སྐྱ་རེངས་ལྷ་མོ། ༼ བསོད་སྟོབས། ༽

文摘   文化   2024-07-25 14:07   青海  


  ཆུ་དམར་རྩོམ་རིག             



                                   ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

  


ཆུ་དམར་མྱུ་གུ་སྟོབས།
















    



                        སྐྱ་རེངས་ལྷ་མོ།


                  བསོད་ནམས་སྟོབས། (ཆུ་དམར་ལེབ། )


       དུས་ཚོད་བརྒྱད་ཐོན་ལ་ཉེ་བ་ན།   ཉི་མ་མགོན་པོ་བྲེལ་ཚུབ་ངང་གླས་ཤག་ནས་ཕྱིར་བུད་དེ་ཟབ་སྦྱོང་འཛིན་གྲྭའི་ཡོད་སའི་ཕྱོགས་སུ་རྒྱུག སྐྱ་རེངས་ལྷ་མོ་ཡང་མཛེས་མཛེས་གང་ཡང་མ་བྱས་པར་ནང་ཇ་འཐུང་ཚར་རྗེས་ཐད་ཀར་ཟབ་སྦྱོང་འཛིན་གྲྭ་ལ་སོང་། 

       ཉིན་དག་གི་རིང་ལ་སློབ་སྦྱོང་གི་བྲེལ་ཚུབ་ཆེ་བས་ངེད་གཉིས་ཀྱི་ལུས་སེམས་གཉིས་ཀ་ཨ་ཐང་ཆད་ཡོད།  ཡིན་ཡང་། ལོ་རེ་བཞིན་ལས་སྣེ་ལ་རྒྱུགས་སྤྲོད་མཁན་ཇེ་མང་སོང་བའི་གནས་ཚུལ་ཡིད་ལ་དྲན་ཐེངས་རེ་རེ  དཀའ་ཚག་ཅི་འདྲ་ཆེའང་འབད་པ་མི་བྱེད་ཐབས་མེད་བྱུང་།   འཛིན་གྲྭ་འདི་རུ་མ་ཡོང་སྔོནངེད་གཉིས་ཕན་ཚུན་ལ་ངོ་མི་ཤེས།  གནས་འདིར་ཡོང་ནས་བཟུང་རིམ་གྱིས་ཕན་ཚུར་ལ་རྒྱུས་ལོན་གང་མང་བྱེད་མཐར་སྐད་འཕྲིན་ནང་འཇུག་བྱེད་པའི་ཐག་ཆོད། ཕ་ཡུལ་གཅིག་པའི་ན་གཞོན་ཕོ་མོ་ངེད་གཉིས་ལ་མཚོན་ན། ད་ལྟ་འདུན་དུ་ཡོད་པའི་དམིགས་ཡུལ་དང་འགན་ཁུར་གཙོ་བོ་ནི་གཞུང་ཞབས་པ་ཞིག་ལ་རྒྱུགས་འཕྲོད་རྒྱུ་དེ་ཡིན།  ཐོག་མར་ངེད་གཉིས་འཕྲད་པའི་སྐབས་སུ་ཕན་ཚུར་ལ་འཇོག་པའི་བག་ཆགས་ནི་ཤིན་ཏུ་རྒྱུས་མངའ་ཡོད་པའི་སྣང་བ་ཞིག་སྟེར། ཡིན་ཡང་དོན་དངོས་ནས་བཤད་ན་རིག་མ་མྱོང་།

        སྤྱིར་ཉེ་བའི་ལོ་འདི་དག་གི་རིང་དུགཞུང་ཞབས་པལྕགས་ཀྱི་ཕོར་བཟེར་བའི་མིང་ཞིག་བཏགས་ནས་སློབ་ཆེན་གྱི་སློབ་མ་མང་པོ་ཞིག་གིས་རང་གི་འཇོན་ཐང་དང་ཁྱད་ཆོས་གང་ལའང་འདང་མི་རྒྱག་པར་ཐད་ཀར་རྒྱུགས་སྤྲོད་པའི་རུ་ཁག་ལ་ཞུགས་ནས་འཚང་ཁ་རྒྱག་བཞིན་ཡོད།  ངེད་གཉིས་ཡང་དེ་བཞིན་ཡིན།  དེང་མ་ཉི་མ་མགོན་པོ་སློབ་ཆེན་སྐབས་ཀྱི་ཆེད་ལས་ནིདེང་རབས་རྩོམ་རིགཡིན།  ངའི་ཆེད་ལས་ནིཚོང་ལས་དོ་དམཡིན། མི་མང་པོ་ཞིག་ངེད་གཉིས་དང་འདྲ་བར་རང་གི་ཆེད་ལས་དང་འཇོན་ནུས། ཁྱད་ཆོས་སོགས་གང་ལ་དོ་སྣང་མི་བྱེད་པར་སྤྱི་རྒྱུགས་ཀྱི་ཕྱོགས་ལ་རི་བོང་ཅལ་འདྲོགས་བྱེད་པའི་སྣང་ཚུལ་ཞིག་ཆགས་འདུག

        ཉིན་དེའི་ཕྱི་དྲོ་ཉི་མ་མགོན་པོས་་ལ་བཤད་རྒྱུརད་ངེད་གཉིས་ཀྱིས་མིང་ཐོ་ནམ་བཀོད་ན་འགྲིག་རེད།ཅེས་བཤད་པ་ན། ངས་ཁོ་ལ་ཕྱིར་བཤད་རྒྱུརངས་ད་རུང་ཐག་ཅད་མེད།  ངའི་ཆེད་ལས་ཀྱི་ཁ་ཕྱོགས་ལ་མིང་ཐོ་འགོད་ས་འགའ་རེ་བདའ། འོན་ཀྱང་། དངོས་གཞི་དང་ཞིབ་འཇུག་གཉིས་ཀ་མིང་ཐོ་འགོད་ཆོག་ཁུ། དེ་བས་ངས་ཞིབ་འཇུག་ནང་ན་མི་ངར་བ་ཡོད་རེད་བསམ་ཁུ། ད་གནོན་ཤུགས་ཆེ་འདུགཅེས་བཤད་ནས་ཁ་རོག་བསྡད།  ནུབ་མོར་ངེད་གཉིས་རང་རང་གི་ཁྱིམ་ལ་སླེབས་རྗེས་སྐད་འཕྲིན་ལམ་ནས་མིང་ཐོ་འགོད་པའི་དུས་ཚོད་གཏན་ཁེལ་བྱེད།  ཕྱིར་ཉིན་ཡང་སྔར་བཞིན་ཟབ་སྦྱོང་སློབ་གྲྭ་ལ་ཞུགས།  

         ལོ་དེར་དབྱར་གོ་ཉི་མ་མགོན་པོས་གཞུང་ཞབས་པ་ལ་རྒྱུགས་འཕྲོད་སོང་།   ངས་རྒྱུགས་མ་འཕྲོད།    དེ་སྔོན་ངེད་གཉིས་ཟབ་སྦྱོང་འཛིན་གྲྭ་ན་ཡོད་དུས་ཉི་མ་མགོན་པོས་་ལ་དགའ་རོགས་སྒྲིག་འདོད་ཀྱི་གཏམ་ལན་གཅིག་བཤད་མྱོང་།    དེ་དུས་ངས་སློབ་སྦྱོང་ལ་བྲེལ་ཚུབ་ཆེ་བས་དུས་ཐོག་ཏུ་ལན་མ་འདེབས།    སྡོང་ལོ་ས་ལ་ལྷུང་ནས་སྟོན་རླུང་སིལ་སིལ་ལྡང་བའི་ཉིན་མོ་ཞིག་ལ། ངས་ཁྱིམ་ནས་ཁྲུས་བྱེད་པའི་སྐབས་སུ་མི་ཞིག་གིས་་ལ་སྐད་འཕྲིན་ཁ་པར་ཐེངས་འགའ་གཏོང་། སྐབས་དེ་རང་སྟབས་བདེ་མ་ཡིན་པསཐད་ཀར་ཉན་མ་ཐུབ།  ཁྲུས་བྱེད་ཚར་ནས་ཅུང་ཙམ་འགོར་བ་ན།   ས་ད་གཟོད་སྐད་འཕྲིན་ནང་ལ་བལྟས།   མ་གཞིར་ཉི་མ་མགོན་པོས་་ལ་ཁ་པར་གཏོང་བ་ཡིན་པ་མཐོང་།    ད་རུང་སྐད་གཅིག་འཇོག་ཡོད་པ་ཡང་མཐོང་།     སྐད་དེ་ཉན་པ་ནཁྱོད་ཁོམ་པ་ཡོད་ང་ལ་ཁ་བརྡ་ཞིག་བཤད་རོགསཟེར་འདུག  ངས་དེ་ནས་ཕྲལ་མར་ལེན་མ་འདེབས།  དགོང་མོ་ཉལ་རྗེས་ས་ཉི་མ་མགོན་པོ་ལ་ཁ་པར་གཏོང་།  ཉི་མ་མགོན་པོ་ང་ལ་བཤད་རྒྱུར།ཉེ་ལམ་ཁྱོད་བདེ་མོ་ཡིན་ནམ། དོན་དག་ག་རེ་བྱེད་ཁུ་ཡོད་དམ། ”ས་ཕྱིར་ལེན་འདེབས་རྒྱུར།བདེ་མོ་ཡིན།   ང་ཁ་རོགས་ཁྱིམ་ན་བསྡད་ཡོད། དེ་ན་ཁྱོད་བདེ་མོ་ཡིན་ནམ།   ཉེ་ལམ་ཅི་བྱེད་ཁུ་ཡོད།ཅེས་དྲིས། དེ་ནས་ངེད་གཉིས་ཉེ་ལམ་གྱི་འཚོ་བའི་དོན་དག་ཙག་ཙིག་རྣམ་ཕན་ཚུར་ལ་བརྗོད་རྗེས། བདེ་མོ་འཇོག་པའི་སྐབས་སུ་གློ་བུར་དུ་ཉི་མ་མགོན་པོསཅུང་ཙམ་སྒུག་ཅེས་བཤད། ངས་ཁྱོད་ལ་དོན་དག་ཞིག་བཤད་འདོད་ཅེས་བཤད།དེ་དུས་འི་སེམས་སུ་དོན་ཅི་ཞིག་ཡིན་ནམ་སྙམ་ནས་ཅི་ཡང་མ་དྲིས་པར་ཁོ་ལཁྱོས་བཤད།ཟེར་རྗེས་ཉན་ནས་བསྡད།    ཉི་མ་མགོན་པོའི་དོན་དེ་ཐད་ཀར་མ་བཤད་པར་བསྐོར་ནས་བཤད།སྔོན་མ་ངས་ཁྱོད་ལ་དོན་དག་ཟིག་བཤད་མྱོང་མོད། དེ་ད་ཁྱོད་ཀྱིས་འདང་རྒྱབ་པ་ཅི་འདྲ་རེདཅེས་དྲིས། དེ་དུས་འི་ཡིད་ལ་དོན་དག་ཅི་ཞིག་ཡིན་པ་གསལ་བོ་མ་ངེས།ཁོ་ལ་དོན་དག་གང་ཞིག་ཟེར་ནས་ཡང་ཡང་དྲིསཀྱང་། ཁོས་ལན་མ་འདེབས་པར་མ་བཟད།   ཁ་པར་རྒྱག་མཚམས་བྱེད་སོང་། 

       དགོང་མོར་དེར་ང་ཡུན་རིང་ཞིག་ལ་གཉིད་མ་ཟིན་པར། སེམས་སུ་དེ་རིང་ཉི་མ་མགོན་པོས་བཤད་པའི་དོན་དེ་ཅི་ཞིག་ཡིན་ནམ། དེ་ནས་ས་ངེད་གཉིས་བར་གྱི་དོན་དག་རྣམ་རེ་རེ་བཞིན་འདང་རྒྱབ་པ་ན།   ཐོག་མར་ཡིད་ལ་གསལ་བོ་མ་ཡོང་།  མཚམས་ཤིག་ལ་སླེབས་པ་ན་དེང་ཐོག་ངེད་གཉིས་ཟབ་སྦྱོང་འཛིན་གྲྭ་ན་ཡོད་དུས་ཉི་མ་མགོན་པོས་་ལ་དགའ་རོགས་སྒྲིག་འདོད་པའི་འདུན་པ་བཅོལ་མྱོང་བའི་དོན་དེ་ཡིད་ལ་ཤར། དེ་ནས་འི་སེམས་སུ་དོན་དེ་ཡིན་ནམ། ཡང་ན། དོན་དག་གཞན་ཞིག་ཡིན་ནམ།  གལ་ཏེ་དོན་དག་དེ་ཡིན་ན  ལན་ཇི་ལྟར་འདེབས་ན་འགྲིག་སྙམ་ནས།  ཡུན་རིང་ཞིག་ལ་བསམ་གཞིག་བྱས།  འི་སེམས་སུ་ད་ནི་སྔོན་ཆད་དང་མི་འདྲ་བར་ཉི་མ་མགོན་པོ་ནི་གཞུང་ཞབས་པ་ཞིག་ཡིན།  དོན་ངོ་མ་བཤད་ན་ལྕགས་ཕོར་རུ་ལག་ན་ཡོད་པའི་མི་ཞིག་རེད། འི་ཕ་མ་གཉིས་ཀྱིས་ཀྱང་  ་མི་བྱ་བ་ཅུང་ཙམ་བརྟན་འཇག་ཅན་ཞིག་གི་ཆུང་མ་བྱེད་ཐུབ་པའི་རེ་བ་ཡོད།  ཡིནཡང་།  ས་ད་བར་དུ་དེ་ལྟར་འདོད་མ་མྱོང་། ངས་བསམ་ན་ཕོ་མོ་གཉིས་གཉེན་སྒྲིག་བྱེད་དགོས་ན་ཕན་ཚུར་ལ་བརྩེ་དུང་ཡོད་དགོས་པ་གཞིར་བཞག་སྟེང་ནས་ཡིད་ཆེས་ངེས་པར་དུ་ཡོད་དགོས།  མི་ཚེའི་སྐྱ་ཡ་དང་གཉེན་སྒྲིག་བྱེད་ཡ་གང་ཡིན་རུང་དཔལ་འབྱོར་དཀྱིལ་དུ་བཞག་ནས་རིན་ཐང་གི་ལྟ་བ་འཛིན་ན་མང་ཤོས་ནོར་འཁྲུལ་གྱི་ཁོང་སུ་ཤོར་འགྲོ་བ་ཡང་ཤ་སྟག་རེད། སྐྱེས་ཕོ་མོ་སུ་ཞིག་ཡིན་རུང་།  ལྷག་བསམ། བརྩོན་འགྲུས། སྙིང་རུས། ཡིད་རྟོན།  དད་མོས་ཅན་ཞིག་ཡིན་ན་འཇིག་རྟེན་མཐུན་འཇུག་གི་ལས་ལ་ཞུགས་པའི་མི་ཚེའི་སྐྱ་ཡ་བྱེད་ཆོག་སྙམ།

        ད་རུང་མི་གཤིས་ཡག་པོ་ཞིག་ཡོད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་རེད།  སྤྱིར་ཉི་མ་མགོན་པོ་ལ་མཚོན་ན་མི་གཤིས་ཡག་པོ་ཡོད།  ངས་བསམ་ན་ངའི་སེམས་འགུག་ཐུབ་པའི་ཁོས་བཟང་ཆ་ཆེས་ཆེ་ཤོས་དེ་རེད།  ཕྱིར་འདང་ཞིག་རྒྱབ་ན་སྔོན་མ་ངེད་གཉིས་ཟབ་སྦྱོང་འཛིན་གྲྭ་ན་ཡོད་དུས་ཁོས་ངའི་སྟེང་ལ་མི་བཟང་རྒྱུ་མེད་མོད། དེ་དུས་ཁོས་ང་ལ་དགའ་འདོད་བཤད་ཀྱང་ངས་ཐད་ཀར་མི་འཐད་པའི་རྣམ་གྱུར་གང་མང་སྟོན་པས་ད་ལྟ་ངས་འཐད་པ་བྱུང་ན་ངོ་ཚ་མོ་ཞིག་ཡིན་ནམ།  མ་གཞིར་ཁོ་དོན་ངོ་མར་ང་ལ་དགའ་བ་ཡིན་ནམ།  ཡང་གལ་ཏེ། ང་འཐད་པ་བྱུང་ན་ཁོས་ང་ལ་གཅེས་སམ། དོན་ངོ་མ་མི་ཚེའི་སྐྱ་ཡ་འགྱུར་ཐུབ་བམ་སོགས་དོན་དག་མང་པོ་ཞིག་བསམ་བློ་བཏང་རྗེས། གློག་སད་ནས་ཉལ་གྲབ་བྱེད་དུས་ཉལ་ཁང་གི་སྒེའུ་ཁང་སྐྱ་སང་སེ་གྱུར་ནས་ནམ་ལངས་ཡོད་པ་ཤེས།  མ་གཞིར་་རང་ནམ་གང་བོར་གཞི་ནས་གཉིད་མེད་པ་ད་བཟོད་ཤེས་བྱུང་། 

         ཕྱི་དྲོ་་རང་ཕུ་བོ་དང་འགྲོགས་ནས་འབྲོག་ན་འགྲོ་དགོས།  དོན་ངོ་མ་བཤད་ན་ས་ཉིན་གང་བོར་ཉི་མ་མགོན་པོའི་འཕྲིན་ལ་སྒུག་པ་ཡིན།  ལམ་ལ་ཆས་རན་པའི་སྐབས་སུ་ཉི་མ་མགོན་པོས་་ལ་འཕྲིན་ཐུང་ཞིག་སྐུར་ཡོང་། འཕྲིན་ཐུང་ནང་དུཁྱོད་ངའི་མཛའ་མོ་བྱེད་པའི་འདུན་པ་ཡོད་ན་ང་ལ་ལེན་ཞིག་སྟེར་རོགས། དེ་མིན་ན་ངས་ཅི་ཡང་མ་བཤད་པར་ལྟ་བུ་བསྐྱུར་ཤོགཅེས་བྲིས་འདུག  འཕྲིན་ལ་བལྟས་རྗེས་ས་ཐད་ཀར་དུ་ལན་མ་འདེབས། ཅི་ཞིག་ལན་འདེབས་དགོས་པ་ཡང་གསལ་བོ་མ་ཤེས། དེ་ནས་འི་ཕུ་བོས་་ལ་འགྲོ་ཟེར་ནས་འབོད་འདུག 

        འབྲོག་ལ་ཐོན་ནས་ཉིན་ཁ་ཤས་ཀྱི་རྗེས་སུ་་ཕུ་བོ་ཆུང་བ་ཚབ་ཏུ་ལུག་རྫི་སོང་བ་ཡིན། ལུག་ལ་འགྲོ་བའི་ཉིན་གང་བོརས་འདང་མང་པོ་རྒྱབ། སེམས་སུ་གལ་ཏེ་་འཐད་པ་བྱེད་ན་མ་འོངས་པར་རྒྱུན་ཡག་པོ་ཞིག་སྐྱོང་ཐུབ་ངམ། ཡང་འཐད་པ་མ་བྱུང་ན་ཁོས་ང་ལ་བཟུང་བའི་བརྩེ་དུང་དག་མ་ཡིན་།   ཁོས་སེམས་ཕམ་འགྲོ་རེད། འདང་རྒྱབ་རྒྱབ་མཐའ་མ་འཐད་པ་བྱུང་རྒྱུ་ཐག་བཅད། དགོང་མོ་ཁྱིམ་ལ་སླེབས་རྗེས་ཁ་པར་གློག་གསོག་ནས་ནུབ་ཇ་འཐུང་། ཉལ་བའི་སྐབས་སུ་ཁ་པར་ཁུར་ཏེ་ཁ་པར་ལ་བལྟས་པ་ན་ད་བཟོད་བརྡ་རྟགས་ཆད་སོང་བ་ཤེས།  སེམས་སུ་བཤད་འདོད་པའི་གཏམ་གང་མང་ཡོད་ཀྱང་བཤད་ཐབས་མ་འགྲིག

        ཕྱིར་ཉིན་ཡང་ལུག་རྫི་ལ་སོང་བ་ཡིན། དེའི་ཉིན་ངའི་ཁ་པར་ཁུར་ནས་ལུག་རྫི་སོང་བ་ཡིན། ལུག་རི་ལ་ཐོན་དུས་དུས་ཚོད་བཅུ་དང་སྐར་མ་ཉི་ཤུ་ལྷག་རེད་འདུག དེ་ནས་ཅུང་ཙམ་འགོར་རྗེས་ད་བཟོད་བརྡ་རྟགས་ཡོང་བ་རེད། བརྡ་རྟགས་ཐོན་རྗེས་ས་ཐད་ཀར་ཉི་མ་མགོན་པོ་ལ་འབྲེལ་བ་བྱེད་པ་ཡིན།  ཉི་མ་མགོན་པོས་ང་ལ་འདྲི་རྒྱུརཁྱོད་ངོ་མ་ངའི་དགའ་རོགསབྱེད་རྒྱུ་འཐད་པ་ཡིན་ནམ། ”དེ་དུས་ས་ཅུང་ཙམ་ཐེ་ཚོམ་བྱེད་རྗེས། ཡིནཞེས་ལན་འདེབས། དུས་དེ་ནས་བཟུང་ཉི་མ་མགོན་པོ་ངེད་གཉིས་བརྩེ་དུང་གི་རྒྱ་མཚོ་རུ་དུས་ངེས་མེད་དུ་རྐྱལ།    

        ལོ་གཅིག་ལྷག་འགོར་རྗེས་་ཡང་གཞུང་ཞབས་པ་ལ་རྒྱུགས་འཕྲོད་སོང་། ཉིན་ཞིག་ཨ་མས་ངལ་བཤད་རྒྱུར།ཉི་མ་མགོན་པོ་ཁྱོད་མི་ཚེ་བསྐྱོད་ན་འགྲིག་རེད།  ང་ནི་རྒས་སོང་བས་ལོ་མངའུ་དུག་མི་འདུག་མི་ཤེས།  དེ་བས་ཁྱོད་ལ་སྐྱ་ཡ་ཞིག་ཡོད་ མ་འོངས་པའི་ཉིན་ཞིག་ང་ཤི་སོང་ན་ཡང་སེམས་བདེ་བབ་ཐུབ་པ་དང་ཁྱོད་ཡང་བཟའ་ཚང་ཞིག་ཡོད་ན་འགྲིག་རེད།ཅེས་བཤད། ནུབ་མོར་ང་ཉལ་རྗེས་དོན་དེ་འདང་ཞིག་རྒྱབ་པ་ན།  ངས་བསམ་ན་ཨ་མའི་གསུང་ནི་བདེན་པ་རེད།  ད་ནི་རང་ཉིད་ཕོ་ལོ་སུམ་ཅུ་སླེབས་ལ་ཉེས་འཁོར་བ་འཛིན་ནའང་འཛིན་ཐུབ་པའི་དུས་རེད།  ཁྱིམ་ཚང་གི་ཆ་རྐྱེན་ཡང་སྲིད་གཞུང་གི་རོགས་སྐྱོར་དང་རང་ཉིད་ཀྱིས་ལོ་དུ་མའི་རིང་ལ་འབད་པས་འོག་ད་ལྟ་ལེགས་པོ་ཡོང་ཡོད། ད་ངོ་མ་མི་ཚེ་བསྐྱོད་ན་འགྲིག་རེད།   ཡིན་ཡང་ངའི་སེམས་ནང་གི་མི་ཚེ་སྐྱ་ཡ་ནི་སྐྱ་རེངས་ལྷ་མོ་ཡིན་པས།  གལ་ཏེ་ངས་མོ་ལ་གཉེན་སློང་ན།  མོ་ངའི་ཆུང་མ་བྱེད་རྒྱུ་འཐད་པ་ཡིན་ནམ། འཐད་པ་ཡིན་ན་ཡག་པོ་རེད།  མིན་ན་ཅི་བྱེད་ན་འགྲིག་རེད། འདང་མང་པོ་ཞིག་རྒྱབ་རྒྱབ་རྗེས་སྐྱ་རེངསལྷམོ་ལ་ཁ་པར་གཏོང་བ་ཡིན། མགོ་ནས་ངས་མོ་ལ་ཐད་ཀར་བཤད་མ་ཕོད།  འཚོ་བའི་ཙག་ཙིག་གི་སྐོར་ནས་བཤད་བཤད་ནས་ཡུན་རིང་ཞིག་ལ་ཁ་བརྡ་བྱས། དེ་ནས་ངས་ཚིག་སྐོར་ནས་བཤད་དེ་མོ་ལད་ངས་ཁྱོད་ལ་དོན་དག་ཟིག་བཤད། ཁྱོད་ངས་ཆུང་མ་ལེན་འདོད་པས་ཉིན་ཁ་ཤས་ཀྱི་རྗེས་ནས་ང་ཁྱེད་ཚང་གནའ་མ་སློང་གི་ཡོང་། ”དེ་དུས་མོས་ཅུང་ཙམ་དོག་མི་བདེ་བའི་ངང་ནས་ཕྱིར་ང་ལཆོག་ཡག   ཁྱོད་ཐད་ཀར་ངའི་ཕ་རྒན་བཙལ་དུ་སོང་ན་འགྲིག་རེད།  ངའི་ཕ་རྒན་བློ་དྲི་དགོས་རེད། ངའི་མ་རྒན་གྱིས་ཁྱོད་ངོ་ཤེས་རེད། ཕལ་ཆེར་བློ་འབབ་རེད། ང་ཡིན་ན་ཁྱོད་དང་གཉེན་སྒྲིག་བྱེད་རྒྱུ་འཐད་པ་ཡིན་པར་མ་བཟད་དགའ་མོས་ཡོད།ཅེས་བཤད།   དེ་དུས་ངའི་སེམས་སུ་ད་འགྲིག་སོང་།  ལོ་དུ་མའི་རིང་མ་བརྩེ་དུང་འོ་མ་འདྲེས་པ་སྟེ་མཇུག་འབྲས་ཡག་པོ་ཟིག་ཡོང་སོང་སྙམ། དེ་ནས་ཅུང་ཙམ་འགོར་རྗེས་ཁ་པར་གཏོང་མཚམས་འཇོག་ནས་བདེ་མོ་འཇོག་པ་ཡིན།  

             ངའི་སེམས་སུ་དགའ་བ་ཚད་མེད་སྐྱེས།  ད་སྔ་གྲོགས་མོ་ཁ་ཤས་ཀྱི་བཤད་པའི་སྐྱེས་པ་ཐམ་ཅད་སེམས་བརྟན་པོ་མེད་ཟེར། ས་དེང་ཐོག་ཡིད་ཆེས་བྱས་པ་ཡིན། ཡིན་ཡང་། ད་དོན་དངོས་དེ་འདྲ་རེད་མི་འདུག  སྐྱེས་པ་ཚོ་ལ་བློ་གཏད་ནའང་ཆོག་འདུག་སྙམ།  

          ཕྱིར་ཉིན་ངས་ཞང་བོ་ཆེ་བ་དང་འབྲིང་བ་གཉིས་ཁྲིད་ནས་མོའི་ཁྱིམ་ལ་གཉེན་སློང་དུ་སོང་བ་ཡིན།  མོའི་ཨ་ཕ་ངའི་ཨ་ཞང་ལ་བཤད་རྒྱུརསྤྱིར་ཡིན་ན་ངའི་བུ་མོ་ཁྱིམ་ནང་གི་གནའ་མ་སྟེར་འདོད་མེད་པས་ད་སྔ་གནའ་མ་སློང་མཁན་མང་པོཡོང་ཡང་མ་སྟེར་བ་ཡིན།  ད་བུ་བུ་མོ་ཁོང་གཉིས་རང་ཐད་ཡིན་ན་ང་ཡང་ཅི་བཤད་རྒྱུ་མེད། རང་དབང་རང་འཐད་ཀྱི་གཉེན་སྒྲིག་ནི་གཙོ་བོ་རེད།  ད་ངེད་ཚོའི་ཉིན་བཟང་སྐར་བཟང་ཞིག་འདེམས་ནས་བུ་བུ་མོ་ཁོང་གཉིས་ཀྱི་འཇིག་རྟེན་མཐུན་འཇུག་གི་བྱ་བ་ལ་རེམ་འདེགས་བྱེད་ན་འགྲིག་རེད།” ཅེས་བཤད།

           ལོ་ཕྱེད་ཙམ་འགོར་རྗེས་ངེད་གཉིས་ཀྱི་གཉེན་སྟོན་མཛད་སྒོ་སྤེལ་བའི་དུས་ཚོད་གཏན་ཁེལ་བྱས།དེ་ནས་གཉེན་སྒྲིག་གི་གྲ་སྒྲིག་ཡོངས་རྫོགས་བྱེད་ཚར་རྗེས།གཉེན་སྒྲིག་མ་བྱེད་སྔོན་གྱི་ཉིན་གསུམ་པར་ས་ཉི་མ་མགོན་པོ་ལ་པར་འགའ་གཏོང་ཡང་ཁོས་ཁ་པར་གཏན་ནས་མ་ལེན།འི་སེམས་སུ་ཁོམ་པ་མེད་པར་སྙམ་ནས་དོ་སྣང་དེ་འདྲ་མ་བྱེད།ཡིན་ཡང་།དགོང་མོ་ཉལ་རིན་དུས་ཡང་་ལ་ཕྱིར་ཁ་པར་མ་ཡོང་།འི་སེམས་སུ་མཚར་སྣང་སྐྱེས་བྱུང་།རྒྱུན་ལྡན་ཡིན་ན་དུས་ཚོད་ཅི་འདྲ་ཕྱི་ཡང་ཁོས་ང་ལ་ཁ་པར་གཏོང་བ་ཁོ་ཐག་ཡིན།དེ་ནས་ངས་ཁེར་ལབ་བྱེད་ནས་ཁོ་ཚང་ལ་དོན་དག་ཞིག་ཡོད་དམ།ཡིན་རྒྱུ་མ་རེད།ད་སྐབས་ངེད་ཁག་ཁྱིམ་ཚང་གཉིས་གཉེན་ཚང་དུ་འགྱུར་ལ་ཉེ་བས།གལ་ཏེ་ངོ་མ་དོན་དག་ཟིག་ཡོད་ན་ཡང་ངེས་པར་དུ་ངེད་ཚང་ལ་བཤད་ངེས་རེད་ཅེས་བཤད།དེའི་ཕྱིར་ཉིན་ཉི་མ་མགོན་པོའི་ཨ་མས་ང་ལ་ཁ་པར་གཏོང་བྱུང་།མོས་བཤད་རྒྱུརནའ་མ།ཉི་མ་མགོན་པོ་ཁྱེད་ཚང་ལ་ཡོད་དམ།ངས་ཁོ་ལ་འབྲེལ་བྱེད་ཐུ་མ་བྱུང་། ”ཅེས་བཤད།ངས་མོ་ཕྱིར་ཉི་མ་མགོན་པོའི་ཨ་མ་ལཨ་ནེ།ཁོ་ངེད་ཚང་ལ་ཡོང་མ་བྱུང་།ཁོའི་ཁ་པར་ཡང་སྒོ་རྒྱབ་འདུགནམ་རྒྱུན་ལྟར་ཡིན་ན།ཁོས་ང་ལ་བཤད་ངེས་རེད།ད་ཐེངས་གཅིག་པུ་ཅི་ཡིན་མ་ཤེས།ཅེས་བཤད།དེའི་ཕྱི་དྲོ་ངའི་གྲོགས་མོ་ཞིག་གིས་ང་ལ་བཤད་རྒྱུར།ཡ་མཚན།ཉི་མ་འདི་དག་ཉི་མ་མགོན་པོ་མཐོང་རྒྱུ་མེད་པ་འདི་ཅི་ཡིན་ནམ།གནང་ཉིན་གཉེན་སྟོན་གྱི་མཛད་སྒོ་སྤེལ་རྒྱུ་རེད།ད་རུང་ཁོ་མ་ཡོང་ན།ད་ཅི་བྱེད་དགོས་རེད།དོན་ངོ་མ་ཁོས་གཉེན་སྒྲིག་འདི་བྱེད་འདོད་པ་ཡིན་ནམ། ”ཅེས་བཤད།སྐབས་དེར་ངས་གཏམ་དེ་དོ་སྣང་ཆེན་པོ་མ་བྱས།ཡིན་ཡང་།དགོང་མོར་སླེབས་དུས་ད་རུང་ཉི་མ་མགོན་པོ་འབྲེལ་བ་བྱེད་མ་ཐུབ་པས་ངའི་སེམས་སུ་འབྲེལ་ཚུབ་ཆེན་པོ་ཞིག་ངང་གིས་སྐྱེས།ཡིན་ཡང་ང་དང་ངའི་ཁྱིམ་མི།ཁོས་ཁྱིམ་མི་སོགས་ཀྱིས་ད་ལྟ་ཡང་ཁོ་གང་ན་ཡོད་པར་མ་ཤེས།ཕྱིར་ཉིན་སྔ་དྲོ་དུས་སུ་ཁོས་ཨ་མའི་ང་ལ་ཁ་པར་ཡོད་ནས་བཤད་རྒྱུར།ངེད་ཚང་གི་བུ་ཉི་མ་མགོན་པོ་མྱི་ངན་དེས་ངེད་སྡེ་བའི་ཀུན་དགའ་དོན་གྲུབ་ཀྱི་ཆུང་མ་ཁྲིད་ནས་བྲོས་ཟིགངས་དེ་རིང་ད་ནང་སྔ་མོ་ཐོག་མར་ཤེས་པ་ཡིན།ད་མནའ་མ་ཁྱོད་ངེད་ཚང་གིས་བློ་མེད་བྱས་སོང་།ངེད་ཚང་གིས་ཁྱོད་ལ་ཕྱག་པ་ཇི་འདྲ་ཞིག་བྱེད་དགོས་རུང་ཐད་པ་ཡིན། ”བཅས་བཤད།དེ་དུས་ངའི་སེམས་སུ་འཁྱག་སིབ་སིབ་གྱུར་ནས་ཅི་བྱ་གཏོལ་མེད་དུ་གྱུར།དེ་དུས་ངའི་ཨ་ཕ་ངའི་གམ་དུ་ཡོང་ནས་ང་ལ་དྲིས་བྱུང་།ཅི་རེད་ཐས།དོན་ཆེན་ཅི་ཞིག་བྱུང་ངམ།བཅས་བཤད་རྗེས་ངའི་ངོ་བལྟས་བྱུང་།ངས་ཨ་ཕའི་སྐད་དེ་ཐོས་པ རང་མེད་པར་མིག་ནས་ཆུ་མ་ལྷུང་ལྷུང་དུ་ཤོར།ངས་ཡང་དོན་རྣམ་སྦ་གསང་མེད་པར་ཨ་ཕ་ལ་དྲང་བོར་བཤད།ང་ངུ་ཞོར་ཨ་ཕའི་སྐེ་འབྱར་པ་ཡིན།དེ་ནས་ཅུང་ཙམ་མ་འགོར་བར་ངའི་ཕུ་བོ་ཆེ་བ་ཡང་ངའི་གམ་དུ་འབྱོར།ཡང་ཅུང་ཙམ་འགོར་རྗེས་ངའི་ཨ་མ་ཡང་ངའི་གམ་དུ་སླེབས་འདུགཕུ་བོ་ཆེ་བ་དོན་དེ་ཧ་གོ་རྗེས།ཁོང་ཁྲོ་གཏིང་ནས་ལང་སྟེ་ཁྱིམ་ལ་སོང་སྟེ་གྲི་ཆུང་ཁུར་ནས་ཉི་མ་མགོན་པོའི་ཁྱིམ་ཀྱི་ཕྱོགས་ལ་རྒྱུག་སོང་།ཨ་མ་ངེད་གཉིས་ཀྱིས་བཀག་ན་ཡང་འགོག་མ་ཐུབ།དགོང་མོར་དེར་ངེད་ཚང་ཟང་ཟིང་འུར་འུར་དུ་གྱུར།ང་ངུས་ངུས་རྗེས་ད་གཟོད་ངེད་ཚང་ལ་མགོ་བརྩམ་པ་ཡིན།ང་ཚོ་ཉལ་རིན་ལ་ཡོད་དུས་ཕུ་བོ་ཕྱིར་ཡུལ་ལ་སླེབས་འདུགཕུ་བོའི་བཤད་རྒྱུརང་ཐད་ཀར་ཁོ་ཚང་ལ་སོང་ནས་ཉི་མ་མགོན་པོ་ཁྱིམ་ལ་ཡོད་མེད་བལྟས་པ་ཡིན།ཁོ་ཨ་་མི་བཀག་པར་མ་ཟད།བློ་སེམས་རྩེ་གཅིག་གིས་ང་ལ་རེམ་འདེགས་བྱས།དེ་ནས་ངས་དེ་ཙམ་ངར་མ་བྱེད་པར་ལྷོད་པོས་ཁོ་ཚོ་ལ་སྐད་ཆ་བཤད་པ་ཡིན།ཁྱེད་ཚང་གི་བུ་ཡིས་ངའི་སྲང་མོ་ལ་བདེ་སྐྱིད་སྟེར་རྒྱུ་ཕར་ཞོགད་ལྟ་སྡུག་བསྔལ་དང་ངོ་ཚ་ཚད་མེད་ལྟད་འདུགད་ཁྱེད་ཚང་གིས་ལམ་ཅི་འདྲ་འཇོག་རྒྱུ་ཡིན།  ”བཤད་དུས།ཁོའི་ཨ་འི་ང་ལདོན་དག་འདི་འདྲ་ཞིག་བྱུང་བ་ཚང་མ་ངེད་ཚང་ལ་སྐྱོན་ཡོད་པས།ཁྱེད་ཚང་ལ་ཅི་ཞིག་དགོས་ན་ངས་དེ་སྟེརབཅས་ལབ།དེང་ཐོག་ངས་ཡང་ཅི་ཞིག་དགོས་ཟེར་ནས་ཐག་གཅོད་ཡང་བྱེད་མ་ཐུབ།ངའི་ངར་ཡང་ཞུ་སོང་བས་ཅི་བྱེད་དགོས་མ་ཤེས་པར་ཕྱིར་ཡུལ་ལ་སླེབས་ཡོང་བ་ཡིན།གལ་ཏེ་དེ་རིང་མྱི་ངན་དེ་ཁྱིམ་ལ་ཡོད་ན་ངས་ཁོས་བྲང་ལེན་རྒྱུ་ཡིན་པ་ཁོ་ཐག་ཡིན།ཨ་ཡོ།ངོ་མ་ཉེས་བཅོས་ཆེན་པོ་བྱས་སོང་།  ” དེའི་ཕྱིར་ཉིན་སྔ་དྲོ་ངས་གཉེན་ཉེ་ཚང་མ་ལ་བརྡ་རྒྱབ་ནས་གཉེན་སྟོན་མི་དགོས་པར་ཁོ་ཚོ་ལ་བཤད་པ་ཡིན།ཁོ་ཚོའི་ལ་ལས་ང་ལ་རྒྱུ་མཚན་དྲིས་བྱུང་།ཡིན་ཡང་ངས་ཁོ་ཚོ་ལ་དྲི་བའི་ལན་མ་འདེབས།དེ་དུས་ངའི་སེམས་སུ་བརྩེ་དུང་དང་མི་གཉིས་བར་གྱི་འགལ་བ་ཡོད་པ་སྙམ་པའི་ཚོར་བ་ཞིག་སྐྱེས་བྱུང་།བརྩེ་དུང་ནི་རྟག་བརྟན་གྱི་སེམས་འདུན་དེ་ཡིན་ན།མི་ནི་དེ་ལ་བློ་དཀར་ཞིང་སེམས་གཏད་མཁན་དེ་ཡིན་ནམ།དོན་ངོ་མ་བརྩེ་དུང་ལ་བརྟན་པོ་མེད་དམ།མི་ལ་འགྱུར་བ་མང་དྲག་པས།ཡོད་ཚད་ཀྱི་ཡོད་ཚད་ནི་རྩ་བ་གང་ལ་ཐུག་ཡོད།ད་ནི་རང་ཉིད་ངོ་ཚ་དང་ཕབ་ཁ་མང་པོ་མྱོང་བའི་དུས་ཡིན་འདུགམི་སུ་ཡིན་རུང་མི་ཚེ་ཁྲོད་དུ་ཆེས་མུན་ནག་དང་ཐབས་ཟད་ཀྱི་དུས་ཤིག་སླེབས་སྲིད་རེད།ང་ཡང་དེ་ལས་མ་འདས་པར་མེད་པས་སེམས་རང་དབང་དུ་འཇོག་ཆེ་སོང་ནནམ་ཞིག་གི་ཚེ་ན་རང་གི་རང་ཡང་ངོ་མི་ཤེས་པའི་ཚད་ལ་སླེབས་སྲིད།ངའི་སེམས་ལ་ཁ་རོག་དམ་བཅའ་འཇོག་དགོས་སྙམ་པའི་སྣང་བ་ཞིག་སྐྱེས་བྱུང་།ང་འདི་ལྟར་ཉིན་གང་བོར་འདང་རྒྱག་གི་གནས་སུ་སློང་བ་རེད།  

         ནུབ་མོར་དེར་ངས་རང་གིས་རང་ལ་དམ་བཅའ་འཇོག་པ་ཡིན།  ཐེངས་འདིར་ང་ལ་ཁྲེལ་མེད་བྱེད་མཁན་ཉི་མ་མགོན་པོ་ཁོ་ལ་མཚོན་ན་དེང་ཐོག་ངེད་གཉིས་མཉམ་དུ་ཡོད་དུས་ཁོས་ང་ལ་ངན་པ་ཐེངས་གཅིག་བྱེད་མ་མྱོང་།  དེ་ཡང་བཀའ་དྲིན་སྙིང་ནས་ཞུ་དགོས་པ་ཞིག་རེད།   ཐེངས་འདིར་ཁོས་ང་ལ་ཁྲེལ་མེད་བྱེད་པ་དེ་གཅིག་བྱས་ན་དེ་སྔོན་གྱི་བཟང་ཡོད་ཚད་མེད་པར་བྱས་པ་ཡིན། གཉིས་བྱས་ན་ཚེ་སྔོན་ལས་ཀྱི་བཀོད་སྒྲིག་ཡིན་ནའང་འདྲ། ཅི་ཡིན་རུང་ངས་ལས་དབང་ལ་ཁེས་ལེན་པ་ཡིན། ངས་ཁོ་ལའང་བཟོད་སྒོམ་བྱེད་པ་ཡིན།  དོན་ངོ་མ་བཤད་ན་ལས་དབང་ནི་དགོད་བྲོ་བ་ཞིག་རེད།  དེ་ཡང་ཁེས་ལེན་མི་བྱེད་ཁ་མེད་བྱུང་། 

        འདི་ལྟར་ངས་ནམ་གང་བོར་འདང་རྒྱབ་རྗེས།  ནམ་ལངས་དུས་ད་བཟོད་གཉིད་ཟིན་སོང་།   ཉི་མ་དེ་ནས་བཟུང་།  ངས་ཡང་འཚོ་བ་གསར་བ་ཞིག་གི་འགོ་རྩམ་པ་ཡིན།














                          

小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།


 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིག་རྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




                

  ▼   གླུ་གཞས་འོས་སྦྱོར།              
点赞+转发

 ▼ 点击下面语音,播放歌





འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章