སྨན་པ་བཟང་པོ་ཀུན་གྱིས་བསྟོད་ན་འོས། དབྱངས་ཅན་སྲས་པོས་བརྩམས།

文摘   2024-07-26 13:59   青海  
    ཆུ་དམར་རྩོམ་རིག             


                       ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

  


         




 

       

     རྨ་ཆུའི་ཉི་འོད་དང་ལྷན་འཚེར་བས་སྨན་པ་ཤེས་རབ་རྒྱ་མཚོ།


                    དབྱངས་ཅན་སྲས་པོ།(ཆུ་དམར།)


      ཟླ་བདུན་པར་སྔོ་སངས་ཀྱི་ནམ་མཁའ་མེད་ལ་ཉི་མ་མེད། རླུང་བུ་འཇམ་པོ་ཞིག་གི་དུས་ཚོད་ཀྱི་ཆུ་ཕྲན་ཞིག་ཤག་ཤག་ཏུ་འབབ།  མཚམས་རེར་སྒེའུ་ཁུང་ཕྱི་རོལ་ནས་མཆེད་ཡོང་བའི་ཞོགས་པའི་གྲིབ་མདངས་དེ་ཡང་རྒྱལ་ནང་གི་འགྲུལ་ཚུགས་སོ་སོས་མགོ་བརྩམས་དགོས་པའི་བརྡ་བཏགས་ཤར་ཡོང་།   ང་དེ་དུས་ཕ་ཡུལ་དང་ཁ་ཐག་རིང་དུ་བཀར་བའི་ས་ཆ་ཞིག་ན།   ཕ་མའི་ནད་གཡོག་བྱས་ཏེ་སླད་མར་ཉིན་ཁ་ཤས་ཞིག་ལ་མཚོ་བ་སྐྱེལ་བཞིན་ཡོད།  མཛེས་སྡུག་ལྡན་ལ་སྤང་ཐང་ཡངས་པའི་ས་ཆ་དེ་ན་ཀུན་གྱིས་བཀུར་ཞིང་བསྟོད་བཞིན་པའི་སྨན་པ་ཞིག་ཡོད་དེ། ཁོང་ནི་བོད་རོང་འབྲོག་མང་ཚོགས་ཀྱི་སེམས་ཁུངས་ནས་བརྗེད་ཐབས་བྲལ་བའི། སྨན་པ་ཤེས་རབ་རྒྱ་མཚོ་རེད། དམན་པ་བདག་ལྟ་བུ་ལ་མཚོན་ན་སྨན་པ་ཤེས་རབ་མཚོའི་མི་ཚེའི་རྒྱུད་རིམ་ལ་ཆར་རྒྱུས་དབེན་པའི་རྐྱེན་གྱིས། ཁོང་ལ་བསྟོད་པ་དང་བསྔགས་བརྗོད་བྱེད་དགོས་ཚེ།  དེ་ནི་ཤོར་ཟིན་པའི་གཟུགས་མེད་ཀྱི་ལོ་ཟླ་བཞིན་དུ། སླར་ཡང་འཕྲད་མི་སྲིད་པའི་དངོས་པོ་ཞིག་དང་ཀུན་ནས་མཚུངས།  ཡིན་ནའང་རྨ་ཆུའི་ཉི་འོད་དང་ལྷན་དུ་ཚེ་སྲོག་གི་རང་མདངས་གསོ་མཁན་དེ་ཉིད་འཕྲལ་དུ་ང་དང་ཉེ་བར་བཅར་བྱུང་། ཁོང་གི་དྭངས་གཙང་ལྷད་མེད་ཀྱི་འཛུམ་ཞལ་དང་།  བླ་ན་མེད་པའི་སྨན་པའི་ཀུན་སྤྱོད་བཟང་པོ། གཞན་དང་མི་འདྲ་བའི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་མི་མང་པོ་ཞིག་ལ་ཚེ་སྲོག་གི་རེ་བ་སྦྱིན་མྱོང་། དེ་བས་ངས་ཁོང་ལ་འདི་ལྟར་བརྗོད་འདོད་དེ།  ཁོང་ནི་སྨན་པ་ཞིག་ལ་འཛོམས་དགོས་པའི་ཆ་རྐྱེན་ཡོངས་སུ་འཛོམས་པའི་སྨན་པ་ཞིག་ཏེ། དེ་ཡང་སྨན་པའི་རྒྱུད་དྲུག་ལས།  བསམ་པ་དཀར་བའི་ངོ་བོ་ནི་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་འབབ་ཞིག་སྒྲུབ་པའི་བསམ་པ་དཀར་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ལ་བྱའོ། ཞེས་པ་བཞིན་ཀུན་སློང་གཙང་མ་ཞིག་གི་ངོས་ནས་ཐམས་ཅད་ལ་ཞབས་ཞུ་སྒྲུབ་པ་དང་། ཆེ་ཆུང་དང་མཐོ་དམའ། གཙང་ཙོག་མེད་པར་འདྲ་མཉམ་གྱི་ལྟ་བའི་སྒོ་ནས་ནད་པ་ཡོངས་ལ་ནད་བཅོས་བྱེད་པ་དེ་ནི།  ཁོང་གི་རང་བྱུང་ལྷུན་གྱིས་གྲུབ་པའི་འཇོན་ཐང་དང་རུས་རྐང་དུ་ཟུག་ཅིང་ཟུངས་ཁྲག་ཏུ་འདྲེས་པའི་དམ་ཚིག་ཞིག་དང་མཚུངས། འདི་ཡང་ང་ཚོའི་རྣམ་ཀུན་བརྗོད་བཞིན་པའི་སྨན་པ་བཟང་པོ་ཞིག་གི་གྲུབ་ལུགས་ཐོག་མ་ཡང་ཡིན་སྲིད།  

       དེ་བས་ངས་ཁོང་ལ་བཟང་པོ་བཞི་ལྡན་གྱི་སྨན་པ་ཞེས་བོས་དོན་འདི་ལྟར་ཏེ།  ༡ནད་པའི་ཐུགས་དང་མཐུན་པའི་གཏམ་ལེགས་པར་སྨྲ་བ། ༢གཞན་ཕན་གྱི་ལྷག་བསམ་ལྡན་པ།   ༣བསམ་བློ་སློབ་གསོ་ལྡན་པ།  ༤འགན་ཁྲི་ཡོད་པ་བཅས་རེད། ཁོང་གི་སྨན་བཅོས་མགོ་བརྩམས་ཚུལ་དང་མཇུག་སྡུད་ཚུལ། བློས་སློངས་ཚུལ་ཀྱི་ཐད་ནས་བཤད་ན།  འགྲོས་མྱུལ་བའི་སྤྱི་ཚོགས་ཀྱི་གོ་རིམ་བར་ནས་ལྷོད་ཆེ་ཤོས་དེ་ཡིན་པར་མ་ཟད།  སྨན་པ་ཤེས་རབ་རྒྱ་མཚོ་ལ་མཚོན་ན་སྨན་བཅོས་བྱེད་སྟངས་དེས་ཐད་དུ་ཐུན་མིན་གྱི་ཁྱད་ཆོས་ཞིག་མཆིས། སྤྱིར་ཤེས་བྱ་ཡོན་ཏན་ནི་མ་བསླབ་པར་བྱང་ཆུབ་ཡོད་པར་མི་གཅིག་ཀྱང་མེད་པས་སྨན་པའང་དེ་ལས་མ་འདས། སེམས་ཅན་ཐམས་བཅད་ལ་བདེ་འགྲོ་སྟེར་བའམ་མི་འདོད་ནད་ཀྱི་སྡུག་བསྔལ་ལས་སྐྱོབས་ཆེད།  ཁོང་གིས་གསོ་རིག་གི་ཤེས་བྱ་ཡང་དག་པར་ངེས་པར་་བྱས་ཏེ། བདག་གཞན་གཉིས་ཕན་གྱི་ལས་ཀ་སྒྲུབ་བཞིན་པ་འདིས། ནད་པ་གང་མང་ཞིག་གི  ནང་སེམས་ཀྱི་བརྩེ་དུང་དང་ཚེ་སྲོག་གི་རིན་ཐང་ལ་རེ་བ་སྦྱིན་པའི་ཆ་དེ་ཚོར་བྱུང་། དེ་ནི་རྒྱང་རིང་གི་མཁའ་མཐའ་ན་རླུང་གིས་སྒུལ་བཞིན་པའི་སྤྲིན་དཀར་དང་འདྲ་ལ། བསིལ་འཇམ་གྱི་རླུང་བུ་གཡུག་ཐེངས་རེ་རེར། ནད་པ་གྲངས་མེད་ཞིག་གི་སེམས་ངོར་འཐིབ་པའི་སྨུག་པ་དེ་དག  རྒྱང་རིང་དུ་བསྐྲད་ཅིང་། ཁོ་ཚོའི་རེ་བའི་འོད་སྣང་བསྩལ། ཤ་ཁྲག་གི་སྙིགས་རོ་གཙང་མ་བྱེད་ལ། སོབ་སོབ་ཀྱི་རུས་པ་སྲ་མཁྲེགས་སུ་གཏོང་། དབང་ཚོར་མེད་པའི་རྣམ་ཤེས་སླར་ཡང་གསོན་པར་བྱེད། དེ་ནི་ཟླ་དཀར་གྱི་ཞལ་རས་ནུབ་པར་མེད་པས་སྨན་པ་ཤེས་རབ་རྒྱ་མཚོ་ཡི་མཛད་རྗེས་ཡིན།    ད་དུང་རྒྱལ་ཕྱི་ནང་གི་ནད་པ་མང་པོ་སྨན་ཁང་ཆེ་མ་ཆུང་སོགས་སྐྱོབས་ཐབས་བྲལ་ལ།  ཚེ་སྲོག་གི་དབུགས་རྒྱུན་ཆད་ལ་ཉེ་ལ་ཉེ་བའི་ནད་པ་རེ་རེ།  ཁོང་གི་སྨན་བཅོས་ལག་རྩལ་ལ་བརྟེན་ནས། ད་ལྟ་རྣམ་ཀུན་དང་འདྲ་བར་འཚོ་སྡོད་བྱེད་ཡོད་པ་འདི་དག་ངོས་ནས་ང་ཚོའི་ཧ་ལས་དགོས་པ་ཞིག་རེད་འདུག་སྙམ།  མི་ཚོགས་རྐང་པ་རྡོ་ལ་ཐོག་ནས་ཁ་སྦུབ་ཏུ་ཡང་ཡང་བརྒྱབ་སྟེ།  ལར་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་མགྱོགས་མོར་བསྐྱོད་ཐུབ་པའི་མེ་ཏོག་གི་ལྡུམ་ར་བཞད་པ་དེའང་།  ང་ཚོ་ལ་བག་ཡངས་པའི་འཛུམ་མདང་གི་མཚོས་ཞིང་ཞེ་ལྷོད་པའི་བྱམས་བརྩེ་ཡི་ཉོར་མཁན་སྨན་པ་ཤེས་རབ་རྒྱ་མཚོ་རེད། སྤྱིར་མི་ཞིག་གི་མཚོ་བའི་ཁྲོད་དུ་གོམས་གཤིས་བཟང་པོ་དང་ཀུན་སྤྱོད་བཟང་པོ།  བསམ་པ་བཟང་པོ་སོགས་མི་དེས་སྒེར་གྱི་དོན་དག་ཞིག་ཏུ་མཐོང་སྲིད་ལ། ངས་ཀྱང་དེ་ནི་མི་ཞིག་ལ་མཚོན་མེད་དུ་མི་རུང་བའི་ཆ་རྐྱེན་དང་པོ་ཡིན་པར་འདོད་ཀྱིན་ཡོད།  དེར་བརྟེན། བབ་ཆགས་ཤིང་བརྩེ་སེམས་གྱིས་ཁེངས་པའི་སྨན་པ་ཤེས་རབ་རྒྱ་མཚོ་མཛད་རྗེས་ནི་རི་ལས་མཐོ་ཞིང་མཚོ་ལས་ཟབ་པའོ། སླད་མའི་ཆར་སྤྱིར་ན་བོད་ཀྱི་གསོ་རིག་སྨན་བཅོས་ཁག་གི་བསྟན་པ་དར་ཞིང་སྒོས་སུ་སྨན་པ་ཤེས་རབ་རྒྱ་མཚོ་མཆོག་གི་སར་རྩོམ་སྨན་བཅོས་ཀྱི་ལས་རིགས་དར་ཁོང་དང་འབྲེལ་ཡོད་ནད་པ་ཡོངས་ལ་བྱ་བ་ལམ་འགྲོ  ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་དང་བཅས། 

 

       


               སྨན་པ་ཀུན་བཟང་སྐྱིད་གླེང་བ།


     མཚམས་འདི་ནས་དུས་ཚོད་ཟེར་བ་འདི་སླར་ཡང་བེད་སྤྱོད་བྱས་ཏེ་སྨན་པ་ཤེས་རབ་རྒྱ་མཚོའི་་སློབ་མ་ཞིག་གི་བཟང་པོ་ཀུན་སྤྱོད་དང་ནད་པ་སྐྱོང་བའི་བྱམས་བརྩེ་གླེང་འདོད་དེ། ཁོ་མོ་ནི་མཛངས་མ་ཀུན་བཟང་སྐྱིད་རེད།  ཁོ་མོ་ནི།  གཏན་དུ་ནད་པ་ཚོར་ཕན་པའི་དཔག་བསམ་གྱི་འཁྲི་ཤིང་དེ་ཡིན་ལ། གཙང་བཙོག་དང་འདོད་སེམས་མེད་པ་ཞིག་ཀྱང་ཡིན།  ཁོ་མོ་ནི།  སྨན་པ་ཀུན་གྱི་ཡང་རྩེར་མིན་ནའང་ཡོན་ཏན་བརྒྱད་ལྡན་གྱི་མཛངས་མ་ཞེས་བོས་ན་འགྲིག་སྟེ།  སྒེར་སེམས་མེད་པའི་བློ་དཀར། འགན་ཁྲི་ལྡན་ལ་རང་བཀུར་ཡོད་པ། ཀུན་སྤྱོད་བཟང་ལ་གཤིས་འཇམ་གཞུང་དྲང་། བཟོད་སྒོམ་ལྡན་ལ་གུ་ཡངས་པ། ཤེས་རབ་ཆེ་ལ་བཏང་སྙོམས་ལྡན་པ་བཅས་རེད།  ཞིབ་ཏུ་ལྟ་དུས་ཁོ་མོས་སྨན་བཅོས་བྱེད་སྟངས་ལ།  ཞིབ་ཚགས་ལས་མངོན་པའི་བྱམས་བརྩེ། མི་ཆོས་རིག་གནས་ཀྱི་གུས་ལུགས། འཚོ་གནས་ཀྱི་ཁོར་ཡུག་དང་ནད་པའི་སེམས་ཁམས་ལ་རྒྱུས་ལོན་བྱེད་ཤེས་མཁན་གྱི་ཁྱད་ཆོས་དམིགས་གསལ་ལྡན་པ་ཞིག་ཀྱང་རེད།  མི་མང་པོ་ཞིག་གིས་རྒྱལ་ཁབ་རིམ་པའི་སྨན་ཁང་ཆེ་ཆུང་ཀུན་ལ་དགའ་མོས་བྱེད་ལ།  དེ་གར་སྐྱོད་ནས་འཚོ་བའི་འགྲོ་གྲོན་མང་པོ་གཏོང་བཞིན་འདུག་ནའང་།  ཕལ་ཆེ་ཤོས་ཚེ་སྲོག་གི་ངོ་བོར་མཇུག་བསྡུས་པ་ཙམ་ལས་ཅི་ཡང་མེད།  དེ་ནི་སྨན་པ་ཚོས་དམིགས་འབེན་ལ་སྦག་བཙོག་གིས་ལྷད་ནས། རང་གི་ཁ་གསོ་ལྟོ་རྒྱབ་ཀྱི་ཆེད་ལས་གཉེར་བཞིན་པ་ཙམ་ལས་མ་འདས། དེ་ལས་ལྡོག་སྟེ་སྨན་པ་ཀུན་བཟང་སྐྱིད་ཀྱིས་སྨན་བཅོས་བྱེད་སྟངས་དང་ནད་པར་བཟུང་བའི་ལྟ་ཚུལ་དང་བྱམས་བརྩེ་ལ་ལྟོས་དང་། གཉོམ་དུང་དུང་གི་མིག་ཟུང་རེ་རེ་ནང་དུ་བདེ་སྐྱིད་ཀྱི་ཉི་མ་མངོན་པར་བྱེད་ལ།  ཚེ་སྲོག་གི་འགྲུལ་བཞུད་མགོ་བརྩམ་དུ་བཅུགས།   དེ་བས་སྨན་པ་ཀུན་བཟང་སྐྱིད་ནི་ཅི་འདྲའི་འཇོན་ཐང་ཅན་ཞིག་རེད་ཨང་། ལྷག་པར་དུ།  ཁོང་གི་དྲི་མེད་ལྷག་བསམ་གྱིས་ཉོར་བའི་ནད་པ་རེ་རེ་ལ།  འཇམ་པོས་ངག་དང་བཅོས་མིན་གྱི་མཛའ་བརྩེ་ལྡན་པའི་སྒོ་ནས་སྨན་བཅོས་བྱེད་ལ། ནད་པ་དག་གི་སེམས་ཁམས་མོས་པ་དང་མཐུན་པའི་ལྷད་མེད་དྭངས་གཙང་གི་གཤིས་ཀ་དེ་ལ་ནག་ནོག་གི་དྲི་མ་མི་ལྡན་ཞིང་ཇི་འདྲའི་མཛེས་སྡུག་ལྡན་པ་ལའང་། འདི་ཡང་སྨན་པ་ཀུན་བཟང་སྐྱིད་ཀྱི་གཤིས་རྒྱུད་མ་ཡིན་ནམ།  དེས་ན་ང་ཚོས་ལྡེམ་ལྡེམ་སྐུ་ལ་གཞོན་ཤ་རྒྱས་ཞིང་།  སྙན་སྙན་ངག་གི་འགྱུར་ཁུག་མཛེས།   བློ་དཀར་སེམས་ཀྱི་རྩ་ཐང་ཡངས་ལ། ཁྲེལ་གཞུང་གཙང་བོ་དལ་གྱིས་བཞུར་བའི་སྨན་པ་ཀུན་བཟང་སྐྱིད་ཀྱི་འདས་མ་ད་གསུམ་གྱི་བྱ་བཞག་མཐའ་དག་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་སྨོན་དང་བཅས་སྤྱི་ལོ་༢༠༢༤ལོ་ཟླ་༧པའི་ཚེས་༨་ཉིན།  ཀན་ལྷོ་རྨ་ཆུ་ནས་བྲིས་པའོ། །


དབྱངས་ཅན་སྲས་པོ། 


      པདྨ་ནོར་བུའམ་དབྱངས་ཅན་སྲས་པོ་ནི།  ཁམས་རྨ་སྟོད་ཕྱོགས་ཀྱི་འབྲོག་སྡེ་རུ་སྐྱེས། སྙན་གཞུང་འཆད་ཉན་དང་གཞུང་ལུགས་ཁག་ལ་སྦྱོང་བ་བྱེད་བཞིན་པ་ཡིན། ༢༠༢༡ལོ་ཁམས་སྡེ་དགེ་ཞེ་ཆེན་དབྱངས་ཅན་རྟགས་མའི་རྩོམ་རིག་འགྲན་བསྡུར་ཆེན་མོ་བྱ་དགའ་ཨང་གཉིས་པ་ཐོབ། ༢༠༢༡ལོར་མཉམ་བྲིས་ཆེད་དེབ། སྐྱ་རེངས་གསལ་བའི་འཛུམ་མདངས།   འགྲེམ་སྤེལ་བྱས།  ༢༠༢༢སྐབས་ལྔ་བཅུ་བའི་སོག་རྫོང་མི་ལོའི་རྩོམ་རིག་འགྲན་བསྡུར་ཆེན་མོའི་གཟེངས་རྟགས་ཨང་དང་པོ་ཐོབ་བོ།  གཞན   ཤྭ་ཀྱ། ཞག་སྒྲོན། རྨ་འབྲི།  དཔལ་འཛོམས།  གངས་ལྗོངས་དཔལ་ཡོན།    གངས་དཀར་རི་བོ། མཚོ་མཐའི་གླུ་སྐད། མཁའ་རིའི་གཟི་དཔལ།  སྨྱུ་གུའི་སྙིང་སྟོབས། རྨ་ཆུའི་རླབས་སྒྲ།  ཁམས་པའི་ཚགས་པར། རྨི་ལམ་དྲྭ་བ།  མཆོད་མེ་དྲྭ་བ་སོགས་ཀྱི་ནང་དུ་བརྩམས་ཆོས་བཀོད་མྱོང་ཡོད།


小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།



 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིགརྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




                

  ▼   གླུ་གཞས་འོས་སྦྱོར།              
点赞+转发

 ▼ 点击下面语音,播放歌













འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章