ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢༡ ༽

文摘   文化   2024-03-06 20:54   青海  
ཆུ་དམར་རྩོམ་རིག                


                              ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

  


     


བྱང་ཆུ་ཕྲན། 


ཉི་འོད་ནང་གི་གཤོག་པ། 



མིག་མདུན་གྱི་གཤོག་པ་ཡ་གཅིག

རི་རབ་དང་གཙང་བོ་ག་ཚོད་རྒལ་རུང་།

དྲན་པ་ལྷུང་བའི་ནམ་མཁའ་རུ།

ཉི་ཟླ་གཉིས་ཀྱི་དྲོད་ཁོལ་མཐོང་ངམ།


སྤྲིན་པ་མཐུག་པོའི་གསེབ་ནས།

ཞེ་རྩ་འཁྱིལ་བའི་ཆར་ཆུ་འབབ་སྲིད་དམ།

སྨྲ་མི་ཤེས་པའི་མིག་མདངས་རེ་རེས།

བརྗོད་མི་ཚར་བའི་དྲན་ཤིང་གི་ཁུག་ཏུ་ཐུམ།


ས་སྲོད་ཀྱི་ནམ་མཁའི་ངོས་སུ།

བྱ་ཁྱུ་འཕུར་བའི་གཤོག་སྒྲོ་གཅིག་གིས།

འཕུར་འདོད་ཀྱི་མེ་ལྕེ་ངང་གིས་འབར།


                     ༢༠༢༤ ༣ ༦ ཉིན།  


ཁ་བའི་རྨི་ལམ། 



        གྲང་རླུང་སྐྱ་བོ།


གྲང་རླུང་འུར་འུར་དུ་ལྡང་པའི་སོས་ཀ་ཞིག་ལ

མི་ཆེན་གོ་ན་ཡིད་སེམས་སྐྱོ་བའི་གཏམ་ཞིག་བརྗོད་ན

ལུང་པ་སྙིང་རྗེ་འདི་ཡི་ཕུ་འདབས་ལ

མི་སེམས་བོར་བའི་དོན་དེ་བྲིས་ན

ནམ་བཀྱགས་ནས་ས་མ་རུབ་བར་དུ

སྒོ་ཕྱི་ནང་གཉིས་ལ་ལས་ལ་བརྩོན་པའི

སྐྱ་ཡ་དབྱར་གྱི་མེ་ཏོག་དེ་ལ

སྡིགས་མོ་དང་བརྙས་ལོ་བར་ནས

སྔ་དྲོ་ཟད་ན་ཕྱི་དྲོ་མི་ཟད

ཕྱི་དྲོ་ཟད་ན་སྔ་དྲོ་མི་ཟད་པའི་འཚོ་བ་ཞིག་བཅད

སྐྱ་ཡ་ལ་ཞེ་སྡང་མེ་ལྕེ་བཞིན་དུ་འབར

སྐྱ་ཡ་ལ་འཕྱ་སྨོད་བུ་ཡུག་ལྟ་བུ་འཕྱུར

-/-

སྐྱ་ཡ་གསེར་གྱི་ཉི་གཞོན་དེ་ལ

ཇ་དལ་འཐུང

ཟས་དལ་ཟ་བྱེད་ལག་མེད

སྐྱ་ཡ་དུང་གི་ཟླ་བ་དེ

སེམས་སྡུག་འགྲོ་ཆག

ལུས་དཀའ་འགྲོ་ཆག

ཞེ་ལ་ཡ་ཚང་གཏིང་ནས་མི་འཁོར

-:-

སྐྱ་ཡ་ལ་ཞེན་ཁ་ལོག

མི་སེམས་ལ་འཁྲུལ་སྣང་བྱུང

ནོར་བུ་ལ་རྡོག་བརྫིས་བྱེད

རང་སྣང་ལ་བདག་པོ་མེད

-/-

སྦྲང་ཆར་ཟིལ་མ་སིམ་སིམ་ཏུ་བབ་པའི་དག་ཞིང་དེ

ཁྲེལ་གཞུང་ལྡན་པའི་སྐྱ་ཡ་དེ

མཐའ་མཇུག་གི་རེ་འདུན་འགྲུབ་ས

གངས་ལ་ཉི་མ་ཤར་འདྲ་བའི་སྡེ་དེ

སྙིང་རྗེ་ཡོད་པའི་སྐྱ་ཡ་དེ

མི་ཚེ་འདི་ཡི་སྨོན་ལམ་འགྲུབ་ས

སྐྱ་ཡ་ལ་ཁྲེལ་མེད་མ་བྱེད་རོགས

སྐྱ་ཡ་ཡི་སེམས་པ་འཁྱག་འགྲོ

འཁྱག་སོང་ན་ཉི་མ་ཁ་དགུ་ཤར་རུང་དྲོད་མི་ཐུབ



མྰ་ལ་ཏི། 



  

ཕ་ཡུལ་གྱི་ངོ་གདོང་བྲིས་པའི་མཚན་མོ།  


                                          

ཤིན་ཏུ་འཁྱག་པའི་ཙག་རླུང་གིས

རྩྭ་ཐང་དང་ནོར་ལུག  

ལམ་སྟེང་གི་མགྲོན་པོ་དག་ཀྱང་འཁྱག་ཕྱིད་ཐེབས་ཀྱིན་འདུག

ད་དུང་འཁོར་བའི་ཐང་སྟོང་ན་ལུས་པའི་ང་རང་ཀྱང་ཕྱིད་སོང


རྒྱང་རིང་རྒྱང་རིང་ཞིག་ཏུ་ལུས་པའི་ཡུལ་གྲུ

ཕ་ཡུལ་ཞེས་སྙིང་ཉེ་བའི་ཐ་སྙད་ཅིག་གིས་དམ་དུ་འབྲེལ་བའི

མཐོ་སྒང་དུ་འཚོ་བའི་རང་ས་སྨུག་པོའམ་རང་ཁྱིམ་གྲུ་བཞི


ཁྱེད་གླེང་ན   ཁོ་བོའི་སྨྲ་བརྗོད་ཡོད་ཚད་རྡོ་བ་བཞིན་རྒས་ཤིང

ཁྱེད་དྲན་ན   ཁོ་བོའི་སེམས་ཁོང་ཏུ་རྨ་ཁ་མེད་པའི་ན་ཟུག

གང་མང་ཞིག་ཚེར་མ་ཟུག་པ་བཞིན་དུ་ཡང་ཡང་སློང་ཡོང


ཁེར་རྐྱང་གིས་བཏེགས་ཤིང་སྨྲེང་སེམས་ཀྱིས་དེད་པའི་ང་རང

འདི་ལྟ་བུའི་དོན་མེད་ཀྱི་སྐྱོ་བ་རེ་རེར་ཁ་གཏད་དེ

ངས་ནམ་གུང་གི་དུ་ཚོད་བཅུ་གཉིས་ཟིན་སོང་བའང་མ་ཚོར

                             ༢༠༢༤   ༢   ༢༦ 


ཟིལ་སྙུག་སྲས།  



    

གཞས་ཆུང་སྙིང་གི་ཚིག་དུམ།


རྟ་ལ་རྟ་རྒྱུད་ཡག་པོ། །

གདམ་གཞུང་བྱང་རྒྱུད་རྟ་རེད། །

རྟ་སྒ་གསེར་སྲབ་འཛོམས་ན། །

ཁྱོད་ལ་སྐོར་གཡེང་རྒྱག་ཆོག །


མདའ་སྐྱོད་ཤིང་ལ་ཤན་པ། །

ཉག་ཕྲན་བྱ་འཕྲུ་རང་འཁོར། །

འཕེན་མཁན་དཔའ་སྟོབས་འཛོམས་ན། །

དགྲ་ཤ་གཏིང་ནས་ལོན་ངེས། །


ཐོག་མའི་རྨི་ལམ་རྨིས་ས། །

དམར་གཞུང་རིང་མོ་ཡིན་ཡང་། །

གཞོན་པའི་མིག་མདངས་འཕེན་ས། །

ཟིལ་པའི་སྒང་དྲུག་ཡིན་སོང་། །


གླུ་དེ་ལེན་ན་སྐྱིད་པ། །

རྒྱང་རིང་ཡུལ་དུ་གྲགས་ནས། །

ཨ་ཇོ་བསམ་པའི་དོན་འགྲུབ། །

ཐུགས་ཡིད་དགའ་བས་ཁེངས་འགྲོ །


*ཐོབ་བཤོར་སྟོང་གི་བཤུལ་ལམ། །

ལས་ཀྱི་ལྷ་མོས་བྲིས་ཀྱང་། །

ད་ལན་སྙིང་ལ་མཛའ་བ། །

དབེན་པའི་རི་ཁྲོད་ཡིན་སོང་། །


          ༢༠༢༤/༢/༡༣


རིག་པའི་ཅོང་བརྡ། 


            

ཡིད་ཀྱི་སྒང་ཁ་རུ་བཞད་པའི་རྣམ་ཤེས་གསོན་པོ། 


                   


དགུན་གྱི་འཁྱག་རོམ་འཁྲེགས་པོ་ཤག་སྒྲ་རེ་འབྱིན་ཞོར་ག་ལེ་ས་རུ་ཟགས། 

དེ་དུས་འབྱུང་བཞིའི་གོམ་ཁ་དམ་དུ་ལྷོད་པའི་སྐབས་རེད། 

ང་ཚོར་བྱིས་དུས་ཀྱི་སྣང་བ་མཐོ་པོ་ཞིག་བརླན་དྲགས་པས་མ་འོངས་པའི་འཚོ་བའི་

ཡང་སྙིང་ཅི་འདྲ་ཤིག་ཡིན་པར་ཡང་དོན་རྟོགས་ཀྱིན་མེད། 

དེ་དུས་ནི་ཆེས་སྐྱིད་པའི་འཚོ་བ་ཞིག་ཀྱང་ཡིན་པར་འདོད། 

ནམ་ཞིག་ཕྲན་ནི་ཆེས་རྒྱང་ཐག་རིང་བའི་བས་མཐའ་ཞིག་ཏུ་ཆས། 

ས་སྲོད་ཀྱི་གནམ་གཤིས་ངལ་དུབ་ཀྱི་ཁེངས་པའི་དུས་

རྒྱུས་མེད་ཀྱི་རྣམ་ཤེས་གསོན་པོ་ཞིག་བྲེལ་བྲེལ་འཚུབ་འཚུབ་ངང་ངའི་ཡིད་ཀྱི་སྒང་ཁ་རུ་སྨིན། 

ངའི་ཡིད་ཀྱི་དབུས་སུ་གང་ཉིད་གནས་པའི་རྨང་གཞི་བརྟན་པོའང་མེད་ལ། 

འཚོ་གཞེས་གནང་སའི་གཞི་གདན་སྲ་བ་ཞིག་ཀྱང་མེད། 

ལོ་ཟླ་ཞག་གསུམ་གྱི་དུས་ཚོད་རིམ་གྱིས་བཞུད་དུས་ཁྱོད་ནི་ངའི་ཡིད་ཀྱི་སྒང་ཁ་རུ་བཞད་བྱུང་། 

རྒྱུས་མེད་ཀྱི་བས་མཐའ་ཞིག་ནས་རྒྱུས་ཡོད་ཀྱི་རྣམ་ཤེས་གསོན་པོ་ཞིག་བསྐྱར་དུ་ཡིད་ལ་འཚེར་བྱུང་། 

བསླད་མེད་ཀྱི་ལས་འབྲས་ཟབ་མོའི་གླིང་འདི་ནས་མཇལ་དུ་བཅུག་པ་ལ་བཀའ་དྲིན་ཆེ། 

དྲིན་ཆེ་བའི་གང་ཉིད་ཡང་ནས་བསྐྱར་དུ་དྲན་པ་ལ། 


                                    2024~3~6 


 སྨྱུག་སྨྱོན་རང་འཚོལ།  


ང་རང་ཡུལ་ལ་ལུས་སོང་། 


བྱ་སྟེ་རྒྱང་ལ་འཕུར་སོང་། 

འཕུར་ནས་མཁའ་དབྱིངས་སླེབས་དུས། 

ཁ་ཕྱིར་ཡང་ཡང་མ་འཁོར། 

ང་རང་ཡུལ་ལ་ལུས་སོང་། 


ཆུ་བོ་ལྷུང་ལྷུང་བཞུར་སོང་།

ཆུ་ཕྲན་རྒྱ་མཚོ་མཐོང་དུས།

རང་ལ་སྒུག་སྒུག་མ་བྱུང་། 

ང་རང་ཡུལ་ལ་ལུས་སོང་། 


ཁ་བ་འབབ་ནས་ཞུ་སོང་། 

འདས་དོན་ཤུལ་རྗེས་ཡོད་རུང་།

ལས་དང་་སྐལ་བ་མེད་པས།

ང་རང་ཡུལ་ལ་ལུས་སོང་།


འབྲོང་ནག


དགུན་དུས་ཀྱི་ཞོགས་པ།


ཁ་བ་ལྷབ་ལྷུབ་འབབ་པའི་ཞོགས་པ་དེ།།

རི་ལུང་ཀུན་ཏུ་དངུལ་དཀར་འཇིག་རྟེན་གྱིས།།

ཉི་མ་དཀྱིལ་འཁོར་གངས་རིའི་རྩེ་རུ་འཕྲོས།།

འཛམ་གླིང་ཡོངས་སུ་བདེ་སྐྱིད་བསྐྲུན་བཞིན་ཡོད་ལགས།།


ཁ་བ་ལྷབ་ལྷུབ་འབབ་པའི་ཞོགས་པ་དེ།།

ཤེས་རིག་སློབ་གླིང་བསྐྱོད་པའི་ན་ཆུང་ཚོ།།

ཤེས་ཡོན་འདབ་ལག་རྒྱས་པའི་ཞིང་ས་སྟེ།།

མེས་པོའི་རིག་གཞུང་རྐང་ལ་འཐུམས་པ་ཡིས།།


ཁ་བ་ལྷབ་ལྷུབ་འབབ་པའི་ཞོགས་པ་དེ།།

འབྲོག་མོའི་གཤིས་འཇམ་ལས་དབང་ལྷས་ར་ནས།།

གཡང་གི་འབྲི་མོ་བཞོ་དབྱངས་མཉམ་དུ་བསྐྱོད།།

ཁྱེད་རང་འཛམ་གླིང་ཡང་རྩེ་གནས་པའི་རིག་བཟང་དེས།།


ཁ་བ་ལྷབ་ལྷུབ་འབབ་པའི་ཞོགས་པ་དེ།།

སྒོ་ཕྱུགས་འཚོ་སྐྱོང་བྱས་པའི་མཐོ་སྒང་ལ།།

འབྲོག་པའི་རིག་གནས་མ་ཉམས་གནས་བཞིན་ཡོད།།

འབྲོག་པ་སེམས་ཁམས་དྭངས་ཞིང་གཙང་བ་ཡིན།།


ཁ་བ་ལྷབ་ལྷུབ་འབབ་པའི་ཞོགས་པ་དེ།།

ལུས་ལ་བྲེལ་འཚུབ་ཆེ་བའི་ན་གཞོན་ཚོས།།

གཞན་གྱི་མི་གཡོག་རྒྱུག་པའི་ལས་བཟོ་བ།།

རང་ཉིད་མགོ་འཕངས་མཐོ་བའི་སྣང་སྟེར་ཏེ།།


      ༢༠༢༤ལོའི་ཟླ་བ་བཟང་པོར་སྒེ་རི་གཡང་ཁྱིམ་དྲོན་མོ་ནས་བྲིས་པ་དགེའོ།



དབང་བཀྲ།  


   

༄༅།། རང་ཡུལ་བསྟོད་པའི་འབྲས་དཀར་བསམ་པའི་དོན་འགྲུབ།

                                     


ཨོཾ་སྭ་སྟི།

ས་འདི་ནི་ཧོར་རྟ་རྫ་ཡི་རྫ་འདབས་ཡིན།།

ས་འདི་ནི་འབྲོག་ཕྲུག་ང་ཡི་རང་ཁྱིམ་ཡིན།།

ས་འདི་ལ་བཤད་པ་རེ་རེ་རྒྱོབ་ཟེར་ན།།

ས་འདི་ལ་བསྟོད་པ་རེ་རེ་ཕུལ་ཟེར་ན།།

ཡ་་་་་

ཕ་ཨ་ཁུ་ཆོས་བསོད་དར་བའི་གནས་མཆོག་ཡིན།།

མ་སྲིང་མོ་རྒྱུ་བསོད་དར་བའི་གནས་མཆོག་ཡིན།།

ཕྱུག་ནོར་ལུག་འཕེལ་ཁ་རྒྱས་པའི་གནས་མཆོག་ཡིན།།

རྗེ་པཎ་ཆེན་ཆིབས་བསྒྱུར་གནང་བའི་གནས་མཆོག་ཡིན།།

བྱང་འབྲོང་གཡག་ལྕེ་ལྡག་བྱེད་པའི་སྤང་རྒོད་ཡོད།།

རྟ་འདོ་བ་བང་རྩལ་མངོན་སའི་ཐང་ཆེན་ཡོད།།

གནམ་སྔོན་མོ་གཡུ་ཡི་རྒྱན་པའི་མེ་ལོང་ཡོད།།

ས་དྭངས་མོ་དགེ་བཅུ་འཛོམས་པའི་ས་ཆུ་ཡོད།།

ཤར་སྒོ་ཆེན་རྡོ་རྗེ་སེམས་དཔའི་སྐུ་ཞིག་ཡོད།།

ནུབ་སྒོ་ཆེན་སྣང་བ་མཐའ་ཡས་མགོན་སྐྱོབ་ཡོད།།

བྱང་སྒོ་ཆེན་རྟ་མགྲིན་དམར་པོའི་སྲུང་མ་ཡོད།།

ལྷོ་སྒོ་ཆེན་ཐུ་བྷོད་དམག་སྤྱིའི་སྲུང་སྐྱོབ་ཡོད།།

སྦྲ་རྩིབས་ཆེན་ཡར་ལོག་མཆོད་རྫས་ནོར་གྱིས་གང་།།

སྦྲ་རྩིབས་ཆེན་མར་ལོག་འོ་ཟོལ་འོ་མས་གང་།།

སྦྲ་རྩིབས་ཆེན་ཡར་ཐབ་ཇ་ཡིས་འཐིབ་སེ་འཐིབས།།

སྦྲ་རྩིབས་ཆེན་མར་ཐབ་ཟས་ཀྱིས་ལྷོག་སེ་ལྷོགས།།

སྲུབ་ཁ་བས་ཀུ་ཤ་རྩྭ་རྣམས་གཡོགས་ཀྱང་རུང་།།

ཉིན་སྤང་ལ་ཕྱུགས་གིས་ཁྱུ་ནས་ཁྱུ་བཞིན་གནས།།

གངས་དཀར་པོ་ཁམ་པ་དངུལ་གྱིས་ཤན་འདུག་ལ།།

ས་ཆེན་པོ་སེར་པོ་གསེར་གྱིས་ཤན་འདུག་གོ

ཕར་ལྟས་ཚོད་མཚོ་ངོས་ཆེ་བའི་ས་ཡིན་རུང་།།

དོན་དམ་པ་གྲང་ངར་མེད་པས་ཡུལ་ཤིག་ཡིན།།

ཕར་ལྟས་ཚོད་འཕེལ་རྒྱས་མེད་པའི་ས་ཡིན་རུང་།།

དོན་དམ་པ་དཀར་དམར་གསུམ་གྱིས་སྤུང་སེ་སྤུངས།།

ས་འདི་ལ་བཤད་པ་དེ་ཙམ་རྒྱོབ་ཡོད་ཡ།།

ས་འདི་ལ་བསྟོད་པ་དེ་ཙམ་ཕུལ་ཡོད་ཡ།།

ཁམས་གསེར་ཐིགས།  


    ࿐ལོ་ཟླ་ནག་པོའི་གྲིབ་གཟུགས།


           ཁམས་གསེར་ཐིགས་ཀྱིས་ཉིས་སྟོང་ཉེར་གསུམ་བཞི་གཅིག་ལྔའི་ལོ་ཟླ་ལ་བྲིས།

འཇིགས་ཤིང་ཤིན་ཏུ་བརྗེད་དཀའ་བའི་ལོ་ཟླ་ནག་པོ།

བསམ་ཡུལ་ལས་འདས་པའི་དངངས་སྐྲག་དྲག་པོས་གོད་ཆག་ཞིག་གིས།

འཚོ་བའི་གསོན་སྙིང་ལ་འཐེན་པའི་རེ་བའི་དར་སྐུད་དེ་ཆད་སོང་།

ཉིས་སྟོང་ཉེར་གསུམ་ཟླ་བར་བཞི་བའི་ཚེས་པ་བཅོ་ལྔའི་ཉི་མ་ནག་པོ་དེས།  

ངའི་མི་ཡུལ་ལ།   ཆགས་འཇིག་བཟོས་སོང་།  

ངའི་སེམས་པ་ལ།  འཇིགས་སྣང་སྟེར་སོང་།

ཉི་མ་ནག་པོ་དེས་ངའི་འཇིག་རྟེན་ལ་མུན་ནག་ཞིག་ཏུ་བསྒྱུར་སོང་། 

འཛུམ་མདངས་ཀྱི་ཞལ་རས་དཀར་པོ་ལ་ངམ་ནག་སྤྲིན་པས་བསྒྲིབས་སོང་།

ངའི་འཇིག་རྟེན་མོག་མོག་རབ་རིབ་ཀྱི་རི་གྲོང་ཞིག་ཏུ་གྱུར་སོང་།

ངའི་གཞིས་ཁྱིམ་ཁང་མིག་གྲུ་བཞིའི་ཀ་ཆེན་དེ་ཤུགས་ཀྱིས་འགྱེལ་སོང་།

ངའི་ཁྱིམ་ཤུལ་ལ།   གོད་ཆགས་ཀྱིས་འཇིག་པ་བཟོས་སོང་།

ངའི་ཁྱིམ་ཤུལ་ལ།   ཁུ་སིམ་མེར་གྱི་སྟོང་བ་གྱུར་སོང་།

ངའི་ཁྱིམ་ཤུལ་ལ།   དྲོད་ཁོལ་མེད་པའི་དགུན་ཟླ་ཐོན་བྱུང་།

ངའི་ཁྱིམ་ཤུལ་ལ།   འོད་སྣང་མེད་པའི་མུན་པ་འཐིབས་བྱུང་།

ལོ་ཟླ་ནག་པོ་དེས་གྲིབ་གཟུགས་ཀྱིས་ང་ལ་ཆགས་འཇིག་གིས་སེམས་པ་མནར་སོང་།

རྐྱེན་ངན་བར་ཆད་ཀྱི་གདོན་བགེགས་དེས་སྙིང་གི་མི་དེ་གློ་བུར་དུ་བཀྲོངས་སོང་།

ལས་དབང་ནག་པོ་དེས་བཙན་ཤུགས་ཀྱིས་འུ་གཉིས་ཁ་ཁར་དུ་གྱེས་བྲལ་བཏང་སོང་།

མི་བཟོད་སེམས་པའི་སྡུག་བསྔལ་དུག་གཟེར་གྱིས་ཤ་རུས་ཁ་ཁར་དུ་ཕྱེས་སོང་།

ངའི་སེམས་སུ།   མདའ་མཚོན་སྟོང་གིས་གཏུབ་པའི་སེམས་པ་རྨས་མ།

ངའི་སེམས་སུ།   མ་འཆི་དམྱལ་བར་འགྲིམ་པའི་སེམས་པ་གཤིན་པོ།

ངའི་སེམས་སུ།   བར་དོའི་ཡུལ་བཞིན་འཁྱམ་པའི་ཁེར་རྐྱང་འཁྱམ་པོ།

ངའི་སེམས་སུ།   རྣམ་ཤེས་བོར་བའི་བེམ་གཟུགས་མི་ཡུལ་དུ་ལུས།

ངས་ཁྱོད་ཉིད་དྲན་པའི་གདུང་སེམས་སྨུག་པའི་ན་བུན་བཞིན་འཐིབས་སོང་།

ངས་ཁྱོད་ཉིད་ཤོར་བའི་སེམས་པ་མེ་ལྕེ་དམར་པོའི་འབར་ཚན་ལས་ཚ་བྱུང་།

ངས་ཁྱོད་ཉིད་གླེང་བའི་སྨྲེ་ངག་ལག་ཕྲེང་མ་ཎིའི་བགྲང་ཐེངས་ལས་མང་སོང་།

ངས་ཁྱོད་ཉིད་བསམས་ན་ཆོ་ངེ་བཏབ་དེ་རི་ལུང་ཧུད་ཀྱིས་བཀང་མྱོང་།

སྐྱོ་སྐྱོ་ཉིས་སྟོང་ཉེར་གསུམ་སྐྱོ།    ཡང་སྐྱོ་བཞི་གཅིག་ལྔའི་ཉིན་སྐྱོ།

ཚེ་གང་མིག་ཆུས་སྨྲེང་བ་སྟེར།    དྲན་ཤིང་གསོན་པོའི་རྗེས་དྲན་ཞིག

ནམ་མཁའི་དབྱིངས་ནས་བཞུད་པའི་སྤྲིན་པ་དཀར་པོའི་ངའི་སྐྱོ་བའི་གདུང་བ་ཨེ་སེལ།

རྫ་རིའི་འདབས་ནས་བཞད་པའི་མེ་ཏོག་སྨན་མཆོག་ངའི་སེམས་ཁམས་གསོ་བ་ཨེ་བྱེད།

གཡུ་གཞུང་ཐང་ནས་འབབ་པའི་བདུད་རྩིའི་ཆུ་བོའི་ངའི་སེམས་ཀྱི་ངལ་དུབ་ཨེ་འཇོམས།

སྨྱུ་གུའི་རྩེར་ནས་འཁྱུག་པའི་སྙན་ངག་ཐར་ཐོར་ངའི་སེམས་པའི་སྐྱོ་རོགས་ཨེ་ཡིན།

                   

བསོད་ནམས་སྟོབས།  


        ཁྱིམ།


རབ་ཆེ་དགུ་ཚིགས་སྐྱ་མོའི་ཁྱིམ་རྒྱུད་ནས། །

རབ་མཛེས་ཉི་མའི་ཁྱིམ་རྒྱུད་ངོ་མཚར་ཆེ། །

འགྲོ་བ་མི་དང་སྲོག་ཆགས་སྣ་མང་གནས། །

ཁྱད་མཚར་ས་ཡི་གོ་ལ་ཨེ་མ་རྨད། །


ཟླུམ་གཟུགས་གོ་ལའི་མཚོ་བཞི་གླིང་ལྔ་སྟེང་། །

འགྲོ་བ་མི་ཡིས་བདག་འཛིན་སོ་སོའི་བྱེད། །

ཡ་གླིང་ཤར་ཕྱོགས་ཧི་མ་ལ་ཡའི་བྱང་། ། 

གངས་རིའི་མུ་ཁྱུད་བསྐོར་བའི་གངས་ཅན་ལྗོངས། །


རྒྱལ་ཕྲན་བཞི་ཅུ་སིལ་མ་བཅུ་གཉིས་དང་། ། 

གནམ་གྱི་ཁྲི་མདུན་སྟོད་ཀྱི་སྟེང་གཉིས་དང་། །

བར་གྱི་ལེགས་དྲུག་ས་ཡི་སྡེ་བརྒྱད་སོགས། །

བཙན་པོ་རྒྱལ་རབས་རིམ་པ་བཞིན་དུ་བྱོན། །


མེས་དབོན་རྣམ་གསུམ་གཙུག་གི་ནོར་བུ་རྒྱན། 

དབུ་དམ་བཙན་པོས་འདུལ་བའི་བསྟན་བཤིག་དང་། །

སིལ་བའི་དུས་ནས་དུས་རབས་གསར་བའི་བར། །

གྲུབ་མཐའ་ས་དགེ་བཀའ་མྱོང་འཕྲིན་ལས་སྐྱོང་། །


བསྟན་འཛིན་སྐྱེས་བུ་ས་པཎ་ཀུན་དགའ་གཅིག  །

འཇམ་མགོན་བླ་མ་བློ་བཟང་གྲགས་པ་གཉིས།  །

ཆོས་སྲིད་གཉིས་སྐྱོང་ལྔ་བ་ཆེན་མོ་སོགས། ། 

གངས་ཅན་ལྗོངས་ཀྱི་གསེར་གྱི་ཉི་མ་ཡིན། །


རི་ལ་ལབ་རྩེ་སྤང་ལ་སྦྲ་ནག་ཕབ། །

ནག་མོ་ནོར་དང་གཡང་དཀར་ལུག་ཁྱུ་འཚོ། །

འོག་རྟ་རྐྱང་སེར་གནམ་གྱི་གྱི་ལིང་ལ། །

ནོར་བུས་རྒྱན་པའི་གསེར་སྒ་དངུལ་ཡོབ་གཏད། །


ཁ་ནས་མ་ཎི་ལག་ལ་ཕྲེང་བ་འཛིན། །

སྐེད་ལ་རལ་གྲི་ཐོད་ལ་སྤོས་ཤེལ་རྒྱན། །

བློ་དཀར་གཞུང་དྲང་ཅན་གྱི་མི་རིགས་ཤིག །

གཞིས་ཁྱིམ་གངས་རིའི་ལྗོངས་ན་ད་རུང་གནས། །


སྔོན་བསགས་ལས་ཀྱི་བཀོས་པའི་ད་ལྟའི་ཁྱིམ། །

ཚེ་སྲོག་སྨྱུག་གུ་འབུས་སའི་ལས་ཀྱི་ཁྱིམ། ། 

དགའ་སྐྱོའི་སྙིང་གཏམ་གླེང་སའི་རང་གི་ཁྱིམ། །

གངས་ཅན་ལྗོངས་འདིར་ཁྱིམ་གྱི་མཆོག་གྱུར་ཡིན། །


མགར་སྨྱུག་རྩེ། 



       ལས་འགོ་མ། 

   

          ༡

ལོ་ཟླའི་དགའ་སྡུག་གི་ཚོར་ཤེས་གསེབ་ན

སྐྱོ་སྣང་བན་བུན་གྱི་སྣང་བ་མཐའ་དག

རེ་ཞིག་རྨི་ལམ་ལྟ་བུའི

སྙིང་ཉེ་བའི་མི་རེ་རེར

ང་དང་ཁ་བྲལ་བྱུང་དུས

གང་ཡང་ལྷག་མི་འདུག

          ༢

གང་ལྟར

ལས་འདི་དང་ལག་སྙེག་བྱེད་ཞོར

འཚོ་གནས་ཀྱི་སྙིང་བོ་ལ་རྩིས་ཐང་ཡོད་དུ་ཆུག

          ༣

མྱི་སེམས་ཀྱི་བར་སྟོང་ན་མུན་ནག་གི་སྒོ་མོ་མེ་འོད་སྒྲོན་ཞོར

ལས་འགོ་མ་ལ་ལམ་དུ་ཆས་གྲབས་ཀྱི་སེམས་དཔའ་ཡོད་ན

ང་ཚོ་ལ་རེ་བ་ཡོད

          ༤

སྤྱི་ཚོགས་ཀྱི་གས་གསུབ་མཐོང་བའི་ཁ་རླངས་མཐུག་ས་ན

མུན་པའི་ངོ་གདོང་ལ

འོད་ཀྱི་ཁ་ལག་བསྲོ

     

 ༼ཆུ་དམར་མྱུ་གུའི་སྟོབས་ཚང་།༽     

༼མྱུ་གུའི་སྟོབས༽ཚང་གི་སྙན་ངག་སྤེལ་ཐེངས་ལེའུ།

ཆུ་དམར•མྱུ་གུ་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༣ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༤ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༥ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༦ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༧ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༨ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༩ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༠ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༡ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༢ ༽

ཆུ་དམར•མྱུ་གུའི་སྟོབསཚང་གི་སྙན་ངག་སྤེལ་ཐེངས། ༼༡༣༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༤༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༥༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡༦ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡༧ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༨༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༩༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢༠ ༽



小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།



 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིགརྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




                

  ▼   གླུ་གཞས་འོས་སྦྱོར།              
点赞+转发

 ▼ 点击下面语音,播放歌













འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章