རྣོ་འོད་ཀྱི་སྙན་ངག་ཆེད་བཀོད།

文摘   文化   2024-10-19 19:29   青海  
    ཆུ་དམར་རྩོམ་རིག             


                              ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

  


     


རྩོམ་པ་པོ་ངོ་སྤྲོད།



རྣོ་འོད། 


       དངོས་མིང་ལ་<རྫུ་འཕྲུལ་རྒྱལ།>༢༠༠༡ལོར་ཆུ་དམར་ལི་ཁྲི་སྡེ་བར་སྐྱེས། ཉི་ཤུའི་རྗེས་ཀྱི་ན་གཞོན།   སྔ་རྗེས་སུ། < ངག་རིག་དབྱངས་ཀྱི་ཟིལ་བ། > < ཞག་སྒྲོན།> བོད་ཀྱི་རྩོམ་རིག་སྒྱུ་རྩལ། > <མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ།> < རྨ་འབྲི་>  སོགས་སྒེར་གཞུང་གི་དུས་དེབ་དྲ་བ་ཚགས་པར་སྣ་ཚོགས་སྟེང་སྙན་ངག་མང་ཙམ་སྤེལ།  དེ་ལས་ཀྱང་སྙན་ངག་གྱེར་འདོན་ནི་ཁོའི་མི་ཚེའི་གྲུབ་ཆ་དངོས་ཞིག་དང་དགའ་ཕྱོགས་དེ་ཁོ་ན་ཉིད་དུ་གྱུར།












    རང་སེམས་བཀླགས་པ།    




             རྣོ་འོད། 



དངོས་ཡོད་དག་ཆུ་རེད་

སྐམ་ཚད་དང་འདོད་རྔམས་སོད་པས་སོ།

ཐོབ་ཤོར་དག་བྱེ་མ་རེད་

བཙིར་མ་བཙིར་གཉིས་ཀྱི་བར་ནས་ཟགའགྲོ་བས་སོ།


སེམས་ལ་ཉན་དུས་སུ་

ཉིན་ལ་བྲེལ་འཚུབ་དང་འདུ་འཛིའི་བར་ནས་ཉན།

མཚན་ལ་ཞི་འཇགས་དང་སྨྲེང་སྐྱོའི་གཏིང་ནས་ཉན།

སྐྱེ་རྒ་གཉིས་ཀྱི་སྔ་ཕྱི་ནས་ཀྱང་རེས་མོས་ཉན།


འུ་ཐུག་དུས་སུ་

ཞོད་འཇགས་ལ་མགོ་བོ་སྙེས་ནས་བདེ་འཇམ་གྱི་གཏི་མུག་རོ་ཉལ་བྱེད།

འདུ་ཤེས་དག་གཏིང་ནས་འགག་ཕྱིར་

ནང་སེམས་ཀྱི་འཆར་སྒོ་དང་

རྨི་ལམ་ལའང་སྒོ་ཟྭ་ལྕགས་ནག་གི་མདུད་པ་དགུ་སྒྲིལ་བསླ།


    ཧ་ནྭེས། Honey  



ཧ་ནྭེས།

དུས་ཚོད་ཀྱི་ཐོག་མཐའ་མ་མཐོང་བའི་དོ་ནུབ་

རྨི་ལམ་གཅིག་གི་མཇུག་གྲུབ་ཏེ་

འཆར་ཡུན་ཞིག་ཀྱང་ངང་གིས་རྙེད།


ཧ་ནྭེས། 

རང་སེམས་མཚོན་བྱེད་དུ་འཛུམ་པ་ཙམ་ལས་ངག་མ་འཁྲོལ་

ཁྱོད་ནི་ཞི་འཇམ་ཞིག་ཏེ་

ནང་སེམས་ཀྱི་མེ་ལོང་ཁོད་འཇགས་ལ་ཕུལ་ཟིན།


ཧ་ནྭེས། 

འུར་ཟིང་དང་བྲལ་རྗེས་

ངས་རང་ཉིད་ངོ་མ་དེ་རྙེད་འོང་ལ་

ཁྱོད་ཀྱི་རྙི་ཤིང་འཇམ་པའི་ནང་སེམས་ཀྱི་མེ་ལོང་དེ་ཡང་མཐོང་འོངས།


    ལྟས་དབང་གི་རྨི་ལམ།   




དུས་ཚོད་ཀྱི་ཐག་སྒྲའི་གཉིད་ལས་བཀྲོགས་ཐུབ་པའི་

ཁུ་སིམ་སིམ་གྱི་འཁོར་བའི་བར་སྟོང་ལགས།

རེ་ཆད་ཀྱི་སེམས་པ་རྨས་པའི་དུས་ཚོད་འདི་དག་ཏུ་

ཞེ་སྨྲེང་བའི་འདས་སོང་གི་གཏམ་རྒྱུད་དང་།

འཆར་ཡུན་གྱིས་ཕྱུག་པའི་སང་ཉིན་གྱི་ལོ་ཟླ་དག་སུ་ལ་བརྗོད།



ཐོག་མར་

ངས་འུ་གཉིས་མི་ཡུལ་ནས་ངོ་ཤེས་ལྟས་དབང་དུ་བཟུང་

ནང་སེམས་ལ་བར་སྟོང་མེད་པའི་

ལག་པས་བྱིལ་བྱིལ་མ་ཐུབ་པས་

ང་ཡི་ལས་དབང་གི་ལན་བུ་ལགས་

ཁྱོད་དང་གྱེས་པ་ལྟས་དབང་གི་ཐ་སྙད་ཐོག་དགོས་བྱུང་།


        ཕ་ཡུལ།      


    ངའི་ཕ་ཡུལ་ཞེས་རྙེད་མ་ཐུབ།

         ཐོ་རིས་ལ་མིང་ཡིག་མ་ཐོགས་ན།

                       ཁ་བྱང་གི་འགྲེལ།


ལག་པའི་སྙིང་ཆུང་བཀབ་རྗེས་འདང་རྒྱག་དང་ཡུ་མེར་ལངས།

ངས་རང་ཅག་གི་སེམས་པ་ལ་དོག་འདྲི་བྱ་དགོས་བྱུང་།

འཆི་བདག་ཞག་ནག་གིས་དཀྲིས་པའི་སྒོ་བྱང་དག་དང་

རྫུ་བག་གི་དུད་དྲེག་ཆགས་པའི་སྐད་ཆའི་གཏིང་མཐའ་


ཕ་ཡུལ་ལགས།

བོར་སྟོར་གྱི་འདུ་ཤེས་མེད་པའི་ཞིང་གྲོང་གི་ཁྱིམ་མཚེས་

རྟ་བདག་རེས་གསེར་ནག་གི་སྲབ་རྫུན་འཁུར་

གཞན་གྱིས་བླུད་པའི་ལྟོ་ཟས་ཀྱིས་ར་གཟི་ཞིང་ཚིམས།


ཀར་ཡོལ་ཆག་པོར་ཆག་པོར་སྦྱོར་

ཐག་ནག་དང་སྦྱོར་ནག་གིས་སྦྱོར་

འཚེམ་སྐུད་དང་ལག་ཤེས་མེད་པར་བཙན་གྱིས་བཟོ་ཞིང་སྦྱོར་།

ད་ལྟ་

གཏམ་ཆ་མེད་དང་མྱི་ཆ་མེད་ཇེ་མང་གྱུར།

་་་་་་་་་་་་་་་ཅནའང་ཇེ་ཉུང་ཇེ་ཉུང་གྱུར། 


      ཕོ་རྐྱང་།   




སེམས་ཀྱི་གཞི་བརྒྱ་ཅུང་ཙམ་ཆེ་མོད།

བརྩེ་བ་དངོས་མ་ཞིག་གཏན་ནས་ཤོང་ཐབས་མི་འདུག

དང་པོ་མཇལ་བའི་དུས་སུ་ཀྱང་འབྲལ་བའི་སྡུག་བསྔལ་ཚོར།


སྲང་ལམ་འཁྱག་པ་འདི་ནས་

ཁ་དོག་གློ་ཁ་ཡིན་པས་མེ་ཏོག་ཞིག་ཉོ་དགོས་བྱུང་།

སྙན་ངག་དང་འཆར་ཡན་འཚོལ་ཆེད་

ཉི་ནུབ་དང་འགྲུལ་བཞུད་དག་ལ་ཟིན་པར་བླངས།


འཁོར་བ་ཞེས་ཆགས་ས་དང་ཞེད་སྣང་ཅི་ཡང་མེད་པས་

སྣ་གླུ་བླངས་པས་སྤྲོ་སྣང་འཐོབ།

ནམ་རྒྱུན་ཉི་ནུབ་དག་ལས་ཁེར་རྐྱང་མཐོང་འོང་ལ་

སྒེར་ཚུགས་ཡོད་པའི་ཕོ་རྐྱང་ཞིག་གི་ཚུག་ཀ་ཡ་མཐོང་ཡོང་།


小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།



 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིགརྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




                

  ▼   གླུ་གཞས་འོས་སྦྱོར།              
点赞+转发

 ▼ 点击下面语音,播放歌













འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章