ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢༠ ༽

文摘   文化   2023-12-20 21:02   青海  
ཆུ་དམར་རྩོམ་རིག                


                              ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

  


     


ཟིལ་སྙུག་སྲས། 


ཁ་སྐད་སྙན་ངག་གི་འོད་ཐིག་ཞིག་གཟིམས་པ།

སྙན་ངག་པ་བོང་སྟག་རི་ལུའི་གདུང་མཆོད་དུ་ཕུལ་བ།



ཁྱོད་ལ་ལས་ཀྱིས་གནང་བའི་སྙན་ངག་ཡོད། །

འཕྲལ་རྐྱེན་བདེ་བས་སྦྱར་བའི་ཁྱིམ་ཚང་ཡོད། །

དགུན་ཁའི་ཁ་བ་ཇི་བཞིན་འབབ་གྱུར་པས། །

ཁྱོད་ནི་སྙན་ངག་ནང་གི་སྙན་ངག་ཡིན། །

འདི་ལྟར་སྙན་ངག་འབྲི་འཕྲོ་བསྐྱུར་ཞོར་དུ། །

ཆུང་མའི་ངོ་གདོང་ཙམ་ལའང་མ་ཆགས་པར། །

འཕྲུལ་ཆས་གཡུལ་འགྱེད་འཐབ་པའི་བར་གླགས་ནས། །

ཁྱོད་རང་འདི་ལྟར་བཞུད་པར་ཡིད་རེ་ཕངས། །

ཁྱོད་རང་བཞུད་པས་ང་ནི་སྡུག་བསྔལ་གྱིས། །

སྙན་ངག་སྒྱེ་གང་དེ་ལ་འོ་ཞིག་བྱས། །

ཕྱི་མའི་ལམ་ཆེན་སྒྲོན་མེས་གསལ་བར་ཤོག །

སེམས་ཀྱི་སྒྲོན་མེ་ཞིག་ཀྱང་ཁྱོད་ལ་གཏེགས། །

ཚིག་གི་གཡུ་རལ་རྔམས་པའི་བུ་ག་ནས། །

ཁྱེད་རང་སླར་ཡང་བོད་ལ་ཕེབས་གྱུར་ཤོག །

                       ༢༠༢༣ ༡༢ ༡༦ ཉིན།


ཁ་བའི་རྨི་ལམ། 


ང་འུ་ཐུག་དུས།

སེམས་ཀྱི་སྡུག་བསྔལ་རང་ལ་བཤད་དགོས།

ང་འུ་ཐུག་དུས།

གྲོགས་པོ་མང་པོ་ཞིག་རྒྱང་རིང་ལ་ཡོད།

ང་འུ་ཐུག་དུས།

ངའི་ཉེ་འགྲམ་དུ་རང་གི་གྲིབ་གཟུགས་མིན་མེད།

ཐ་ན།

ཉེ་ས་དེ་དག་ཀྱང་ཐག་རིང་ཐག་རིང་ཞིག་ཏུ་གནས།

ངས་དེ་དག་འབོད་མི་ཕོད་འདུག

རྒྱུ་མཚན།

ཁྱེད་ཅག་ལ་བཤད་མི་ཚར་བའི་གནས་ལུགས་ཡོད།

ང་འུ་ཐུག་དུས།

ངའི་ཉེ་འགྲམ་དུ་སུ་ཞིག་ཀྱང་མེད།

ང་འུ་ཐུག་དུས།

ཕ་མ་དང་བཟའ་ཚང་དག་གི་བཀའ་དྲིན་ཡང་ཡང་དྲན་བྱུང་།

ང་འུ་ཐུག་དུས།

མིག་ཆུ་དྲོད་མོ་ས་ལ་འཐོར་པ་མང་།


རྣོ་འོད།



  མཛེས་སྡུག་གིས་གཙེས་པའི་རྒྱ་སེ།


རྒྱུ་འབྲས་དང་ཆོས་ཉིད་ཀྱི་ཞིང་ཚིགས་དེར།

གློད་དཀའ་ལ་བློས་མི་ཐོངས་བའི་གཡར་བའི་འདོད་ཡོན།།

བསམ་མི་་ཤེས་པའི་མཚན་སྨག་གི་ཀློང་དུ།

སེམས་པ་ཡངས་རུང་ཞེན་ཆགས་རྙི།

དོན་ཆ་མེད་ཀྱི་བྱ་དངོས་རེ་རེས།

ལས་ཆ་མེད་ཀྱི་ཐམ་ག་གཞན་ཞིག་བཀོད་ཡོང་།

འཇིག་རྟེན་ནི་ཁོད་ཡངས་ཞིག་མོད།

ནང་སེམས་སྟོང་བའི་གནས་མལ་ད་དུང་མ་རྙེད།

བརྗེད་དུ་ཕངས་བའི་གཏམ་རྒྱུད་ལ་ཆང་རག་གི་ཚོན་རྩི་བྱུག

ཡིད་ལ་བརྣག་པའི་ཁྱོད་རང་ཨུ་ཚུགས་ཀྱིས་ཐུར་ལ་འཕངས།

དུས་ཚོད་ཀྱི་གཙའ་ཆགས་པའི་

རྒྱ་སེ་ཡི་ཚེར་ལམ་དང་ཚེར་ཏོག་ལས་ལག་ཟུང་རྨས།

རྡོ་བ་ལ་དཔེ་འཇོག རྨ་ཁ་ལ་དཔེ་འཇོག  

སྒྱུ་མའི་ཤིང་རྟ་ལ་དཔེ་འཇོག སྒྱུ་འཕྲུལ་གྱི་བུམ་ཆུ་ལ་དཔེ་འཇོག

                              2023:11:9 ཀ་རོང་།


སྲུང་མ།



       ཁྲུང་ཁྲུང་།

    

ཁྲུང་ཁྲུང་ལགས

སྐྱོ་བ་འདི་ཁྱོད་ཀྱིས་བཞེས་དང

སྐྱོ་བའི་སེམས་པ་འདི་སྐབས་རེར་དུང་བ་ཡིན་པས

ཕྱིར་མིག་གི་སེམས་པ་འཁྲུངས་ཟིན་པ་ན

འཇིག་རྟེན་ནི་ཁྱོད་ཀྱི་རང་ཁྱིམ་ཡང་དག་པ་ཡིན་སྲིད


ཁྲུང་ཁྲུང་ལགས

སེམས་པ་གཞན་ལ་ཤོར་ན

འཁོར་བ་ནི་ལས་དབང་གི་སྐྱོ་གར་ཞིག་ཡིན་སྲིད་པས

གར་སྟབས་ཀྱིས་འགྱིང་བའི་འཚོ་བ་ནི

སླར་ཡང་འཚོལ་བའི་རྨི་ལམ་གྱི་འཁོར་ཡུག་དེ་ཡིན་འོས


ཁྲུང་ཁྲུང་ལགས

འཇིག་རྟེན་འདི་ལས་སླ་མོའི་ཚོར་བ་ཞིག

ཁྱོད་ཀྱི་གམ་ན་ཡོད་པ་ནི་སྣང་བའི་ལོ་གཞོན་དེ་ག་ལ་ཡིན་ཏེ

སེམས་ཁམས་སུ་རྟག་ཏུ་འབབ་པ་དེའང་སྣང་བརྙན་གྱི་སྒོ་མོ་རུང་ཡིན་པས

མི་ཡི་སེམས་ཁམས་སུ་རོལ་མྱོང་ཐེངས་གཅིག་བྱོས་དང

སྐྱོ་སྡུག་གི་འཁོར་བ་དེའང་རང་བཞིན་གྱི་བརྙེད་ཡོང


ཁྲུང་ཁྲུང་ལགས

མི་ཡུལ་གྱི་མེ་ཏོག་ལ་མཛེས་སྡུག་ལྡན་ཡང

སྣང་ཡུལ་གྱི་པདྨ་དེ་ནི་མཛེས་ལྡན་ཙམ་ཞིག་ག་ལ་ཡིན་ཏེ

མི་ཡི་འཇིག་རྟེན་ལ་འཁྲུངས་བའི་མཛེས་སྙིང་གི་རང་བྱུང་ཞིག

བདག་གི་སྙིང་རིམ་དུ་ཟུག་པའི་རི་བོ་ལས་ལྕི་བ་ལགས་སོ

                ༢༠༢༣-༡༡-༨-༠༠-༤༦-ལ་བྲིས། 


འབྲོང་ནག་བརྩོན་འགྲུས། 


               ཀཱ་ལི་དཱ་ས།


ནགས་ཀྱི་ཚལ་དུ་གྲིབ་མ་ཡལ་བའི་ཕོ་བྲང་དབུས་སུ་འགྲོ་ལམ་ན།།

སྒྱུ་མའི་ལང་ཚོ་ཚངས་པ་ལས་སྐྱེས་དབྱངས་ཅན་གཉིས་པ་རྟག་མཛུམ་ཅན།།

ཆར་བའི་རྒྱུན་གྱི་སྤྲིན་དཀར་གླང་པོ་རྨི་ལམ་མངོན་པའི་ནག་མོ་ཁོལ།།

སོར་མོ་འཕྲེང་བ་སྙིང་གར་བཀོད་དེ་ཡིད་ལ་རིང་དུ་གནས་པ་མཛོད།།


རྨོངས་པའི་དྲ་བ་ལྟུང་བའི་གནས།།

གཙང་བོ་འགྲམ་གྱི་རཱ་མའི་རི།།

སྨུག་སྤྲིན་ཡལ་བའི་གླིང་བུ་ཁྲོད།།

མཚོ་བྱུང་ལྷ་མོ་དབྱངས་ཅན་མ།།

ཟླ་འོད་བཟི་བའི་ལྗོན་ཤིང་རྩེར།།

བརྩེ་དུང་རོལ་བའི་སྙན་ངག་པ།།

སྙན་པའི་ཆུ་ཐིག་མག་མོག་ཁྲོད།།

དལ་བུ་ཕྱིན་པའི་འགྲོ་བ་མཐོང་།།

སྣང་བའི་སྤྲིན་གྱི་ཕ་རོལ་ན།

དབྱངས་ལ་ཐིམ་པའི་དཔྱིད་ལྡན་མ།།

རེ་དོགས་བྲལ་བའི་དབེན་པ་རུ།།

ཆུ་སྟོད་སྤྲིན་གྱི་ཕོ་ཉ་སྒུག།

རྗེ་བོ་གནོད་སྦྱིན་བཀའ་ལུང་གིས།།

ཟླ་བ་འགའ་ཡི་རི་བོ་ཕྱིན།།

འཚོ་བའི་ཁྲོད་ཀྱི་དཔྱིད་ལྡན་མ།།

ཕྱིར་དྲན་གླེང་བའི་གཏམ་རྒྱུད་ཀྱི་།།

པདྨའི་མཚེའུ་འགྲམ་དུ་ཕྱིན།།

མཚོ་ཡི་པདྨོ་འདར་རྐྱེན་གླེང་།།

ཌཱ་ཀི་འཛུམ་ཞལ་མེ་ཏོག་གི།།

འདབ་མ་གཟིགས་བཞིན་སྤྱན་ཆབ་བསིལ།།

དབེན་པའི་ན་བུན་གྱོན་པ་ཡི།།

གང་ཞིག་སྒྱུ་མའི་རི་དྭགས་ཀྱིས།།

གཟུགས་ཀྱི་སྐྱེ་མཆེད་མདངས་གྱུར་ཏེ།།

བས་མཐའི་ཚལ་དུ་འཁྱམས་བཞིན་དུ།།

ཆུ་སྟོད་ཟླ་བ་རྫོགས་པའི་ཉིད།།

བརྩེ་ལྡན་མི་མོ་སྲོག་འཆང་མ།།

སྤྲིན་གྱིས་དག་ལ་ང་བདེའོ།།

ལེགས་པར་འོངས་སམ་དགའ་བར་བརྗོད།།

ནམ་ཞིག་ཕྱིར་རུ་བྱུང་བ་ན།།

ལྗོན་པའི་འགྲམ་གྱི་རཱ་མའི་རི།།

བྱེའུ་ཆུང་ཙཱ་ཏ་ཀ་ཡིས་ཀྱང་།།

དགའ་བ་མིག་གི་བལྟ་ཕྱོགས་སུ།།

ཀཱ་ལི་དཱ་ས་ཕེབས་པ་ན།།

དཔྱིད་ལྡན་མ་ཡི་འཛུམ་ཆུང་གྲོལ།།

མི་སྨྲའི་བརྟུལ་ཞུགས་མཆོང་བ་པོ།།

རབ་འབྱམས་ཞིང་གི་སྐྱེ་བོ་ལ།།

སྤྲིན་པ་ནང་གི་ཡིག་ཆུང་དག།

གཏན་དུ་མི་འབྲལ་ལྟ་བུ་སྣང་།།

ཨེ་མ་ག་བུར་སྙིང་ག་རུ།།

དབྱངས་ཅན་སྒེག་ལྡན་མཇལ་བར་གྱུར།།

མཆོད་པའི་གཙང་ཆབ་གཞན་མ་བསྐྱིལ།།

དབྱངས་ཅན་གཉིས་པ་རྟག་འཛུམ་ཕུལ།།

ཁྱེད་ལ་དགའ་བའི་ཡིད་འཆང་མཁན།།

བདག་དང་སྐྱེ་བོ་ཁ་ཤས་ཞིག།

གཙང་བོ་འགྲམ་གྱི་རྫི་བོ་བྱེད།།


པཎ་སྐྱིད། 


མེ་ཏོག་རྐང་ཅིག་གི་ལས་དབང་།

             

མེ་ཏོག་འདིར། ཐོག་མ་མེ་ཏོག་སྟེ་གྲོགས་མེད་ཁེར་རྐྱང་དུ་འགྲོ་བའི་སྐབས་སུ།

རབ་རིབ་ཀྱི་ལམ་ཁར་ནས། 

ཁོ་ནི་ཉི་འོད་ཡིན་ཟེར་ནས་མེ་ཏོག་རྐང་ཅིག་དེ་ལ་དྲོ་སྣང་སྟེར།

ད་དུང་། མེ་ཏོག་སྟེ་སྐམ་ནས་སར་ལྷུང་ལ་ཉེ་བའི་སྐབས་སུ།

ཁོ་ནི་ཆར་བ་ཡིན་ཟེར་ནས་མེ་ཏོག་རྐང་ཅིག་དེ་ལ་འཇམ་མཉེན་གནང་།

སྐབས་ཅིག དེས་མེ་ཏོག་རྐང་ཅིག་སྟེ་བཞད་པས་གྲ་སྒྲིག་བྱེད་པའི་སྐབས་སུ།

ཁོ་རང་མེ་ཏོག་སྟེ་སར་འཐུ་ནས་ལྷ་ལ་མཆོད་འབུལ་བྱེད་དགོས་ཟེར།

འོན་ཀྱང་། ངའི་མ་ཤེས་སྔོན་ཆད་ཞི་འཇམ་གྱིས་འཁྱུད་མྱོང་བའི་རླུང་ཏེ།

ད་སྐབས་གདུག་རྩུབ་ཆེ་བའི་ངང་ནས་མེ་ཏོག་རྐང་ཅིག་སྟེ་བཅག་སྲིད།

སྔོན་ཆད་གསོ་སྐྱོང་བྱས་མྱོང་བའི་ཆར་བ་སྟེ།

དེ་སྙིང་རྗེ་གང་ཡང་མེད་པར་མེ་ཏོག་རྐང་ཅིག་ལ་རྡུང་རྡེག་གཏོང་།

འདི་ནི་མེ་ཏོག་རྐང་ཅིག་གི་ལས་དབང་རེད།

གཤིས་འཇམ་གྱིས་ཆར་རླུང་འགོག་མི་ཐུབ་ལ།

སྤྱོད་བཟང་ཡང་་གནོད་འཚེ་ལས་གཡོལ་མི་ཐུབ།

དཀའ་སྡུག་མང་པོ་བརྒྱུད་ན།

ད་དུང་ཆར་རླུང་གི་རྗེས་སུ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ངང་ནས་འཚར་ལོངས་བྱུང་ཐུབ་ལ།

དུས་དེ་ནས་བཟུང་མེ་ཏོག་རྐང་ཅིག་སྟེ་མི་སུ་ལའང་མི་བརྟེན་པར།

མི་རྐྱང་རྟ་རྐྱང་གི་རི་ཀླུང་རྒྱ་མཚོ་གང་མངབརྒལ་བ་ནི།

མེ་ཏོག་རྐང་ཅིག་གི་འདུན་པ་ཡིན། 


འབྲོང་ནག


    གནས་མཆོག་ཉི་མ་ལྷ་ས།

              

དབུས་ཀྱི་ཉི་མ་ལྷ་ས

ཕོ་བྲང་པོ་ཏ་ལ་ཡི་གཟི་བརྗིད་འོད་སྣང་འཕྲོས་བཞིན་ཡོད

གནས་མཆོག་འདི་ནས་མི་རིགས་ཀྱི་ལོ་རྒྱུས་ལྡན་པའི་ཞིང་ཁམས

བོད་པས་བློ་གྲོས་དང་འཇོན་ཐང་མཚོན་པའི་རམི་རིགས་ཤིག

སྙན་གྲགས་འཛམ་གླིང་དུ་ཁྱབ་པའི་དབུས་ཀྱི་ཉི་མ་ལྷ་ས

དབུས་ཀྱིཉི་མ་ལྷ་ས

དད་ལྡན་མང་པོ་ཞིག་གི་ཡིན་རིང་དུ་རེ་སྒུག་གནང་བའི་ཇོ་བོ་རིན་པོ་ཆེ།

དད་པ་དབང་གིས་ས་ཐག་རིང་པོ་ལམ་ནས་དབུས་ལམ་ཕྱོགས་སུ་རྒྱུད་པ་ཡིན།

མི་ཚེ་གཅིག་གི་བདེ་སྡུག་ཆོས་ལ་བསྒྱུར་ནས་དབུས་སུ་ཕོ་བྲང་འཇལ་དུ་ཡོང་བ་ཡིན།

དབུས་ཀྱི་ཉི་མ་ལྷ་ས

བོད་མི་ཞིག་གི་སྙིང་ཁོང་དཀྱིལ་དུ་ཉལ་བའི་ཇོ་བོ་རིན་པོ་ཆེ།

གནས་མཆོག་ཉི་མ་ལྷ་ས་གླིང་གི་སྤུས་དྲི་ཁྱབ་པའི་ཞིང་ཁམས།

གནས་འདི་ན་མེས་པོ་གོང་མའི་སྲོལ་བཟང་བརྗེད་མེད་ཡིན།།

ང་ཡི་མགྲོན་སྐྱབས་མགོན་མཛད་འཕྲིན་བརྗེད་མེད་ཡིན།།   

       ༢༠༢༣ལོའི་ཟླ་བ་བརྒྱད་པའི་ཡར་ངོ་ཚེས་བཟང་ཉིན་ལ་ཉི་མ་ལྷ་ས་གླིང་ནས་བྲིས་པ་དགེའོ།།


མགར་སྨྱུག་རྩེ། 


     མིང་མེད།  

  


མུན་ནག་དང་འགྲོགས་ནས་ཁང་ཁྱིམ་དུ་ལོག་རྗེས

བསམ་གཞིག་གི་སྣེ་མོ་ན

མི་ཕོ་ཕལ་བ་ཞིག་གི་ཕུགས་བསམ་གྱི་རྨི་ལམ་དེ་ཡང

རྒྱང་རིང་དང་ཉེ་འགྲམ་དུ་ཡོད་ཡོད་འདྲ་བའི

སེམས་ཚོར་བྱུང

 

ལོ་ཟླ་མང་པོ་ཁེར་ཧྲེང་གི་བསམ་གཞིག་དེ་དག

སྐྱོ་ཤེས་ཀྱི་མིག་ཟུང་སྐྱོར་ནས

རང་ཉིད་ལ་བསམ་དུས

ཅི་ཞིག་འཇོན་ཡོད

 

ཕུགས་བསམ་དང་དགའ་ཕྱོགས་དེའི་དབང་གིས

བསླུ་བྲིད་སྣ་ཚོགས་ཀྱི་ངོ་སོ་ལ་བློས་གཏོང་ཁུལ་གྱིས

རང་སྣང་གི་འཇིག་རྟེན་ཕར་ངོགས་སུ

ཕམ་ཁ་དང་རྒྱལ་ཁ་ཟེར་བའི་ངེས་རྟོགས་དེ

གང་དུ་ཡོད་སྲིད

 

             ༢༠༢༣/༡༡/༡༤ཉིན།


 ༼ཆུ་དམར་མྱུ་གུའི་སྟོབས་ཚང་།༽     

༼མྱུ་གུའི་སྟོབས༽ཚང་གི་སྙན་ངག་སྤེལ་ཐེངས་ལེའུ།

ཆུ་དམར•མྱུ་གུ་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༣ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༤ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༥ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༦ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༧ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༨ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༩ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༠ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༡ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༢ ༽

ཆུ་དམར•མྱུ་གུའི་སྟོབསཚང་གི་སྙན་ངག་སྤེལ་ཐེངས། ༼༡༣༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༤༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༥༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡༦ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡༧ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༨༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༩༽



小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།



 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིགརྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




                

  ▼   གླུ་གཞས་འོས་སྦྱོར།              
点赞+转发

 ▼ 点击下面语音,播放歌













འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章