ཁྱབ་བདག་པ་པདྨ་སྐལ་བཟང་བསྟོད་པ། ༼ ཡུལ་ཤུལ་དབྱངས་ཅན་སྲས་པོ། ༽

文摘   文化   2023-12-06 19:28   青海  
    ཆུ་དམར་རྩོམ་རིག             


                              ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

  


     



1

                   

     ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་བསྟོད་པར་དད་གསུམ་ཀུ་མུད་བཞད་པའི་ཟླ་ཟེར་ཞེས་བྱ་བ།

                           

                       ࿐དབྱངས་ཅན་སྲས་པོ།   ཡུལ་ཤུལ།   


བླང་དོར་མི་ཤེས་སྲིད་པའི་ཁང་ཆེན་ན།།

ཞི་བསིལ་ལུང་རྟོགས་གླེགས་བམ་ཞལ་ཕྱེས་ཏེ།།

བཤད་སྒྲུབ་སྣང་བ་ཕྱོགས་ཀྱི་མཁའ་ལ་བཀྲམ།།

བདེ་བཤེགས་བསྟན་པའི་ཁྱབ་བདག་ཁྱེད་ལ་གུས།།


བྱམས་བརྩེའི་གུར་ཀུམ་གེ་སར་གཞོན་ནུའི་སྤུན།།

མཁྱེན་པའི་པདྨ་ལྷུམ་བཞུགས་མཛད་པའི་ལྷ།།

སྐལ་བཟང་གདུལ་བྱའི་སྙིང་ལ་ཐུགས་རྗེའི་རླབས།།

བསྙེལ་མེད་འཇུག་པ་བསྟན་འཛིན་གཙུག་གི་ནོར།།


སྟོན་པ་རྒྱ་མཚོའི་བྱིན་རླབས་བདུད་རྩིའི་བཅུད།།

བླ་མེད་མན་ངག་རིན་ཆེན་དང་པོའི་ཁམས།།

ཅི་དགར་གནང་མཛད་འཕྲིན་ལས་མི་གཡེལ་བའི།།

འདྲེན་པ་ཁྱེད་ཀྱང་བདག་གི་བླ་མ་ཡིན།།


རིང་ནས་ཐོས་སོ་ཡོན་ཏན་རྒྱ་མཚོའི་གཏེར།།

ཤཱཀྱ་དགེ་སྦྱོང་ཐུབ་པའི་དཔལ་བསྣམས་ཁྱོད།།

དོན་དམ་དད་པའི་སྙིང་གའི་ག་འུ་ལ།།

རྟེན་པའི་གུས་ཚུགས་མིག་ཀོང་མཆི་མས་རྙེད།།


ལུང་རྟོགས་དྲི་བཟང་ངོམ་པའི་གཞལ་མེད་ཁང་།།

རི་དམ་ལུང་བ་ངུར་སྨྲིག་འཛིན་མའི་དཔལ།།

གཟུགས་འཛིན་མྱོས་པའི་བདུད་རྩིར་སྨིན་པ་ན།།

སྤྱན་སྟོང་ལྡན་པའི་ཞིང་ལ་བག་ཡོད་སྦྱིན།།


བླ་གོས་གསར་བ་སྨུག་སྤྲིན་མདངས་ཆགས་པ།།

ངེས་དོན་ལེགས་བཤད་ནོར་བུའི་ཨ་ལོ་ཀེ།།

མངོན་གསལ་དགུ་ཚུགས་མཛད་པའི་ཁྲི་འཕང་དུ།།

བདེ་ཆེན་ངལ་གསོ་སྨིན་པའི་སྐལ་བཟང་རྒྱས།།


ཞིང་འདིའི་བླ་མ་དོན་ཀུན་འགྲུབ་པ་དངོས།།

འདུ་བ་ཀུན་ཀྱང་སེམས་དཔའི་ཚོགས་ཆེན་ཏེ།།

ལུང་རྟོགས་བསྟན་པ་འགྲོ་བའི་རྒུད་གསོ་བ།།

པདྨའི་ཐང་ན་དགའ་ཚལ་བཞིན་དུ་རྒྱས།།


མྱ་ངམ་གྲོང་ནས་ཕར་ཕར་རིང་དུ་གྱེས། །

གདུལ་བྱའི་སླད་དུ་ཚུར་ཚུར་གམ་དུ་བཅར། །

འཁོར་འདས་ས་ལམ་ཐམས་ཅད་ཐུགས་སུ་འཆར། །

པདྨ་སྐལ་བཟང་བསྐལ་པའི་བར་དུ་མཆོད། །


རྣམ་རྟོག་འཛིན་མའི་རྡུལ་ཕྲན་རླུང་ལ་བསྐུར། །

རང་རིག་འོད་གསལ་བདེ་ཆེན་གར་བསྒྱུར་བའི། །

རྫོགས་ཆེན་བསྟན་པའི་གསལ་བྱེད་འགྲོ་བའི་མགོན། །

ཞབས་པད་གཡོ་མེད་རྟག་ཏུ་བརྟན་གྱུར་ཅིག །


ནུབ་མེད་ཕན་བདེའི་ཉི་གཞོན་དབྱིངས་སུ་འཚེར། །

བསླབ་གསུམ་ངུར་སྨྲིག་པད་ཚལ་འདབ་མ་དགོད། །

ཟད་མེད་ཆོས་རིག་སྦྲང་ཆར་འཇོ་བ་ཡིས། །

དུས་ཀྱི་ཉེར་འཚེའི་རྒུད་པ་སླར་ཡང་གསོས། །


སྟོབས་བཅུ་བློ་གྲོས་མི་ཟད་མཛོད་དུ་འཁྱིལ། །

ཟླ་ལྟར་མཛེས་པའི་གླིང་བཞིའི་ཁྱོན་དུ་བསྐོར། །

གངས་རིའི་ཡུལ་གྱི་སྙན་པ་མཐོ་བའི་དཔྱིད། །

འདྲེན་མཆོག་དཔལ་ལྡན་བླ་མའི་ཞབས་ལ་འདུད། །


ཅེས་པ་འདི་ནི་མགོན་པོ་གང་གི་གསེར་ཞལ་དངོས་སུ་མཇལ་ཞིང་གསུང་གི་བདུད་རྩི་བཏུང་བའི་སྐལ་བ་ཅན་གུས་པ་དབྱངས་ཅན་སྲས་པོ་རུ་འབོད་པས་སྤྱི་ལོ་༢༠༢༣ལོའི་བོད་ཟླ་༩བའི་ཚེས་༣༠ལ་མཇུག་གྲུབ་པར་དགྱིས་པའོ།



小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།



 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིགརྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




                

  ▼   གླུ་གཞས་འོས་སྦྱོར།              
点赞+转发

 ▼ 点击下面语音,播放歌













འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章