ཟིལ་སྙུག་སྲས་ཀྱི་སྙན་ངག་ཚན་པ་གཉིས།

文摘   文化   2024-11-15 19:29   青海  
    ཆུ་དམར་རྩོམ་རིག             


                              ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

  


     

གཞས་ཆུང་སྙན་དབྱངས་དྲུག་འགྱུར།  

                                          

                                 •ཟིལ་སྙུག་སྲས། ཆུ་དམར་ལེབ།


གཞུ་རྒྱུད་རང་གིས་བཟོས་ནས། །

མདའ་མོ་གཞན་ལ་ཕོག་སོང་། །

དཀར་མཛེས་ཏྲེ་བོ་ཡུལ་ལ། །

ལས་ཀྱི་ལན་ཆགས་ལུས་སོང་། །


ཕུ་ཡི་གངས་དཀར་རི་བོ། །

མདའ་ཡི་ཞིང་ལ་སིམས་ན། །

སང་རྩིས་གནང་རྩིས་མི་དགོས། །

ཆར་ཆུ་ཐེངས་གསུམ་གནོང་རོགས། །


མི་འགྱུར་བརྩེ་བའི་རི་མོ། །

རྡོ་དང་བྲག་ལ་མ་བྲི། །

གས་ཆག་ལན་གཅིག་བྱུང་ཚེ། །

སེམས་པའི་གཏིང་ནས་འགྱོད་ཡོང་། །


ལོ་ལེགས་ཡག་པོ་བྱུང་ཚེ། །

ལོ་དབྱངས་སྙན་ལ་འགུག་ཤོག །

ཏྲེ་ཧོར་རོང་པའི་ཨ་ཅག །

འཛུམ་མདངས་ཕྱི་ལ་མངོན་ཤོག །


ལས་ཀྱི་བསང་དུད་དཀར་པོ། །

ཕ་ཡུལ་ལུང་པར་མི་འདུག །

ཉི་མ་ཤར་ལྷོའི་དྲུང་ནས། །

སྙིང་ཤ་དྲོད་ལ་ལྡེ་སོང་། །


སྙིང་གཏམ་ཁ་ཚིག་དྲུག་མདུད། །

སྟག་གདོང་ཡུལ་ནས་ལེན་ཡོད། །

ཨ་ཇོ་སྙིང་གི་ནོར་བུས། །

གཏམ་ལ་གཏམ་ལན་གསུངས་རོགས། །


མི་ཉག་གངས་དཀར་རི་ལ། །

བསྐོར་བ་སྐོར་འདོད་ཡོད་ཀྱང་། །

བསྐོར་ལམ་བདེ་མོ་ཨེ་འདུག །

ཆུང་འདྲིས་ལགས་ཀྱིས་གསུངས་རོགས། །

                     ༢༠༢༤/༩/༡༩

LJསྒོ་འགྲམ་གྱི་གཏམ་རྒྱུད།

ཕོ་ལོ་ཉི་ཤུའི་སྒང་དུ་བུད་དུས

རང་ཉིད་གཅིག་པུས

རྒྱུས་མེད་ཀྱི་མི་མང་པོའི་ངོ་གདོང་མཐོང་ཡོང

ཡང་ན  འདུ་འབྲལ་གྱི་བཤུལ་ལམ་མང་པོ་སྟེང་དུ

ལན་ཆགས་ཀྱི་ས་བོན་བཏབ་དགོས་ཡོད


ང་ལ་མ་མཐའི

རྨི་ལམ་མང་པོ་རྨིས་བསམ་པའི་ཚོད་མེད་མོད

རྨི་ལམ་གཅིག་ནི་སྒོ་འགྲམ་གྱི་གཏམ་རྒྱུད་བཞིན

བརྒྱུད་དགོས་ངེས་ཀྱི་ལམ་ཐིག་ཞིག་ཡིན་ངེས་པས


ངས་ཁྱོད་ལ

ཐ་སྙད་ཀྱི་མེ་ཏོག་ཆུན་པོས

རྨི་ལམ་གྱི་དར་གོས་བཟོས་རྗེས

རྒྱང་རིང་ནས་ཁྱོད་ལ་སྐོན་ན་འདོད


             2024/10/18 ལན་གྲུ་རུ་སྦྱར།


小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།



 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིགརྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




                

  ▼   གླུ་གཞས་འོས་སྦྱོར།              
点赞+转发

 ▼ 点击下面语音,播放歌













འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章