དྲན་གདུང་སེམས་ཀྱི་ན་བུན། འཇམ་དབྱངས་ཆོས་འཕེལ།

文摘   文化   2023-12-16 19:46   青海  


  ཆུ་དམར་རྩོམ་རིག             



ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

  


        

     

 


                  དྲན་གདུང་སེམས་ཀྱི་ན་བུན། 


                                   འཇམ་དབྱངས་ཆོས་འཕེལ།


མཚན་སྨད་ཟླ་བའི་མཁྲིས་སུ།།

ལས་ཀྱི་སྐར་མདའ་འཆར་འདུག །

གྲངས་མེད་བཏང་བའི་གཞས་དེ།།

སེམས་ཀྱི་གཏིང་ན་སིམས་བྱུང་།།


ཟླ་ཟེར་མཚེར་བའི་མཚན་གུང་།།

འོད་ཟེར་ལམ་ལམ་ཀྲིག་ཀྲིག །

ཁོ་བོའི་མུན་ནག་གྲོང་དུ།།

འོད་ཅིག་བསྐྱུར་ན་བསམ་བྱུང་།།


ལོ་ཟླའི་བཞུད་ལམ་ནང་གི །

སྟེས་དབང་འཕྲད་ཐེངས་ཤིག་ལ།།

རྒྱུས་མེད་ངོ་ཤེས་གྱུར་པའི།།

སེམས་སོང་མི་ཞིག་དྲན་བྱུང་།།


དྲན་པའི་འཆར་སྣང་རེ་ལ།།

ཕྱིར་དྲན་མེ་ལོང་ངོས་ཀྱི།།

བཤད་པའི་སྙིང་གཏམ་ཟིལ་མ།།

སྙིང་གི་སྦུགས་ལ་ཟགས་སོང་།།


ཞེན་ཆགས་སེམས་ལ་མེད་ན།།

འདི་འདྲའི་འཁྲེང་རྒྱུ་ཨེ་རེད།།།

དཔེར་ན་ཆུ་ནང་ཉྭ་མོ།།

འཁོར་བ་དེ་དང་འདྲ་བྱུང་།།


སྙན་ངག་ཚིག་གི་ཞུན་མ།།

རོལ་དབྱངས་མཉམ་དུ་བསྡེབས་ཏེ།།

རྒྱ་སེ་གྲངས་མེད་བསྐུར་བ།།

དེ་དག་དྲན་པ་ཨེ་བྱུང་།།


ས་གནས་གཞན་ལ་སོང་དུས།།

དྲན་པའི་དགའ་སྐྱོ་འདྲེས་མ།

ཡི་གེའི་གཟུགས་སུ་བཀོད་ནས།།

ཁྱེད་སར་བསྐུར་བ་དྲན་ནམ།།


ཁྱེད་དང་འབྲེལ་བའི་ཡོད་ཚད།།

བསམ་ལོང་མེད་པའི་ངང་ནས།།

འཚོ་བའི་བར་གསེང་རེ་ལ།།

ཡོད་ཡོད་འདྲ་བོ་སྣང་སོང་།།


ཟླ་བ་གཅིག་གི་སྔུན་ལ།།

ཟླ་བའི་འོད་ཀྱི་ངོགས་ནས།།

ཐེངས་གཅིག་འཕྲད་པའི་སྣང་བརྙན།།

ན་ཟུག་ཅིག་ཏུ་གྱུར་སོང་།།


དེ་དགོང་དོ་དགོང་བཞིན་དུ།།

ཟླ་འོད་རབ་ཏུ་གསལ་ལ།།

བསམ་པའི་འཁྱེར་སོ་དེ་ཡང་།།

སྨྲེང་བའི་གཞས་ལ་བཀུག་སོང་།།


ཕན་ཚུན་འགལ་བ་བྱུང་ནས།།

སྙིང་ལ་གཟེར་བའི་གཏམ་རེ།།

སྙིང་གི་དཀྱིལ་ལ་བྱོ་དུས།།

མི་འདོད་ལས་ཀྱི་མདའ་མོ།།


ཁོ་བོའི་དབུགས་ངར་གཅིག་གིས།།

རྒྱང་དུ་གཡུགས་ན་འདོད་ཀྱང་།།

བསམ་མེད་བྱིས་པའི་བརྟུལ་ཞུགས།།

འཛིན་ཀྱང་དོན་སྙིང་ཅི་ཡོད།།


བྲལ་པའི་ཉིན་ཞག་འདི་དག །

སེམས་འདི་གྲུབ་ནག་ཡོལ་ཡོལ།།

འཚོ་བ་ཕྱི་ནང་བར་གསུམ།།

རེ་ཞིག་ཧད་དེ་ལུས་བྱུང་།།


སྨྲེང་བའི་ཡིད་ཀྱི་དྲན་གདུང་།།

མཁའ་ཡི་ཟླ་བས་གསལ་ལ།། 

ཡིད་འཛིན་དྲན་པའི་ངོས་ནས།།

ཚིག་གི་འབྲུ་མ་ཤོར་སོང་།།


  




རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།  


    

     འཇམ་དབྱངས་ཆོས་འཕེལ།   མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན། བརྩམས་ཆོས་ཁ་ཤས་༼རྫ་ཆུ་རྩོམ་རིག༽༼དགེ་འབྲོང་རྩོམ་རིག༽༼ཁམས་པའི་ཚགས་པར༽༼ ཁུག་རྟ༽༼ ཆུ་དམར་རྩོམ་རིག༽སོགས་སུ་བཀོད་མྱོང་། 



 ༼ཆུ་དམར་མྱུ་གུའི་སྟོབས་ཚང་།༽     

༼མྱུ་གུའི་སྟོབས༽ཚང་གི་སྙན་ངག་སྤེལ་ཐེངས་ལེའུ།

ཆུ་དམར•མྱུ་གུ་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༣ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༤ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༥ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༦ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༧ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༨ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༩ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༠ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༡ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༢ ༽

ཆུ་དམར•མྱུ་གུའི་སྟོབསཚང་གི་སྙན་ངག་སྤེལ་ཐེངས། ༼༡༣༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༤༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༥༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡༦ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡༧ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༨༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༩༽


小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།


 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིག་རྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




      

  ▼   གླུ་གཞས་འོས་སྦྱོར།              
点赞+转发

 ▼ 点击下面语音,播放歌















འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章