ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢༣ ༽

文摘   文化   2024-05-04 09:24   青海  
ཆུ་དམར་རྩོམ་རིག                


                              ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

  


     


འབྲོང་ནག་བརྩོན་འགྲུས།  




  ཨ་ཁུ་པདྨ།   ཁྱོད་མེད་ན་སྟོང་བ་རེད། 

           

ཨ་ཁུ་པདྨ

བྲག་ཐེམ་སྟེང་གི་བླ་རྡོ

ནམ་མཁར་འཕུར་རྒྱུའི་ཕུགས་བསམ་བསྐྲུན

མཚོ་སྙིང་མ་ཧཱ་དེ་ཝ་ལ་ལྷིང་འཇགས་ཀྱི་གནམ་གཤིས་བཟོས

ཁྱོད་མེད་ན་མཚོ་སྔོན་པོ་སྟོང་བ་རེད


ཨ་ཁུ་པདྨ

མཚོ་སྔོན་པོའི་ཁྲོད་ཀྱི་གསེར་ཉ

ཁྱོད་ཀྱི་ལྷ་སྒྲུང་ལ་ཉན་རྗེས

འདས་པོ་ཁ་བ་སྙིང་ལྕགས་དྲན་ཡོང

སེམས་ལྷོད་པོས་སྡོད་ས་ཞིག་ཏུ་ཁྱོད་ཉིད་མཚན་བྱང་དེ་རེད

ཁྱོད་མེད་ན་རྣམ་ཤེས་འཁྱམས་པོ་རེད


ཨ་ཁུ་པདྨ

གཙང་བོ་བཞིན་རྒྱུན་རིང་བ

མཚོ་སྔོན་པོ་བཞིན་རྒྱ་ཆེ་བ

ཞེན་སྣང་དང་ཕྱིར་དྲན་བྱེད་འདོད་མེད་པའི

སྒོམས་སྟངས་གཞན་ཞིག

ཨ་ཁུ་པདྨ    ཁྱོད་མེད་ན་སྒོམ་ཁང་སྟོང་བ་རེད


ཨ་ཁུ་པདྨ

ཁ་སྤུ་སྨ་ར་ནང་གི་ཞི་བ་དང་ཁྲོ་བོ་དེ་དག

ཉིན་མཚན་དབྱེར་མེད་དུ་སྒོམ་ཟིག

བསྒོམས་བསྒོམས་མཐར

ཞི་བ་དང་ཁྲོ་བོ་སེམས་ངོ་འཕྲོད་པར་བྱས་ཟིག

ཨ་ཁུ་པདྨ   ཁྱོད་མེད་ན་བླ་དབང་སྟོང་བ་རེད


ཨ་ཁུ་པདྨ་ཁྱོད་མེད་པས

བྲག་ཐེམ་སྟེང་གི་བྱ་རྒོད་འཕུར་སོང

ཏིང་ངེ་འཛིན་གྱི་རྣམ་ཐར་བོར་སོང

འབྱུང་བཞི་ཁྲོད་ཀྱི་རུས་ཐལ་རྐྱང་ནང་གི་ཨ་ཁུ་དེ་བཞུད་སོང

མཚོ་སྔོན་པོའི་འགྲམ་གྱི་གསར་བུ་ཁ་བ་སྙིང་ལྕགས་བུད་སོང

མཚོ་སྙིང་དང་མཚོ་སྔོན་པོ

སྟོང་སང་སང་དུ་གྱུར

ཨ་ཁུ་པདྨ


ཁམས་གསེར་ཐིགས། 


   ཟླ་བའི་འོད་དུ་འཁྲེང་སེམས།

      

སྨག་ནག་གི་མཚན་མོ་འདིར།

ཟླ་བའི་འོད་ཟེར་ཙམ་མ་མཐོང་།

སྐྱོ་ལྷང་ལྷང་གི་མཚན་མོ་དེར།

སྐྱོ་སེམས་དྲག་ཏུ་འཁྲིགས་ཏེ།

ངའི་ཡ་ཁོག་སྨྲེང་བའི་སྨུག་པས་གཏུམས།

མཚན་མོ་དེར།    ངའི་སྐྱོ་རོགས།

དཔྲལ་བའི་མིག་ཆུ་ལས་གཞན་གང་ཡང་མེད།

སྐར་ཚོགས་གྲངས་ཀ་མང་ཡང་བཀྲ་ནའང་།

ངའི་མིག་ལམ་དུ་ཟླ་བའི་འོད་སྣང་མེད་པས།

ནག་ཅིང་འཐིབས་པའི་མཚན་མོ་དེར།

ལྷིང་འཇགས་མིན་པའི་ངའི་ལུས་སེམས་གཉིས། 

མཚན་མོ་དེར།      ངའི་སྐྱོ་རོགས།

སྨྱུ་གུ་དང་ཤོག་དཀར་ལས་གང་ཡང་མེད།

འཁྲེང་སེམས་འཁོར་སའི་ཟླ་བའི་འོད་ཟེར་དེར།

འཛུམ་ཞལ་མིག་གི་མ་མཐོང་སུན་སྣང་སྐྱེས།

རིང་ཞིང་དབེན་པའི་མཚན་གཞུང་དེར།

དྲོད་འཇམ་འབོལ་གདན་མཐུག་ཅིང་དྲོས་ནའང་།

མཚན་མོ་དེར།      ངའི་སྐྱོ་རོགས།

སྙན་ངག་དང་ཐ་སྙད་ལས་གང་ཡང་མེད།

སེམས་ཁམས་མག་མོག་ཡིན་པའི་མཚན་མོ་དེར།

ཁེར་རྐྱང་སྣང་བའི་སེམས་ཀྱི་འཆར་ངོགས་སུ།

ངའི་སེམས་རྩ་འཁྱགས་པའི་ཁོག་འདར་ཤོར།

སེམས་ཀྱིས་སེམས་ལ་ཚོར་བའི་སྐྱོ་བ་བཤད།

མཚན་མོ་དེར།      ངའི་སྐྱོ་རོགས།

ཡིག་འབྲུ་ཁ་ཤས་མ་གཏོགས་གང་ཡང་མེད།


ཟིལ་སྨྱུག་སྲས། 



འཁོར་བའི་ཕྱི་དྲོ་ཞིག  •LJ


          

ད་ལྟ་ང་ལ་ཞེན་ཆགས་མང་པོ་མེད། །

སྲོད་ལ་འཐེན་ཐུག་སྐོལ་བའི་རྨི་ལམ་ཙམ། །

ཅིས་ཀྱང་རྨིས་པའི་ལན་ཆགས་ཡོད་དགོས་མོད། །

འདོད་པའི་མིག་གིས་ཟུར་མིག་འཕེན་ཐེངས་རེས།  

“ཨ་མའི་འཛུམ་ཁུག་འདྲུབ་པའི་གཏམ་རྒྱུད་འདུག །”


ལོ་ཟླའི་མེ་ཏོག་ཁུར་བའི་གཞོན་པ་ལ། །

ལས་ཀྱིས་རི་མོ་ཕྲིས་པའི་བརྩེ་དུང་ཡོད། །

གདུང་བའི་ཐོབ་བཤོར་སྟོང་གི་བཤུལ་ལམ་དུ། །

སྙིང་གི་མཆོད་རྟེན་ཆ་བརྒྱད་བཞེངས་ཡོད་མོད། །

མི་ཁའི་རླུང་འཚུབ་རྒོད་པའི་གྲུ་ཁ་རུ། །

“གཞོན་པའི་གཏན་གྱི་སྐྱབས་གནས་མི་འདུག་གོ ། ”



རིང་ན་འཁོར་བའི་ཕྱི་དྲོ་འདུག་རོགས་ཙམ། །

ཐུང་ན་ཇ་ཡུན་གཅིག་གི་བཤད་རོགས་ཙམ། །

མེད་དུ་མི་རུང་བ་ནི་ཕ་མ་ཡིན། །

ཡབ་ཡུམ་ཟུང་ནི་ཉི་ཟླ་གཉིས་མེད་རེད། །

དེས་ཀྱང་ཚེ་འདིའི་བདེ་དགའི་དཔལ་སྦྱིན་པའི། །

ཡབ་ཡུམ་ཟུང་ནི་ཉི་ཟླ་ཟུང་འཇུག་གོ །


སྐྱིད་ཀྱི་སེམས་ཐོག་རྟ་གོང་མེ་ཕུང་ཙམ། །

དྲོད་ཀྱི་སྙིང་པོ་ཐ་སྙད་སྟོང་གི་ཚོགས། །

ཁྲོམ་གཟིགས་སྒང་གི་མེ་ཏོག་མ་ཡིན་མོད། །

དྲན་ན་སྐྱོ་གདུང་འཁྱིལ་བའི་གཞི་མ་ལ། །

སྙིང་སྡུག་ལས་ཀྱིས་གནང་བའི་དབྱར་ཁ་སྟེ། །

“མཚན་ཞག་བཅུ་དྲུག་སྣང་བའི་རྨི་ལམ་ཡིན། །”


                              2024/2/25


སྲུང་མ།



    

    ན་གཞོན་ཞིག་འཆི་ལམ་ལས་ཐར་པ། 


ལམ་འདི་ལས་ཀྱིས་དེད་པ་དང་འདྲ་བས

ང་ལ་ཅི་ཡང་མི་སྨྲ་བར་ཐ་ཚིག་ཅིག་ཐོབ་སོང

དེ་ནི་མི་ཚེའི་སྐས་རིམ་གྱི་དགའ་བ་དང་སྐྱོ་བའི་རྐང་ལམ་ཞིག་ཡིན་སྲིད

བདག་གིས་སང་ཉིན་གྱི་ཆེད་དུ

མི་ཚེའི་འཁྲབ་ཚན་ལ་ལེའུ་སྒྲིག་པ་དེ་གའོ


མི་ཡུལ་གྱི་རྐང་ལམ་ཕྲ་མོ་ནས

གཞོན་པའི་སྙིང་སྟོབས་ཀྱི་འཁྲི་ཤིང་བརྟན་པོ་དེའང

ལོ་རྒྱུས་ལས་བཤད་དུ་མེད་པའི་དུས་ཚིགས་སུ་སླེབས་དུས

ན་གཞོན་ཞིག་གི་སྙིང་གཏམ་ཡོད་ཚད་གླུ་རུ་དྲངས་ནས

སུ་ལའང་མི་བཤད་པའི་དམ་ཚིག་ཅན་དུ་འགྱུར་སོང


ཁེར་རྐྱང་སྣང་གི་སྣང་བ་ལ

གཏམ་བཤད་མི་ཐུབ་པའི་ཚོར་བ་སྐྱེས་དུས

ང་ནི་རྒྱང་ལ་འཕུར་བའི་གཤོག་ཐོགས་དང་འདྲ་ལ

སེམས་ཀྱི་གཙང་བོ་རུ་སྐྱར་ནས་གང་ལ་འཕུར་འགྲོ

གངས་ཀྱི་རྒྱབ་ཡོལ་ཞིག་ན

བསམ་པས་མི་ཐོངས་བའི་རྣམ་པ་རེ་རེ་ནི

ཉེ་བར་མི་འཁོར་བའི་ཤིང་རྟ་སེར་པོ་དེའང

ཡིད་ཁམས་རྒྱ་མཚོ་སྐྱོམས་པའི་རླབས་སྒྲས་འཁྱེར་སོང


                    ༢༠༢༤-༥-༣་ཉིན། 


རིག་པའི་ཅོང་བརྡ། 


              

ཚོར་སྣང་དང་འཆམས་པའི་གླུ། Mbangu te


སྣང་བ་གྲིབ་མས་གཡོ་བའི་ངལ་རེ་དུབ། །

སྐྱོ་སྣང་ཕྱི་ཡི་གཟུགས་བརྙན་མ་འདྲེས་པ། །

གཅིག་པུ་འཚོ་བསྡོད་གནང་སའི་བས་མཐའ་ན། །

སྐྱིད་སྡུག་ཁུར་བོ་གྲོགས་ནི་ནམ་ཡང་གལ། །


ཉིན་ཞག་ཟླ་མཐུད་སྤུངས་པའི་འཁྱགས་རོམ་དང་། །

ངར་ཁ་རྒོད་པའི་ཙག་རླུང་མཐུག་པོ་གཉིས། །

ཅི་ཙམ་གདུང་ཡང་སྣང་བ་བཏང་སྙོམས་འདི། །

བདག་ཡིད་ཁྱེད་ཀྱིས་འཕྲོག་པའི་དེའི་དབང་ཡིན། །


གཅིག་པུར་བས་མཐའ་ཕྱིན་ཡང་ཁེར་སྣང་མེད། །

གཅིག་པུར་དཔེ་དེབ་བཀླག་ཀྱང་སུན་སྣང་མེད། །

རྣམ་རྟོག་མཐའ་མེད་གང་སར་རྒྱུ་ན་ཡང་། །

ཁྱོད་ལ་ཐོགས་པའི་རྣམ་ཤེས་ནང་དུ་ལུས། །   


                                  ༢༠༢༤-༥-༣


 ཁ་བའི་རྨི་ལམ། 


ཁ་བ་བབ་ན་ཁྱོད་རང་དྲན་བྱུང་།


ཁ་བ་བབ་པའི་དོ་ནུབ་

ང་རང་སྒ་ཡུལ་གྱི་ཐང་ཞིག་ལ་ཡོད

དོ་ནུབ་ཞེ་ལ་ཐོགས་པའི་ཁྱོད་རང་རབ་ཏུ་དྲན་འདུག

དྲན་དྲགས་པས་ཟས་ལ་ཡི་ག་ཆད་སོང

དྲན་དྲགས་པས་སེམས་པ་སྐྱོ་སྣང་གིས་ཁེངས་སོང

ཁྱོད་ནི་ང་ལ་མཚོན་ན་ནོར་བུ་རྩ་ཆེན་ཞིག་རེད

ཁྱོད་ནི་ང་ལ་མཚོན་ན་ནམ་མཁའི་ཉི་མ་རེད

ཁྱོད་ནི་ང་ལ་མཚོན་ན་ས་གཞི་མེ་ཏོག་རེད

ཁྱོད་རང་མེད་ནས་བཟུང

ངའི་སེམས་པ་སྡུག་སྣང་གི་ཁ་བ་ལྷབ་ལྷུབ་ཏུ་བབ་ཀྱིན་འདུག

གང་ཞིག་ལ་སོང་ན་ཡང་སེམས་ལ་སྐྱིད་ཅིག་མི་འདུག

སྡུག་སྣང་གི་ཁྲོད་ནས་ཉི་མ་རེ་རེ་བཞིན་དུ་ཟད་འགྲོ

ཕར་གིས་ང་ལ་ཀུ་རེའི་ཚུལ་དུ

ཁྱོད་ཚང་གང་ན་ཡོད

དོན་དངོས་སུ་ང་ལ་ཁྱིམ་ཚང་ཞིག་ལ་ནས་མེད

             

དོ་ནུབ་གངས་ཆར་སིལ་མ་བབ་ན་ལྷག་ཏུ་ཁྱོད་རང་དྲན་འདུག

ཁྱོད་ཀྱི་ཞལ་རས་དང་འཛུམ་མདངས་མཛེས་མོ་དེ་དག

ངའི་ཡིད་ལ་གསལ་གྱི་ལེ་ཤར་འདུག

ཁྱོད་རང་མེད་ན་མི་ཆོག

གངས་ཀྱི་བུ་ཕྲུག་ང་རང་ཡིད་སེམས་འཁྱགས་འགྲོ

ཁྱོད་རང་མེད་ན་མི་ཆོག

མི་ཚེ་འདི་ཡི་རྒྱབ་རི་སྨུག་པོ་དེ་ཁྱོད་རང་རེད

ང་ལ་བསོད་ནམས་དེ་འདྲ་ཞིག་ག་ན་ཡོད

ཁྱོད་རང་འུ་ཕ་བུ་གཉིས་དང་བྲལ་ནས

ཐག་རིང་ཐག་རིང་ཞིག་ལ་རྒྱུག་སོང


འབྲོང་ནག


             འཚོ་བའི་ཁ་དོག


ང་ཡི་འཚོ་བ་དེ

འཚོ་བའི་གྲུ་ཁ་རེ་རེ་ནས་བསམ་གཞིག་རེ་ཐོངས་ན

འཚོ་བ་ནི་སེམས་ཀྱི་ན་ཟུག་དང་འདྲིས་པའི་ལོ་ཟླ་དེ

འཚོ་བ་ནི་སྐྱིད་སྡུག་གི་རི་མོ་ཕེབས་པའི་མེ་ལོང་ཡིན

འཚོ་བ་ནི་བརྩེ་བའི་ཨ་ལོང་སྦྲེལ་བས་ཞིང་ཁམས་དེ་ཡིན

ང་ཡི་འཚོ་བ་དེ

སྔོ་སང་སང་གི་ནམ་མཁའ

མཛེས་ཞིང་སྡུག་པའི་ཡུལ་གྲུ

ཡངས་ཞིང་རྒྱ་ཆེ་བའི་རྩྭ་ཐང

ཡིད་དབང་འཕྲོག་པའི་བརྩེ་བའི་ལྷ་མོ

ང་ཡི་འཚོ་བ་དེ

སློབ་གླིང་རིག་པ་དགའ་བའི་དཀྱིལ་འཁོར་ནས

སློབ་སྦྱོང་བརྩོན་པའི་རིག་བཟང་སྙིང་གི་ཁྱུ་གཅིག

ཤེས་རིག་གི་སྐྱེད་ཚལ་བཞད་པའི་གླིང་ག་འདིར

ཤེས་བྱ་རོལ་བཅུད་མྱོང་བའི་གངས་ལྷ་མེ་ཏོག་ཁྱུ་གཅིག

ང་ཡི་འཚོ་བ་དེ

རི་བོ་ཧི་མ་ལ་ཡ་འགྲམ་རྒྱུད་གནས་པའི་མི་རིགས་ཤིག

སྟོད་ཀྱི་འབྲོག་ལས་དང་སྨད་ཀྱི་ཞིང་ལས་རོལ་བའི་བོད་པ།

དབྱངས་གསལ་སོ་བཞི་གྱེར་པའི་དབྱངས་ཀྱི་འགྱུར་ཁུག་སྙན་མོ་འདིས།

བསྟན་པ་ཡིན་རིང་དུ་གནས་པའི་བཀྲ་ཤིས་སྨོན་འདུན་ཞུ།


          ༢༠༢༤ལོའི་ཟླ་བ་༥ཚེས་༣ཉིན་སྒེ་རི་གཡང་ཁྱིམ་དྲོན་མོ་ནས་བྲིས་པ་དགེའོ།








ཁམས་ཁྲག་སྨྱུག


   

         བརྗེད་ཀི་མ་བཅུག

                  


ཡིད་ལ་འཆར་པའི་རི་མོ་ཚིག་ལ་བྲིས་ན།།

མིག་ལ་སྣང་བའི་ལྟད་མོ་ངག་ལ་དྲངས་ན།།

མཚོ་ལ་གསེར་ཉ་མང་བ་བྲལ་གི་མ་འཇུག །

རི་ལ་ཤོར་པའི་སེང་གེ་བསྐྱུར་པ་མ་གནང་།།


སེམས་ནས་དྲན་པའི་ཚིག་གསུམ་ཡིག་ངོར་ཕབ་ན།།

མིག་ལ་མཐོང་བ་དངོས་སུ་ངག་ནས་བརྗོད་ན།།

རྒྱང་ལ་འཕུར་པའི་བྱ་དེ་བརྗེད་གི་མ་འཇུག །

རི་ནས་གྲག་པའི་ཁུ་བྱུག་གསུང་སྙན་མ་བརྗེད།།


ལག་ལ་སྨྱུག་ཆུང་བཟུང་ནས་རི་མོ་བྲིས་ན།།

མིག་ནས་རིག་པའི་ཚོར་སྣང་གཟུགས་སུ་བསྒྱུར་ན།།

གཞན་ཡུལ་གནས་པའི་གྲོགས་དེ་བརྗེད་པ་མ་གནང་།།

རྣ་ལ་ཐོས་པའི་སྐད་དེ་སུ་ཡིན་རྟོགས་སྲིད།།



བསོད་སྟོབས།  


  འབྲོག་པ།


ངོ་ན་འཛུམ་ཅན།

སེམས་ན་སྐྱིད་ཅན།

བློ་དཀར།

གཞུང་དྲང་། 

ཁ་དོན་ཚིག་ལ་གནས།

བཤད་པའི་གཏམ་ལ་ལྷད་མེད།

འཇོག་པའི་དམ་བཅའ་འགྱུར་བ་མེད།

བློ་གཏད་ན་ཚེ་གཅིག

ཁྱེད་ནི་གྲོང་དང་གྲོང་ཁྱེར་ན་གནས་པའི་བུ་མོ་བཅོལ་ཆུང་དག་གིས་འཕྱ་ས་ཡིན།

རྒྱ་གྲོང་ན་ཁྱི་བཞིན་དུ་མྱུལ་བའི་ཕོ་གསར་བླ་མེད་དེ་ཚོས་དགོད་ས་ཡིན།

ཀྱེ་་་་་་་་་དེ་རྣམ་ཀྱི་ཡབ་མེས་ནི་འབྲོག་པ་ཡིན་པ་ཁོ་ཚོས་ཤེས་མི་སྲིད། 

གང་ནས་ཤེས། 

ཤེས་མི་སྲིད། ་

ཤེས་པའི་དཔེ་མེད།

རྒྱུ་མཚན་ཁོ་ཚོ་ནི་ཤེས་བྱ་མེད། དད་མོས་མེད།   ཡིད་ཆེས་མེད།  རང་ཚུགས་མེད།

བོད་བཙན་པོ་རྒྱལ་རབས་ནས་ད་བར། 

གཡང་ར་བ་སྒོ་བཞི་ལ་ཡིད་རྟོན་བྱེད།

དཔྱིད་ཀའི་འབྲི་མོའི་བེའུ་ཁྲིད་དུས་ཁྱོད་རང་ན་གཞུང་ན་ཡོད།

དབྱར་ཁའི་མེ་ཏོག་བཞད་དུས་ཁྱེད་རང་རྫ་རི་ན་ཡོད།

སྟོན་ཀའི་ཁྲུང་ཁྲུང་འཕུར་དུས་ཁྱེད་རང་མཚོ་འགྲམ་ན་ཡོད།

དགུན་ཁའི་བུ་ཡུག་འཚུབ་དུས་ཁྱེད་རང་ལུང་མདོ་ན་ཡོད།

ཨ་ཁུ་འབྲོག་པ།

ཨ་ཅེ་འབྲོག་མོ།

ཨ་ཕོ་ལུག་རྫི།

ནང་ཟས་རྩམ་མར་ཕྱུར་བ་ཡིན།

གུང་ཟས་རྩྭ་ཟོས་ནོར་ལུག་ཤ།

ནུབ་ཟས་འབྲི་ཞོ་བཅུད་ལྡན་ཡིན།

ངོ་མདོག་སྨུག་ལ་དམར་མདངས་ཆགས།

སྲོང་བཙན་སྒམ་པོས་ཁྱོད་ལ་བརྟེན་ནས་མངའ་ཐང་རྒྱས།

དོན་ངོ་མ་གེ་སར་རྒྱལ་པོ་ཡང་འབྲོག་པ་ཡིན།

བློ་མ་ཕམ། 

ཡིད་མ་སྐྱོ།

ཡིད་ཆེས་བྱོས།

རང་ཉིད་ལ་ཡིད་ཆེས་བྱོས།

ཆེས་མཛེས་པའི་ཁོར་སྲུང་བ།

རི་ལ་གཞི་བདག

མཚོ་ལ་ཀླུ་རིགས།

ཆུ་མགོ་ལ་བཙན་རིགས།

རང་བྱུང་ཁམས་ལ་ཆེས་རྣམ་དག་གི་བརྩི་བཀུར་བྱེད་མཁན།

གངས་རི་ལ་ཕྱག་འཚལ། 

སྟོད་རི་ལ་བསང་ཕུད།

མཚོ་མོ་ལ་གཏེར་འཕེན།

ཆུ་ཡི་ཉ་རིགས་མི་ཟ།

བཙོག་འདོད་པས་མིན། 

རྒྱགས་པས་ཡིན།

ཀླུ་ལ་ནོར་ལྷའི་ལྟ་བ་འཛིན།

མདོག་དཀར་པོ་ལ་དགའ།

འབྲོང་བཏུལ་ནས་སྒོ་ཕྱུགས་བྱེད་མཁན།

གསོན་དུས་ཁ་ནས་མཎི་བཏོན།

ཤི་དུས་ཕུང་བོ་རྒོད་ལ་སྟེར།

སྦྱིན་པའི་བདག་པོ།

གསོན་ན་ཧམ་སེམས་ཞེ་འཁོན་ཉུང་།

ཤི་ན་ཞེན་ཆགས་དངངས་སྐྲག་ཆུང་།

ཨ་་་་་་་་འབྲོག་པ།

ཁྱེད་ཉིད་སྐལ་བའི་བར་དུ་གནས་ཐུབ་ན་ཅི་མ་རུང་།

ཁྱེད་ནི་དད་མོས།

རིག་གནས། 

དཔལ་འབྱོར། 

ཚེ་བླ་སྲོག་གསུམ།  

མགོ་ནག་བོད་པའི་ཡོད་ཚད་དང་ཡོད་ཚད་ཀྱི་རྩ་བ་ཡིན།







🎶ཞོགས་སྐྱ་རེངས། 



  

སློབ་མའི་འཚོ་བ།                                                               

སློབ་གླིང་སྐྱེད་ཚལ་འདི་ནས།

སློབ་མ་བརྒྱ་བརྒྱ་སྟོང་སྟོང་།

དགེ་རྒན་སློབ་ཁྲིད་སྐབས་སུ།

རྩེད་མོ་རྣམ་གཡེར་རོལ་བ།


རང་ལ་དགའ་ཞེན་ཡོད་ན།

རིག་པའི་གནས་ལ་སྦྱོང་དགོས།

བཀའ་སྤྱོད་འབད་བརྩོན་མེད་ན།

མཐའ་མར་བཀའ་བ་ཡོད་སྲིད།


དཔེ་མཛོད་གྲི་བཞི་ནང་ནས།

དཔེ་བདེ་འཚོ་བར་རོལ་བཞིན།

སེམས་ཁམས་ལྷོད་འཇམ་འོག་ནས།

བསམ་གཞིག་སེལ་རྟོགས་འཚོལ་སྙེག


རིག་གནས་བདུད་བརྩི་འཐུངས་བཞིན།

དགེ་སློབ་རྒྱབ་སྐྱོར་གནང་བས།

རིག་གནས་འཕེས་རྒྱས་བྱུང་བས།

དཔེ་ཀློག་སྣང་བར་རྙེད་སོང་།


ཁེར་རྐྱང་ཁ་ཕྱོགས་བཟུང་ནས།

ཡིད་ཆེས་བརྟན་པོའི་སྦྱིན་བས།

ཤེས་རིག་གཤོག་པར་བཅོངས་དེ།

མདུན་བསྐྱོད་གོམ་པ་སྤོས་བཞིན།


 🎶མགར་སྨྱུག་རྩེ།  


          ལོ་ཚོད་ཀྱི་སྣང་བ། 

 

འཚོ་བའི་སྐྲ་ལོ་ལ་འཇུས་ནས་ཟང་ཟིང་གི་སྣང་བའི་དབྱིངས་ན།

ཆང་ཁང་གི་བུ་མོའི་བག་སྤྲོ་བའི་གཞས་བྲོ་ལ་གཡེང་བཞིན།

ལོ་དང་ཟླ་བ་ཕར་ནས་ཕར་ལ་འགྲོ་དུས།

བསླུ་བྲིད་ཐེབས་པའི་སྤྱི་ཚོགས་ཀྱི་གས་ཁ་མཐོང་བ་ནས།

དཔེ་ཀློག་གི་ངོས་ཟིན་ལ་གནོན་ཤུགས་ལས་མི་འདུག

 

ཕུགས་འདུན་གྱི་འགྲུལ་བཞུད་ལ་རེ་བའི་བརྗོད་སྙིང་རུ་བསྒོམ་ཀྱང་།

འཚོ་གནས་རིང་ལུགས་ཀྱི་ལྟ་བའི་ལང་ཕྱོགས་མཐའ་དག

ལོ་ཚོད་ཀྱི་ཀི་སྒྲ་དེ་བག་ཉལ་གྱི་ཉམས་ལས།

སྣང་བ་ཡོད་ཚད་དུབ་སོང་བ་ཡིན་ནམ།

 

ལོ་ཟླ་ཕར་ནས་ཕར་ལ་འགྲོ་དུས།

ལོ་ཚོད་འདི་དང་ན་གཞོན་དག་གི་སྣང་བ།  

ཆོ་འཕྲུལ་ལྟ་བུའི་རྨི་ལམ་གྱི་གཟེབ་ཏུ་ཚུད་ཡོད་དམ།

དུས་ཚོད་ཀྱི་གཡོ་འཕྲུལ་ལ་རྣམ་ཤེས་ཚུད་པ་ཡིན་ནམ།  

 ༼ཆུ་དམར་མྱུ་གུའི་སྟོབས་ཚང་།༽     

༼མྱུ་གུའི་སྟོབས༽ཚང་གི་སྙན་ངག་སྤེལ་ཐེངས་ལེའུ།

ཆུ་དམར•མྱུ་གུ་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༣ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༤ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༥ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༦ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༧ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༨ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༩ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༠ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༡ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༢ ༽

ཆུ་དམར•མྱུ་གུའི་སྟོབསཚང་གི་སྙན་ངག་སྤེལ་ཐེངས། ༼༡༣༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༤༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༥༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡༦ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡༧ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༨༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༩༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢༠ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢༡ ༽




小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།



 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིགརྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




                

  ▼   གླུ་གཞས་འོས་སྦྱོར།              
点赞+转发

 ▼ 点击下面语音,播放歌













འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章