགས་ཆུང་ལོས་གམ་ནས་སྙིང་གཏམ་བཤད་།།

དྲིན་ཕ་མའི་བཙན་དབང་གནས་སྒོར་སྙེག།

ལས་དྲན་གདུང་བར་ནས་མི་ཚེ་ཟད།།

སྤྱི་འབྲོག་མོའི་སྐྱིད་སྡུག་དེ་ཙམ་རེད།།


ལ་ཁྲ་ཁྲ་བར་ནས་རྫི་གླུ་བླངས།།

ན་དམར་དམར་གཞུང་ནས་རྩེད་རྡོ་བསྒྲིགས།།

ལྭ་ནག་ནག་གྱོན་ནས་ཕྱུག་རྗེས་སྙེག།

འབྲོག་གཞོན་མའི་རིགས་རུས་དེ་ཙམ་རེད།།


ངག་འཇམ་ཤའི་བར་ནས་སྐད་ཆ་བཤད།།

ལུས་རྣམ་འགྱུར་བར་ནས་ལྡེམ་སེ་ལྡེམ།།

མིག་ཟུར་གདའ་འཐེན་གཞིན་རི་ལ་འགྲོགས།།

སྤྱི་འབྲོག་མའི་གཤིས་ཀ་དེ་ཙམ་རེད།།


སེམས་རྟག་བརྟེན་དཀར་འཛོང་བྲག་འདྲ་ལ།།

དུས་ནམ་ཡང་ཆར་རླུང་མི་འཚུབ་པར།།

འཛུམ་ལྷང་ངེས་འབྲོག་པའི་ཡུལ་ལ་ཡོད།།

མཛེས་མེ་ཏོག་འབྲོག་པའི་མོ་གཞོན་རེད།།


སྙིང་བརྩེ་བའི་ཤ་དམར་གསེར་ལས་ལྷགས།།

རྒས་གཞོན་བྱམས་ཕ་མའི་དྲན་བརྟན་ལ།།

ཡུལ་མི་ཁ་ཆོད་པའི་ཚུགས་ཀར་གནས།།

སྤྱི་འབྲོག་མོའི་འཇིག་རྟེན་དེ་ཙམ་རེད།།


སེམས་འགྱུར་མེད་དད་པ་དུང་ལས་དཀར།།

ཁ་གཡེང་མེད་འབྲུ་དྲུག་འདྲེན་གཞིན་དུ།།

མིག་ཀུན་ལས་མཐུན་པའི་ཚུགས་ཀ་ལ།།

ཡིད་མཐུན་པའི་འབྲོག་པའི་མོ་གཞོན་རེད།།


ལས་ཅི་རིག་སེམས་ཀྱི་མི་བཙལ་ཞིང་།།

གཏམ་ངོ་གཉིས་རོགས་ལ་མི་བཤད་པའི།།

ཡིད་དམ་བཅའ་འཆི་ཡང་མི་འགྱུར་པ།།

སྤྱི་འབྲོག་མོ་དམ་བཅའ་དེ་ཙམ་རེད།།


ས་གླིང་བཞི་གངས་ཅན་ཡུལ་ལྗོངས་རུ།།

གཏམ་སྙན་གྲགས་ཟེར་ནོ་དོན་མེད་རུང་།།

སེམས་རྩེ་གཅིག་འབྲོག་མོའི་ཕྱུགས་སུ་གཞུར།།

ད་ལེན་གཅིག་འདྲིས་དང་སྙིང་ཉེ་མ།།


ཡུལ་སྟོད་སྨད་བུ་མོའི་གང་ཡོད་རུང་།།

གནས་སུ་རུག་བུ་མོའི་རང་སེམས་འཕྲོག།

གདོང་དམར་མདངས་ཆགས་པའི་འབྲོག་མོ་ལགས།།

ཚེ་འདི་ཡི་གཏན་གྲོགས་ཡོང་བར་སྨོན།།

 

           ཟླ་བ་ཚེ་རིང་དང་ཉི་མ་སྒྲོལ་མའི་ལས་དབང་། 


ས་སྐྱིད་པོ་དགེ་འབྲོང་ཕྱུག་མོ།།

ཆོས་མདོ་སྔགས་བསྟན་པ་དར་ས།།

ངག་སྙན་དབྱངས་འབྲུ་དྲུག་འདོན་ས།།

བུ་ཟླ་བའི་སྐྱེས་ས་སྐྱེ་ཡུལ།།

སྨན་ཉི་སྒྲོལ་སྨོན་ལམ་འདེབ་ས།།


གནས་ཕྱུག་མོ་རྫ་དགུ་ལུང་པ།།

གནས་བྱིན་ཆེན་ལྷ་མ་ནོར་ལྷ།།

ཡུལ་སྡེ་བའི་སྐོར་གནས་མཆོད་གནས།།

སྨན་ཉི་སྒྲོལ་ལང་ཚོ་སྨན་ཡུལ།།

བུ་ཟླ་བའི་བླ་ཡིད་འཁོར་ས།།


ཆུང་བརྩེ་རོགས་འུ་གཉིས་ལས་དབང་།།

བཤད་མི་ཤེས་གེ་སར་སྒྲུང་འདྲ།།

ཕ་ཞང་པོ་ཁ་དབང་བཙན་པོ།།

བཀའ་རལ་གྲི་འདྲ་ཞིང་ཕྱིར་ནས།།

རོགས་འུ་གཉིས་སོ་སོ་གཏང་སོང་།།


རྗེ་སྤྲུལ་སྐུ་ཆོས་དབྱངས་རིན་པོ།།

ངེས་གཉིས་ལ་སྤྱིན་གྱིས་གཟིགས་སམ།།

ལས་ཕྲ་བའི་རྣམ་ཤེས་འཁྱམས་པོ།།

ཕྱོགས་གང་ལ་སྐྱོད་འགྲོ་མི་ཤེས།།

རྗེ་བླ་མས་ཐུགས་རྗེ་གཟིགས་སམ།།


ཨ་ཤུ་རེ་འཇིག་རྟེན་འཁོར་བ།།

ལས་སྐྱིད་སྡུག་འདི་འདྲ་མང་བ།།

དེ་མ་ཚད་ན་རྒས་སྡུག་བསྔལ།།

རྗེ་བླ་མར་གསོལ་བ་ངས་འདེབ།།

ཆོས་མཐའ་ཕྱིན་ཡོང་གི་སྨོན་ལམ།།

 


               སྒྲོལ་དཀར་དང་དོན་འགྲུབ།



ས་སྐྱིད་པོ་ཁམས་པ་དགེ་རྒྱལ།།

ཆོས་མདོ་སྔགས་བསྟན་པ་དར་ས།།

བུ་དོན་འགྲུབ་སྐྱེས་ས་ཚར་ས།།

སྨན་སྒྲོལ་དཀར་སྨོན་ལམ་འདེབ་ས།།


ཐང་མཐའ་མེད་བྱ་སྡེ་ནག་ཆུ།།

རྗེ་སངས་རྒྱས་མང་པོ་གདན་ས།།

སྨན་སྒྲོལ་དཀར་ལང་ཚོ་སྨན་ས།།

བུ་དོག་འགྲུབ་ཡིད་སེམས་ལྷག་ས།།


ལྷ་བླ་མ་སྤྱིན་རས་གཟིགས་དབང་།།

མགོན་མཐུ་ཆེན་མི་ལ་རས་པ།།

ངེད་གཉིས་ལ་སྤྱིན་གྱི་གཟིགས་སམ།།

ལས་ལམ་འགྲོ་ཡོང་གི་སྨོན་ལམ།།


ཕ་ཨ་ཁུ་ཁ་དབང་བཙན་པོའི།།

བཀའ་གནམ་ལྕགས་འདྲ་ཞིང་གནང་ནས།།

ཁྱོད་འུ་གཉིས་ཁ་ཁར་གཏང་སོང་།།

ཨ་ཤུ་རེ་འཁོར་བའི་འཇིགས་སྣང་།།


ལས་ཡོད་མེད་ཙམ་གྱིས་ཕོ་མོ།།

སྡུག་འདི་འདྲའི་འཆར་ཁུ་མ་འཇུག།

སེམས་སྲ་མེད་གཅིག་གི་སྨོན་ལམ།།

འགྲུབ་ཡོད་མེད་ཤེས་པ་མེད་རུང་།།


སེམས་གཙང་མ་གཅིག་གི་འདེབ་པ།།

ལྷ་མཐུ་ཆེན་གེ་སར་རྒྱལ་པོ།།

མི་གྲུབ་ཆེན་བརྒྱད་ཅུ་གཙོ་བོ།།

དཔའ་དགྲ་ལྷ་ཡོང་གི་སློབ་དཔོན།།


ངེས་གཉིས་གི་གསོབ་བ་འདེབ་པ།།

མགོན་ཁྱོད་ཚོ་ཐུགས་རྗེའི་ལོས་གཟིགས།།

ལས་ལམ་འགྲོ་ཡོད་པའི་སྨོན་ལམ།།

རྩེ་གཅིག་གི་གསོལ་བ་གཏབ་ཡོད།།


 ༼ཆུ་དམར་མྱུ་གུའི་སྟོབས་ཚང་།༽     

༼མྱུ་གུའི་སྟོབས༽ཚང་གི་སྙན་ངག་སྤེལ་ཐེངས་ལེའུ།

ཆུ་དམར•མྱུ་གུ་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༣ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༤ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༥ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༦ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༧ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༨ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༩ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༠ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༡ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༢ ༽

ཆུ་དམར•མྱུ་གུའི་སྟོབསཚང་གི་སྙན་ངག་སྤེལ་ཐེངས། ༼༡༣༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༤༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༥༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡༦ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡༧ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༨༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༩༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢༠ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢༡ ༽


小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།


 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིག་རྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




      

  ▼   གླུ་གཞས་འོས་སྦྱོར།              
点赞+转发

 ▼ 点击下面语音,播放歌















འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章