དབྱངས་ཅན་སྲས་པོའི་སྙན་ངག་བདམས་བཀོད།

文摘   文化   2024-09-06 19:15   青海  
    ཆུ་དམར་རྩོམ་རིག             


                       ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

  


         





    མེ་ཏོག་མ་རེད་ཁྱོད་རང་རེད།


                       དབྱངས་ཅན་སྲས་པོ། 


སྒྲོལ་མ་ལགས

ཟླ་བ་མེད་པའི་མཚན་མོ་ཞིག་ལ

བདག་གི་རྨི་ལམ་དུ་འཛུམ་ཆུང་གི་བསུ་མ་བྱེད་མཁན་དེ་ནི

མེ་ཏོག་མ་རེད་ཁྱོད་རང་རེད


སྒྲོལ་མ་ལགས

དབྱར་གྱི་དཔལ་ཡོན་བཞད་དུས

མི་ཚོགས་ཀྱི་ཁྲོད་ནས་བདག་གི་སྙིང་ཤ་སྒུལ་མཁན་དེ་ནི

མེ་ཏོག་མ་རེད་ཁྱོད་རང་རེད


སྒྲོལ་མ་ལགས

རི་ཆུ་སྟོང་གི་ཕར་ནང་ཞིག་ནས

ནང་སེམས་ཀྱི་སྐད་ཆ་ཤུབ་ཤུབ་བརྗོད་ས་དེ་ནི

མེ་ཏོག་མ་རེད་ཁྱོད་རང་རེད


སྒྲོལ་མ་ལགས

མི་གྲངས་དུང་ཕྱུར་ལྷག་གི་ནང་རོལ་ནས

བདག་གི་སྙིང་དུ་སྡུག་པའི་འབྲོག་མོ་དཀྱུས་མ་དེ་ནི

མེ་ཏོག་མ་རེད་ཁྱོད་རང་རེད


སྒྲོལ་མ་ལགས

རོལ་དབྱངས་ཞིག་དཀྲོལ་རྗེས

ཆང་ཕོར་མཉམ་སྡེབ་བྱེད་མཁན་དེ་ནི

མེ་ཏོག་མ་རེད་ཁྱོད་རང་རེད


 དེ་ལ་དྲིན་ལན་མ་འཕྲོད་པའི་དགོངས་དག་ཞུ། 


ཨ་ཕ་ལགས

འཁོར་བའི་གཏིང་རིམ་ཞིག་ནས

དཀའ་སྡུག་གི་རྔུལ་ཆུ་རེ་རེ་ང་ཚོས་ཆེད་དུ་ཡིན་ནམ

དེ་ལ་དྲིན་ལན་མ་འཕྲོད་པའི་དགོངས་དག་ཞུ


ཨ་ཕ་ལགས

རྒས་པའི་གྲུབ་གཟུགས་འཛིན་ནས

གཞིས་ཁྱིམ་ཞིག་སྐྱོང་དོན་ང་ཚོའིི་ཆེད་དུ་ཡིན་ནམ

དེ་ལ་དྲིན་ལན་མ་འཕྲོད་པའི་དགོངས་དག་ཞུ


ཨ་ཕ་ལགས

ཙག་རླུང་རྒོད་པའི་ཡུལ་གྲུ་ཞིག་ནས

ཡོད་ཚད་དོར་ཏེ་འདུར་རྒྱུག་བྱེད་དོན་ང་ཚོའི་ཆེད་དུ་ཡིན་ནམ

དེ་ལ་དྲིན་ལན་མ་འཕྲོད་པའི་དགོངས་དག་ཞུ


ཨ་ཕ་ལགས

དབྱར་གྱི་མེ་ཏོག་སྐམ་ཚར་དུས

སྒོ་ཟོག་རེ་རེ་སྒོ་ནས་བཤའ་དོན་ང་ཚོའི་ཆེད་དུ་ཡིན་ནམ

དེ་ལ་དྲིན་ལན་མ་འཕྲོད་པའི་དགོངས་དག་ཞུ


           གཅེས་ཐང་ཇེ་ཆེ་རེད།


དབྱར་ཟླ་དྲུག་པ་མཇུག་རྫོགས་ལ་ཉེ་བའི་དེ་རིང

སུ་ཞིག་གིས་བདག་ལ་སྐད་འཕྲིན་བརྒྱུད་དེ་སྐྱིད་སྡུག་གི་སྐད་ཆ་གླེང་བཞིན་ཡོད

ངས་སེམས་ཀྱི་ཏིང་རིམ་ཞིག་ནས

དོན་དེ་ལ་ཞིབ་མོར་འདང་རྒྱག་བྱེད་རྗེས

ལོ་ཟླའི་རྒྱུད་རིམ་གང་མང་ཞིག་གི་ཁྲོད་ནས་སློབ་མ་ཞིག་གིས

བདག་ལ་སྐད་དང་རིག་གཞུང་ཞེས་གླེང་མཁན་དེ་ནི་ཁྱོད་རང་ཁོ་ན་ཡིན

དེས་རྐྱེན་གྱིས་ངས་ཁྱོད་ལ་གཅེས་ཐང་ཇེ་ཆེ་རེད


ལོ་རྒྱུས་རིང་བའི་རྒྱལ་རབས་དེ་ལ

མཚོན་བྱེད་ཀྱི་ཐ་སྙད་སུམ་བཅུ་སོ་བཞི་ཡོད་ཀྱང

ཁ་རླངས་ཞིག་གི་བརྫད་ནས་མེད་པར་བཟོ་གྲབས་བྱེད་དུས

ནང་སེམས་ཀྱི་སྒྲོན་མེ་བཀར་ཏེ

ཁོད་ཡངས་པའི་ནམ་མཁའ་དེ་ལ་འོད་ཐིག་གི་ས་བཀྲ་འབྲི་མཁན་དེ་ནི་ཁྱོད་རང་ཁོ་ན་རེད

དེས་རྐྱེན་གྱིས་ངས་ཁྱོད་ལ་གཅེས་ཐང་ཇེ་ཆེ་རེད


གཏམ་རྒྱུད་གཅིག་གི་མགོ་བརྩམས་པའི་དེ་རིང

སྨོན་འདུན་གྲངས་མེད་ཞིག་གངས་རི་དང་ལྷན་དུ་འཁྱིལ་གྱིན་ཡོད་ནའང

དྲན་འཛིན་གྱི་མེ་ལོང་དུ་འཛུམ་པའི་ཐ་སྙད་དེ་དག

སྔར་བཞིན་སྤྱི་ཚོགས་ཀྱི་དབུས་ནས་རེ་སེམས་རླུང་གིས་སྤུར་དུས

དུངས་ཞེན་གྱི་སྣང་བརྙན་དགུང་ལ་ཡན་ནས

ང་ལ་སྨོན་འདུན་དང་རེ་བ་ཡོད་ཟེར་མཁན་དེ་ནི་ཁྱོད་རང་ཁོ་ན་རེད

དེས་རྐྱེན་གྱིས་ངས་ཁྱོད་ལ་གཅེས་ཐང་ཇེ་ཆེ་རེད



      ཁྱོད་ལ་བདེ་སྐྱིད་ལྡན་པར་ཤོག


ནུ་མོ་ལགས

དབྱར་གཞུང་དེ་མཇུག་རྫོགས་རྗེས

གྱེས་ཁའི་སྐེ་འཇུ་གནང་མཁན་དེ་ནི་ཁྱོད་རང་རེད

ཁྱོད་ཀྱི་མི་ཚེ་གང་བོར་བདེ་སྐྱིད་ལྡན་པར་ཤོག


ནུ་མོ་ལགས

ཐག་རིང་སློབ་ཆེན་དུ་བསྐྱོད་རྗེས

མཚམས་འདྲི་ཡི་འཕྲིན་ཐུང་བསྐུར་མཁན་དེ་ནི་ཁྱོད་རང་རེད

ཁྱོད་ཀྱི་ཤེས་རིག་གི་ལོ་འདབ་སྔར་ལས་རྒྱས་པར་ཤོག


ནུ་མོ་ལགས

ཡང་བསྐྱར་ཐུག་འཕྲད་བྱུང་རྗེས

ཨ་གསར་མེད་ལ་འདང་བརྩེ་ཡོད་མཁན་དེ་ནི་ཁྱོད་རང་རེད

ཁྱོད་ཀྱི་ཕུགས་བསམ་མཐའ་ལས་ཡོང་བར་ཤོག


ནུ་མོ་ལགས

དཀའ་སྡུག་ཅི་ཞིག་བྱུང་རྗེས

ང་ཚོ་ནམ་ཡང་མིང་སྲིང་ཡིན་བསམ་མཁན་དེ་ནི་ཁྱོད་རང་རེད

ཁྱོད་ཀྱི་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོ་ཡོང་བ་ཤོག

དབྱངས་ཅན་སྲས་པོ། 


       པདྨ་ནོར་བུའམ་དབྱངས་ཅན་སྲས་པོ་ནི།  ཁམས་ཆུ་དམར་རྨ་སྟོད་ཕྱོགས་ཀྱི་འབྲོག་སྡེ་རུ་སྐྱེས། སྙན་གཞུང་འཆད་ཉན་དང་གཞུང་ལུགས་ཁག་ལ་སྦྱོང་བ་བྱེད་བཞིན་པ་ཡིན། ༢༠༢༡ལོ་ཁམས་སྡེ་དགེ་ཞེ་ཆེན་དབྱངས་ཅན་རྟགས་མའི་རྩོམ་རིག་འགྲན་བསྡུར་ཆེན་མོ་བྱ་དགའ་ཨང་གཉིས་པ་ཐོབ། ༢༠༢༡ལོར་མཉམ་བྲིས་ཆེད་དེབ། སྐྱ་རེངས་གསལ་བའི་འཛུམ་མདངས།   འགྲེམ་སྤེལ་བྱས།  ༢༠༢༢སྐབས་ལྔ་བཅུ་བའི་སོག་རྫོང་མི་ལོའི་རྩོམ་རིག་འགྲན་བསྡུར་ཆེན་མོའི་གཟེངས་རྟགས་ཨང་དང་པོ་ཐོབ་བོ།  གཞན   ཤྭ་ཀྱ། ཞག་སྒྲོན། རྨ་འབྲི།  དཔལ་འཛོམས།  གངས་ལྗོངས་དཔལ་ཡོན།    གངས་དཀར་རི་བོ། མཚོ་མཐའི་གླུ་སྐད། མཁའ་རིའི་གཟི་དཔལ།  སྨྱུ་གུའི་སྙིང་སྟོབས། རྨ་ཆུའི་རླབས་སྒྲ།  ཁམས་པའི་ཚགས་པར། རྨི་ལམ་དྲྭ་བ།  མཆོད་མེ་དྲྭ་བ་སོགས་ཀྱི་ནང་དུ་བརྩམས་ཆོས་བཀོད་མྱོང་ཡོད།


小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།



 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིགརྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




                

  ▼   གླུ་གཞས་འོས་སྦྱོར།              
点赞+转发

 ▼ 点击下面语音,播放歌













འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章