ཁམས་འབྲི་སྲས་ཀྱི་སྙན་ངག་བདམས་བཀོད།

文摘   文化   2024-10-25 20:35   青海  


  ཆུ་དམར་རྩོམ་རིག             



ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

  


        

     

 


           སེམས་ཀྱི་ཟེགས་མ་དཀར་པོ།


                      ཁམས་འབྲི་སྲས། ༼ ཆུ་དམར། ༽


ཤ་རུས་རྒྱུད་གཅིག་པའི་ཕུ་ནུ་ཕན་ཚུན་གྱི་བར་ལ།།

དོན་ངོ་ཚ་ཁྲེལ་མེད་ལྐོག་ཁ་བརླ་བརྩགས་རེ་མ་བྱེད།།

ལས་དྲང་བདེན་ངང་ནས་མཐུན་པའི་བརྩེ་སེམས་དེ་སྐྱོང་སྟེ།།

ལུས་ལན་ཅིག་ཤ་ཁྲག་ཆུད་གཟོན་མ་གཏང་ན་མ་འཆུག།


ཕ་མེས་པོའི་བརླ་རྐང་དབྱངས་གསལ་སོ་བཞི་ཡི་ང་རོ།།

རིགས་རྙོག་འཛིང་ཅན་གྱི་ཁོར་ཡུག་རྫུན་མའི་གསེབ་ཐིམ་ན།། 

བོད་བྱམས་ལྡན་ཚང་གི་ཐ་སྙད་བོར་ཉེན་ལ་ཐུག་པས།།

སྐད་ཡི་གེ་གཉིས་ལ་ལྷད་མེད་བརྩོན་སེམས་དེ་མ་འཆུག།


སེམས་རྣམ་གཡེང་འདུ་འཛི་ཆང་དང་ཤོ་བག་ལ་འཁོར་ནས།།

ལུས་ལན་གཅིག་མི་ཚེ་བ་ལྟོ་རྩྭ་ཟན་བཞིན་འདས་ན།།

དོན་མི་ལུས་ཐོབ་ཀྱང་འབྲས་མེད་སྡོང་སྐམ་དང་མཚུངས་པས།།

ཡིད་དྲན་ཤེས་ལྡན་པའི་བརྩོན་འགྲུས་རྟ་ཕོ་དེ་མ་འཆུག།


སེམས་རང་ཚུགས་མེད་པ་གྱང་ཁའི་རྩྭ་སྐྱ་ཡི་རང་བཞིན།།

སུ་ངོ་སོ་མཐོ་ན་དེ་ཡི་རྗེས་ཕྱོགས་སུ་རྒྱུག་ནས།།

ཁ་ངོ་བསྟོད་ཙམ་གྱིས་རྐང་པའི་ཕྱི་ངོས་ལ་ལྡག་པའི།།

ལས་གྲངས་བདེན་མིན་པའི་བྱ་སྤྱོད་བསྐྱུར་རྒྱུ་དེ་མ་འཆུག།


དོན་གནས་ལུགས་ཟབ་མོའི་ནང་ཆོས་ལྟ་བ་དེ་མ་ཤེས།།

བློ་དྲན་ཤེས་རྨོངས་པས་མཆོག་གསུམ་ངོ་རྒོལ་རེ་བྱས་ན།།

ཚེ་འདི་ཕྱི་གཉིས་ཀྱི་ལམ་དེ་བོར་ཉན་ལ་བསམ་ནས།།

གཞི་ཚད་ཐིག་ལྡན་པའི་བསམ་བློའི་ལྟ་གྲུབ་དེ་མ་འཆུག།


            མདུན་ལམ་དོགས་པོ།


གཞན་ཕན་ལྷག་བསམ་མེད་པའི་དགེ་རྒན་མཚར།།

བསམ་བློ་བག་ལ་འཁུམ་པའི་ཁྱིམ་བདག་མཚར།།

དམངས་ལ་བྱམས་བརྩེ་མེད་པའི་དཔོན་པོ་མཚར།།

མཚར་པོ་གསུམ་གྱི་ཁྲོད་ནས་མདུན་ལམ་དོགས།།


དུས་བཞི་འགྱུར་བག་དབང་གིས་སེར་བུ་རྒོད།།

ལྷག་རླུང་གྲང་མེད་ཁྲོད་ཀྱི་ཁ་བ་རྒོད།།

རྫུན་མའི་ཁོར་ཡུག་ཁྲོད་ཀྱི་སེམས་པ་རྒོད།།

རྒོད་པོ་གསུམ་གྱི་ཁྲོད་ནས་མདུན་ལམ་དོགས།།


གྲང་ལྷག་བུ་ཡུག་འཚུབས་པས་ནམ་ཟླ་འཁྱག།

གྱོན་པའི་ལྭ་བ་སྲབ་པའི་ལུས་ཕུང་འཁྱག།

མི་སེམས་གཡོ་སྒྱུ་རྒོད་པའི་སེམས་པ་འཁྱག།།

འཁྱག་པ་གསུམ་གྱི་ཁྲོད་ནས་མདུན་ལམ་དོགས།།


            བཞི་ཤད་ནག་པོ།


བདག་འཛིན་གཞན་ནོར་སྟེང་དུ་རྐུ་ལག་བསྲིང་།།

ཁྱིམ་ཚེས་ཕན་ཚུན་བར་ལ་མཁོན་ཁ་བཤད།།

སེམས་གྱི་སྦྲོམ་ཆུང་རྫུན་དང་གཡོ་སྒྱུས་ཁེངས།།

རང་ཉིད་ལམ་ལ་བཞི་ཤད་འབུར་དུ་བཀོད།།


གདོང་དམར་འགྲོ་བའི་འཚོ་བརྟེན་ཁྲག་ལ་སྦྱར།།

གཞིས་ཁྱིམ་དྲོད་མོ་གཏོར་ནས་གྲོང་ལ་སྤར།།

དུ་ཆང་སྟེགས་གྲུག་ཕྱོགས་ལ་མགོ་བོ་འཁོར།།

རང་གི་འཚོ་བའི་ཁྲོད་དུ་བཞི་ཤད་བྲིས།།


གྱོན་པའི་ལྭ་བ་རྒྱ་མ་བོད་ཀྱི་གཤིས།།

བཤད་པའི་སྐད་ཆ་ར་མ་ལུག་གི་སྤུན།།

བསམ་པའི་འདུ་ཤེས་ལུང་མ་བསྟན་གྱི་ངང་།།

བསོག་པའི་ནོར་ལ་རང་གིས་བཞི་ཤད་འཐེན།།


              དཀའ་མོ།  


མི་ཁའི་གྲང་ངར་རྒོད་པའི་འཇིག་རྟེན་ནས།།

མཐུན་སྒྲིལ་བསམ་བློ་མེད་པའི་ཡུལ་སྡེ་དང་།།

རང་ཚུགས་ལྟ་བ་མེད་པའི་འཁྱམ་པོ་དག།

ནམ་ཡང་ཤེས་རྟོག་ལྡན་པའི་བསམ་བློ་དབེན།།


ཤེས་རིག་ཆར་ལྟར་འབབ་པའི་སློབ་ཡུལ་ན།།

ལེ་ལོའི་རྙི་རུ་ཚུད་པའི་སློབ་བུ་དང་།།

མཐུན་སྒྲིལ་མི་གཤིས་ངན་པའི་མི་བུ་དག།

མདུན་སྐྱོད་ལམ་བཟང་རྙེད་པའི་གོ་སྐབས་ཕྲ།།


ཚན་རྩལ་ཤེས་རིག་དར་བའི་དུས་རབས་འདིར།།

མཐོང་ཐོས་ཤེས་རྒྱ་དབེན་པའི་དཔོན་ཆུང་དང་།།

ཀླད་ཆེན་ལྟོ་ལ་འཁོར་བའི་ཀླད་རྙིང་དག།

བསམ་བློ་བག་ལ་ཞ་བས་སྔོན་ཐོན་དཀའ།།


            ཨ་ཕོའི་འབོད་སྒྲ།


ཕྱུགས་རིགས་རྨིག་རྗེས་འགྲིམ་པའི་བུ་ལོ་ཚོ།།

རིག་པའི་གནས་ལ་སྦྱང་བ་མ་བྱས་ན།།

མ་འོངས་མི་ཚེའི་ཁྲོད་ཀྱི་མདུན་ལམ་སྟེ།།

འབྲོག་པའི་འཚོ་བ་བོར་དུས་ཚར་རྒྱུ་རེད།།


ལྔ་ཟིང་གནས་ལ་སྦྱང་བ་ག་ལ་ཤེས།།

ཀ་ཁའི་ང་རོ་ཙམ་ཡང་རི་བོང་རྭ།།

དེ་འདྲའི་མི་ཚེའི་ཁྲོད་ཀྱི་ལག་སྟོང་བ།།

འདི་ཕྱི་གཉིས་ཀྱི་གྲོང་ནས་ཚར་རྒྱུ་རེད།།


སྨྲ་ཤེས་རྐང་གཉིས་ཅན་གྱི་མི་བུ་དག།

ཟ་ཉལ་ཙམ་ཞིག་དུད་འགྲོ་སུས་ཀྱང་ཤེས།།

འགྲོ་འདུག་ཙམ་ཞིག་སྲོག་ལྡན་ཀུན་ལ་ཡོད།།

དེས་ཕྱིར་དུད་འགྲོ་ལས་ཀྱང་ཆེད་འཕགས་རེམ།།


                ནད་ཡམས།  

                     

བརྩེ་བ་རྫུན་མའི་ཁྲོད་ཀྱི་འཛུམ་མདངས་གཅིག།

དུང་བ་ངོ་གཉིས་བར་གྱི་རྙོག་འཛིང་གཉིས།།

མི་གཤིས་ལྷད་ཅན་ཞིག་གི་འཁྲབ་སྟོན་གསུམ།།

འཇིག་རྟེན་རྫུན་དུ་བཟོ་མཁན་ནད་ཡམས་ཤིག།


སེམས་མདུན་སྒོར་ལ་ཕྱོགས་པའི་དགེ་རྒན་གཅིག།

སེམས་རྒྱུད་རྣམ་གཡེང་ཅན་གྱི་སློབ་མ་གཉིས།

སེམས་ཁམས་གཡོ་སྒྱུས་ཁེངས་པའི་མི་བུ་གསུམ།།

སློབ་གསོའི་ཁོར་ཡུག་ཁྲོད་ཀྱི་ནད་ཡམས་ཤིག།


རྒྱུ་འབྱོར་ཕྱུག་ཀྱང་མཁོ་འདོན་མི་ཤེས་གཅིག།

མི་ལུས་ཐོབས་ཀྱང་རྒྱུ་གཡོག་གྱུར་དང་གཉིས།།

རྙོག་རྡུལ་ཡིན་ཡང་གསོག་མདོད་ཆེ་དང་གསུམ།།

མི་ཚེའི་དོན་འབྲས་རླག་པའི་ནད་ཡམས་ཤིག།


 ༼ཆུ་དམར་མྱུ་གུའི་སྟོབས་ཚང་།༽     

༼མྱུ་གུའི་སྟོབས༽ཚང་གི་སྙན་ངག་སྤེལ་ཐེངས་ལེའུ།

ཆུ་དམར•མྱུ་གུ་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༣ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༤ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༥ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༦ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༧ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༨ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༩ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༠ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༡ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༢ ༽

ཆུ་དམར•མྱུ་གུའི་སྟོབསཚང་གི་སྙན་ངག་སྤེལ་ཐེངས། ༼༡༣༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༤༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༥༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡༦ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡༧ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༨༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༩༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢༠ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢༡ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༢༢༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢༣ ༽


小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།


 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིག་རྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




      

  ▼   གླུ་གཞས་འོས་སྦྱོར།              
点赞+转发

 ▼ 点击下面语音,播放歌















འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章