བུད་མེད་དུས་ཆེན་ལ་ཕུལ་བའི་ཚིག་གསུམ་ཡིད་ཀྱི་འབོད་པ། རླུང་བུ།

文摘   文化   2024-03-08 20:41   青海  


  ཆུ་དམར་རྩོམ་རིག             




ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

  



 བུད་མེད་དུས་ཆེན་ལ་ཕུལ་བའི་ཚིག་གསུམ་ཡིད་ཀྱི་འབོད་པ།  

༨                         

                               རླུང་བུ།  








བྱམས་བརྩེ་མཚུངས་ཟླ་བྲལ་བའི་ཨ་མ་དང་། །

དུང་སེམས་གསུབ་པར་དཀའ་བའི་ཆུང་མ་གཉིས། །

མཛའ་བརྩེ་མཚོ་མོའི་ཟབ་འདྲའི་མིང་སྲིང་སོགས། །

འཛམ་གླིང་བུད་མེད་ཡོངས་ཀྱི་དུས་ཆེན་བསུ། །


སློབ་གསོ་ཐོག་མ་ཨ་མས་སློབ་གསོ་དང་། །

ཨ་མས་སློབ་གསོའི་སློབ་གསོ་ཐོག་མ་ཡིན།། 

གསུངས་བས་མིའི་རིགས་སློབ་གསོ་ཐོག་མ་ནི།།

བུད་མེད་སློབ་གསོ་ཡིན་པར་སྨོས་ཅི་དགོས། །


དེ་བས་བུད་མེད་ཞིག་གི་ངོས་ཐད་ནས། །

ཡོད་དུ་མི་རུང་བ་ནི་བཞི་ཡོད་དེ། །

བློ་མི་བརྟན་དང་གང་བྱུང་དུ་སྨྲ་བ། །

འགྲོ་འདུག་བྱ་བྱེད་དག་ལ་ཟབ་པར་འཚལ། །


སྐྲ་རིང་མ་དང་བློ་ཐུང་མ་ཞེས་པར། །

མི་གཅིག་ཟུར་ཟའི་ཚིག་གི་བརྡ་མིན་ཏེ། །

དེ་བས་རང་ཚུགས་མེད་པའི་བུད་མེད་ལ། །

ཟུར་ཟ་མིན་ཀྱང་དེ་ཡི་རྗེས་སུ་འགྲོ། །


ངག་འཇམ་དྲང་བོར་སྨྲ་བ་ཀུན་ཡིད་འཕྲོག།

ངག་སྒོ་གང་བྱུང་སྨྲ་བར་དཀྲུག་པའི་རྒྱུ།། 

རྒྱལ་སྲིད་དང་ནི་ཁྱིམ་སྲིད་གང་ཡིན་ཡང་། 

བུད་མེད་ཐ་ཚིག་ཡོད་པར་ཅིའི་ཕྱིར་ཡིན། །


རྐང་བའི་སྟངས་སྟབས་ངག་གི་བརྗོད་སྟངས་དང། །

ཕྱི་ཡི་ཉམས་སྣང་ནང་གི་འགྱུར་བ་སོགས། 

བལ་ཐིག་ལྷོད་ཤ་ལྟ་བའི་རྒྱུད་བཟང་མ། 

ཆོས་ལྡན་བུད་མེད་ཞིག་གི་བྲོ་བ་ཡོད། །


གསུམ་བརྒྱད་བུད་མེད་དུས་ཆེན་དུང་བས་བསུ། །

རྒྱལ་སྤྱིའི་བུད་མེད་དུས་ཆེན་དགའ་བས་བསུ། །

རྒྱལ་ཁབ་ཕྱི་ནང་ཀུན་གྱི་བུད་མེད་རྣམས། །

ལུས་བདེ་སེམས་སྐྱིད་ཡོང་བའི་སྨོན་འདུན་ཞུ། །


小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།


 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིག་རྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




                

  ▼   གླུ་གཞས་འོས་སྦྱོར།              
点赞+转发

 ▼ 点击下面语音,播放歌












འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章