ཁམས་སྨྱུག་དུང་གི་གཞས་ཚིག་བདམས་བཀོད། 康宁东的歌词选辑▶️

文摘   文化   2023-12-19 21:08   青海  


  ཆུ་དམར་རྩོམ་རིག             



ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

  



    

    




                           


01

    འཁྲུངས་ཚེས་བསུ། 

                        

          ཚིག  ཁམས་སྨྱུག་དུང་། (ཆུ་དམར།)

                     དབྱངས།    ཡེ་ཤེས་སེང་གེ

                         ལེན་མཁན།   ཡེ་ཤེས་སེང་གེ   ཟླ་བ་མཚོ། 


སློབ་དཔོན་གསེར་གྱི་ཉི་མའི། །

སློབ་གསོ་འོད་ཀྱི་རང་མདངས། །

གླིང་བཞིའི་ཁྱོན་ལ་ཁྱབ་སོང་། །

འཛམ་གླིང་སྣང་བས་མཛེས་བྱུང་། །

དགའ་བ་ལ།  སྐྱིད་པ་ལ།  

སློབ་དཔོན་མཆོག་གི་སྐུ་ཚེ་བརྟན་པར་ཤོག


སློབ་དཔོན་རི་རྒྱལ་ལྷུན་པོའི། །

འཁྲུངས་སྐར་བཅོ་ལྔའི་དུང་ཟླ། །

ཤར་རིའི་རྩེ་ནས་འཛུམ་བྱུང་། །

ཀུ་མུད་འདབ་མ་གྲོལ་སོང་། །

དགའ་བ་ལ། སྐྱིད་པ་ལ། 

སློབ་དཔོན་མཆོག་གི་འཁྲུངས་སྐར་བསུ་རུ་འགྲོ།  


མཁྱེན་དཔྱོད་ནམ་མཁའ་ཡངས་པོ། །

སློབ་འབངས་སྐར་ཚོགས་ཁྲ་མོ། །

ཉི་ཟླ་སྐར་གསུམ་འཛོམས་སོང་། །

ང་ཚོ་སེམས་པ་སྐྱིད་བྱུང་། །

དགའ་བ་ལ།  སྐྱིད་པ་ལ། 

སློབ་དཔོན་མཆོག་གི་མཛད་འཕྲིན་རྒྱས་པར་སྨོན། 


    


02

  ཕུ་བོའི་འཁྲུངས་སྐར་ལ་ཕུལ་བ།


              གཞས་ཚིག  ཁམས་སྨྱུག་དུང་།       

                              གཞས་དབྱངས།   ཆོས་ལྷ།

                               གཞས་མ།      ཆོས་ལྷ། 


འགྱུ༵ར་མེ༵ད་དད་དམ་བདུད་རྩིའི་ངོ་བོ། །

བསྟ༵ན་འཛི༵ན་དམ་པའི་བཅུད་དུ་ཡོངས་གཏམ། །

དོན་གྲུབ་སྨོན་འདུན་ཚིག་གི་མཆོད་པ། །

འཁྲུངས་སྐར་བསུ་བའི་ཆེད་དུ་བཀོད་ཡོད། །

ཕུ་བོ་ལགས།  འཁྲུངས་སྐར་བསུ།

དགེ་བའི་ཁ་གཡང་འབོད་བཞིན་འཁྲུངས་སྐར་བསུ། །

དོན་གཉིས་འབད་མེད་ལྷུན་གྱིས་འགྲུབ་པར་ཤོག  །



དོན་ལྡན་མི་ཚེ་གསེར་གྱི་ཕུང་པོ། །

ལོ་ཟླའི་བར་ལ་འོད་ཀྱིས་བརྩིགས་པ། །

བཀྲ་ཤིས་རྟགས་བརྒྱད་ཁ་གཡང་སྨོན་ཚིག །

འཁྲུངས་སྐར་བསུ་བའི་དཔལ་དུ་སྒྲོན་ཡོད། །

ཕུ་ལོ་ལགས།  འཁྲུངས་སྐར་བསུ།

བདེ་ལེགས་ཚིག་གི་མཆོད་པས་འཁྲུངས་སྐར་བསུ། །

སྐུ་བདེ་ཐུགས་སྐྱིད་ཕུན་ཚོགས་དཔལ་འབར་ཤོག །


ཕྱི་ནང་གསང་བའི་བར་ཆད་ཀུན་སེལ། །

འདི་དང་ཕྱི་མའི་དོན་གཉིས་ཡོངས་འགྲུབ། །

རྒྱལ་སྲིད་སྣ་བདུན་ཡིད་ཀྱི་མཆོད་པ། །

འཁྲུངས་སྐར་བསུ་པའི་སླད་དུ་ཕུལ་ཡོད། །

ཕུ་བོ་ལགས།  འཁྲུངས་སྐར་བསུ།   

རྟེན་འབྲེལ་ཕུན་ཚོགས་འབུམ་གྱིས་འཁྲུངས་སྐར་བསུ། །

ཐུགས་ཀྱི་བཞེད་པ་གེགས་མེད་ལྷུན་འགྲུབ་ཤོག །              

           

                           




03

      

 བརྩེ་བའི་ཕྲ་རྒྱན། 


             གཞས་ཚིག  ཁམས་སྨྱུག་དུང་།                     

                           གཞས་གདངས།  གྲ་བ་བསམ་འགྲུབ།

                         གཞས་པ།  གྲུ་བ་བསམ་འགྲུབ། སྐལ་བཟང་ཆོས་མཚོ། 


གོམ་གསུམ་གོམ་པ་སྤོས་ནས། ། 

ལ་གསུམ་ལ་མོ་བརྒྱབ་ཡོད། །

ཚིག་གསུམ་སྙིང་གི་དམ་བཅའ། །

སྙན་མོའི་གཞས་ལ་བཅོལ་ཡོད། ། 


དམའ་མོའི་གཞུང་ལ་བལྟས་ཚེ། །

དཀར་དམར་མེ་ཏོག་བཞད་འདུག །

ལས་ཀྱིས་བསྐོས་པའི་བྱམས་པ། །

མེ་ཏོག་ཁྲོད་ནས་རྙེད་བྱུང་། །


མི་འགྱུར་གཡུང་དྲུང་རི་མོ། །

སོ་སོའི་སེམས་ལ་བརྐོས་ཡོད། །

དམ་ཚིག་གསེར་གྱི་རྒྱུད་སྐུད། །

སོར་མོས་དབྱངས་ལ་བརྒྱུས་ཡོད། །


བརྩེ་བ་བྱུ་རུའི་ཕྲ་རྒྱན། །

མགུལ་དུ་སྒྲོན་པ་གནང་དང་། །

མཛའ་གཅུགས་ཡིད་ཀྱི་འཁྲི་ཤིང་། །

རང་རང་ས་ནས་གཉོར་ཆོག ། 


   

04

   བརྩེ་བའི་བདག་མོ། 


           གཞས་ཚིག  ཁམས་སྨྱུག་དུང་། 

                          གཞས་དབྱངས།   རྫོགས་ཆེན་བསྟན་འཛིན།

                           གཞས་མ།   སྐལ་བཟང་ཆོས་མཚོ། 


         ༡

འཇིག་རྟེན་འཁོར་བའི་ནང་ནས། །

དྲོད་འཇམ་ཉི་མས་དྲོས་བྱུང་། །

དྲོད་འཇམ་ཉི་མ་མ་རེད། །

བརྩེ་ཆེན་ཨ་མའི་དྲོད་རེད། །

སྦྲ་ནག་གྲུ་བཞིའི་ཁྱིམ་ཕུག་དེ་ན་བྱམས་ལྡན་ཨ་མའི་དྲོད་ཁོལ་འཁྱིལ། 

གཡང་དཀར་ལུག་གི་འབའ་སྒྲའི་ཁྲོད་ན་བྱམས་ལྡན་ཨ་མ་འཛུམ་ཞིང་བཞེད། 

ང་ཡི་བརྩེ་ཆེན་གྱི་ཨ་མ།  ཁྱེད་ཀྱིས་འོ་བརྒྱལ་མྱོང་སོང་། 


          ༢

འཚོ་བའི་གར་སྟེགས་སྟེང་ནས། །

དབྱངས་ཅན་པི་ཝང་སྙན་བྱུང་། །

དབྱངས་ཅན་པི་ཝང་མ་རེད། །

བརྩེ་ཆེན་ཨ་མའི་གསུང་རེད། །

ཐུལ་དཀར་འབྲི་མོའི་བཞོ་ཟོའི་འགྲམ་ནས་བྱམས་ལྡན་ཨ་མའི་བཞོ་དབྱངས་སྙན། 

སྐལ་བཟང་མེ་ཏོག་བཀྲག་མདངས་ཁྲོད་ནས་བྱམས་ལྡན་མ་ལོའི་ལང་ཚོ་མཛེས། 

ང་ཡི་བརྩེ་ཆེན་གྱི་ཨ་མ།  ཁྱེད་ཀྱིས་འོ་བརྒྱལ་མྱོང་སོང་། 


           ༣

སེམས་ཀྱི་ཞིང་ས་དེ་ན། །

སྙིང་རྗེའི་མྱུ་གུ་འཁྲུངས་བྱུང་། །

སྙིང་རྗེའི་མྱུ་གུ་མ་རེད། ། 

བརྩེ་ཆེན་ཨ་མའི་སེམས་རེད། །

ཁ་བ་དཀར་པོའི་མདུན་ལྗོངས་ངོས་སུ་བརྩེ་ལྡན་ཨ་མའི་ཞབས་རྗེས་གསལ། །

སྒང་པ་བོད་ཀྱི་ལོ་རྒྱུས་ཁྲོད་ན་བྱམས་ལྡན་མ་ལོའི་རྒྱབ་གཟུགས་མངོན། །

ང་ཡི་བརྩེ་ཆེན་གྱི་ཨ་མ།  ཁྱེད་ཀྱིས་འོ་བརྒྱལ་མྱོང་སོང་། 

   


05

 དད་པའི་ཕོ་བྲོང་ནས་བཞུད་པའི་སྐྱེས་ཆེན།

   

              གཞས་ཚིག ཁམས་སྨྱུག་དུང་།

                             གཞས་དབྱངས། བློ་གསལ།

                             ལེན་མཁན། ཤེས་མཚོ།


གསེར་ཉི་གཞོན་གནམ་མཐའི་སྤྲིན་གྱིས་གཡོག །

དུང་ཟླ་བ་སྒྲ་ཅན་ནག་པོས་སྒྲིབ། །

རྗེ་བཀའ་དྲིན་མཚུངས་མེད་བླ་མ་རྗེ། །

སྤྲུལ་སྦས་དགའ་རྡོ་རྗེ་གང་དུ་བཞུགས། །

བླ་མ།  བླ་མ། 

རྗེ་བླ་མ་སྙིང་གི་དཀྱིལ་ནས་དྲན། །


འབྲོང་བྲེ་སེར་རྫ་མགོར་རི་མགོར་འགྲིམས། །

སེང་དཀར་མོ་གནས་ཡུལ་ངེས་མེད་འཁྱམས། །

ཐུགས་བྱམས་བརྩེས་སྐྱོང་བའི་བླ་མ་རྗེ། །

སྐུ་མ་བཞུགས་ཞིང་ཁམས་གང་དུ་ཕེབས། །

བླ་མ།  བླ་མ། 

རྗེ་བླ་མ་སྙིང་གི་དཀྱིལ་ནས་དྲན། །


རྗེ་ཁྱེད་ཀྱི་ཞལ་གདམས་ཡིད་ལ་དྲན། །

ངེད་སློབ་འབངས་མིག་ཀོང་མཆི་མས་བརླན། །

ཐུགས་གཡོ་མེད་ཏིང་འཛིན་ཟབ་གསལ་ངང་། །

རྒྱུད་བྱིན་རླབས་སྩོལ་ཅིག་བླ་མ་རྗེ། །

བླ་མ།  བླ་མ། 

རྗེ་བླ་མ་སྙིང་གི་དཀྱིལ་ནས་དྲན། །


སྐུ་རི་རྒྱལ་འདྲ་བའི་བླ་མ་དྲན། །

གསུང་འབྲུག་སྒྲ་འདྲ་བའི་གདམས་ངག་དྲན། །

ཐུགས་ཉི་ཟླ་འདྲ་བའི་དཀྱེལ་ཡངས་དྲན། །

ཡིད་གདུང་བས་གསོལ་འདེབས་ཁྱེད་ལ་བྱེད། །

བླ་མ།  བླ་མ།

རྗེ་བླ་མ་སྙིང་གི་དཀྱིལ་ནས་དྲན། །


   


06

  ལོ་སར་སྨོན་ཚིག

   

             གཞས་ཚིག    ཁམས་སྨྱུག་དུང་། 

                         གཞས་གདངས།   གསེར་གུར། 

                       གཞས་པ།   ཕུན་ཚོགས་མཆོག་ལྡན། རོལ་མོ།   

                      ཤེར་བྷ། སྒྲ་ལེན་པ།   གཡང་རོང་ཨ་དོན།


ལོ་སར་ཚེས་པ་དང་པོར། །

ལྷ་ལ་མཆོད་པ་ཕུལ་ཡོད། །

ལྷ་བསང་དགུང་ལ་གཏང་ཡོད། །

ཁ་ལས་དགེ་བར་ཤོག

རླུང་རྟ་དར་བར་ཤོག


ལོ་སར་ཚེས་པ་དང་པོར། །

ཕ་མ་གོང་དུ་བཞུགས་ཡོད། །

བུ་ཕྲུག་མཐའ་ནས་བསྐོར་ཡོད། །

ཚེ་ཐག་རིང་བར་ཤོག

དྲིན་ལན་སོད་པར་ཤོག


ལོ་སར་ཚེས་པ་དང་པོར། །

ཕུ་ནུ་ལྷན་འཛོམས་བྱུང་ཡོད། །

དགའ་སྐྱིད་དགོད་སྒྲས་ཁྱབ་ཡོད། །

བསམ་དོན་འགྲུབ་པར་ཤོག

བདེ་སྐྱིད་ལྡན་པར་ཤོག


   


07

      ཨ་རོགས་ཡེ།


        གཞས་ཚིག  ཁམས་སྨྱུང་དུང་།

                      གཞས་གདངས། ཡེ་ཤེས་སེངྒེ།

                      གཞས་པ། ཡེ་ཤེས་སེངྒེ།


ཨ་རོགས་ལ་ཡེ། 

སྟག་ཤར་མ་འདུག་ཡར་ལ་གཟིགས་དང་ཡུལ་ཞིག་མཐོང་རྒྱུ་གན།

བོད་ཁ་བ་ཅན་གྱི་ཞིང་ཁམས་རེད།

བྱམས་སྙིང་རྗེ་གཉིས་ཀྱི་འབྱུང་ཁུངས་རེད།


ཨ་རོགས་ལ་ཡེ། 

བུ་མོ་མ་འགྲོ་ཚུར་ལ་ཕེབས་དང་སྤང་གི་སྦྲ་ནག་འདི།

ཕ་འབྲོག་པའི་གཡང་གི་རུ་མ་རེད། 

ཞོ་འོ་མའི་རྒྱ་མཚོ་འཁྱིལ་ས་རེད།


ཨ་རོགས་ལ་ཡེ། 

བུ་ཆུང་མ་གཡེང་སློབ་ལ་བརྩོན་དང་རིག་པའི་སྙིང་བཅུད་འདི། 

དབྱངས་གསལ་བྱེད་ཡིད་བཞིན་ནོར་བུ་རེད།

ཆོས་གཙུག་ལག་མཛོད་ཀྱི་ལྡེ་མིག་རེད།


   


08

         སྨོན་ལམ།

                     

                 གཞས་ཚིག  ཁམས་སྨྱུག་དུང་། 


སེར་ཆིལ་ལེ་ཉི་མ་དགུང་ནས་ཤར་དུས། །

ས་ཐག་རིང་ཡུལ་གྱི་བླ་མ་དྲན་བྱུང་། །

རྗེ་བླ་མའི་དགྱེས་ཞལ་ཡིད་ལ་འཁོར་དུས། །

ཞལ་ཡང་ཡང་མཇལ་བའི་སྨོན་ལམ་བཏབས་ཡོད། །


ཚེས་བཅོ་ལྔའི་དུང་ཟླ་ཐད་ནས་ཚེས་དུས། །

ཁྱིམ་གྲུ་བཞིའི་ནང་གི་ཕ་མ་དྲན་བྱུང་། །

དྲིན་ཕ་མའི་ཞལ་རས་སེམས་ལ་འཁོར་དུས། །

སྐུ་ཚེ་ཐག་རིང་བའི་སྨོན་ལམ་བཏབས་ཡོད། །


ཁྲ་ཆིལ་ལེ་སྐར་ཚོགས་དགུང་ནས་བཀྲ་དུས། །

སྡེ་ཁྲ་བོའི་དཀྱིལ་གྱི་བྱམས་པ་དྲན་བྱུང་། །

ཆུང་བྱམས་པའི་བརྩེ་བ་སེམས་ལ་འབྲི་དུས། །

གཞོན་བརྩེ་དུང་མི་འགྱུར་སྨོན་ལམ་བཏབས་ཡོད། །


   


09

སྤྲིན་མཚམས་སུ་གནས་པའི་ཆུ་དམར་ལེབ།

                                              

                གཞས་ཚིག  ཁམས་སྨྱུག་དུང་། 


མཐོན་མཐིང་སྤྲིན་དཀར་འཕྱུར་བའི་གནས་མཆོག །

བརྗིད་ལྡན་གངས་དཀར་རི་བོའི་ལྕགས་རི། །

མཛེས་ལྡན་དཀར་དམར་མེ་ཏོག་འཁྲུངས་ས། །

ཕ་ཡུལ་ཆུ་དམར་རྩྭ་ཐང་མཛེས་སོ། །


བྱིན་ཆགས་རྩེ་ལྷ་བཅུ་གསུམ་བཞུགས་གནས། །

འཛམ་གླིང་གེ་སར་རྒྱལ་པོའི་ཕ་ས། །

མར་འབབ་རྨ་ཆུ་སྔོན་མོའི་མགོ་ཁུངས། །

ས་སྟེང་སྐྱེ་རྒུའི་ཡིད་ཀྱིས་སྨོན་ས། །


གླིང་དཀར་ཕ་ཟོག་ནོར་བུ་ཆ་བདུན། །

མགྱོགས་པ་འདོ་བའི་རྒྱན་དུ་འཇོག་ས། །

གུ་ར་རྫ་སྐྱ་ཞེས་པའི་མཚན་སྙན། །

མཐོ་སྒང་ཉི་ཟེར་ལྷན་དུ་ཤར་ས། །


བབས་ཆགས་འབྲོག་པའི་འཚོ་བ་སྐྱིད་ས། །

གཡང་ཆགས་རྟ་ནོར་ལུག་གསུམ་འཕེལ་ས། །

སྤྲིན་དཀར་སྟེང་དུ་གནས་པའི་ཆུ་དམར། །

ངོ་མཚར་སྙན་ཚིག་འབུམ་གྱིས་བསྟོད་དོ། །


   


10

      འབྲོག་མོའི་སེམས་པ།


             གཞས་ཚིག  ཁམས་སྨྱུག་དུང་། 


འུར་ཁྲ་རིང་ལག་ལ་ཐོགས་ནས། །

རྟ་ནོར་ལུག་རྐང་རྗེས་བསྙེགས་དུས། །

ང་བུ་མོའི་སེམས་པ་དབྱར་ཡིན། །

དབྱར་མེ་ཏོག་བཞད་སའི་སྤང་ཡིན། །


རྟ་འདོ་ལུའི་སྲབ་མདའ་བཟུང་ནས། །

སྒ་སྔ་རུའི་གོང་བ་མནན་དུས། །

ང་བུ་མོའི་སེམས་པ་དགུང་ཡིན། །

དགུང་འབྲུག་ཆུང་གྲགས་སའི་གཞི་ཡིན། །


ལུག་གཡང་དཀར་ལྷས་ལ་བསྐོར་ནས། །

འབྲི་མ་བུའི་ངུར་སྒྲ་ལྡིར་དུས། །

ང་བུ་མོའི་སེམས་པ་གངས་ཡིན། །

མ་གངས་དཀར་ལྷ་མོའི་མདངས་ཡིན། །


ཕ་ཨ་མྱེའི་གནའ་གཏམ་ཉན་བཞིན། །

མ་དྲིན་ཆེན་རྩིབ་ན་ཡོད་དུས། །

ང་བུ་མོའི་སེམས་པ་དྲོད་ཡིན། །

དྲིན་ཕ་མའི་སེམས་ཀྱི་དྲོད་ཡིན། །


   


11

    རེ་ཆད། 


          གཞས་ཚིག  ཁམས་སྨྱུག་དུང་། 

       

གངས་དཀར་པོ་སྨུག་པས་མ་བཟུང་གོང་། །

སེང་དཀར་མོ་ཕེབས་ན་ཨ་རེ་བསམ། །

སེང་དཀར་མོས་གཡུ་རལ་མ་ངོམས་ན། །

གངས་སྨུག་པས་བཟུང་དང་མ་བཟུང་མེད། །


ནགས་རྒྱ་རྫོང་ལྡོང་ལོ་མ་འཐོར་གོང་། ། 

བྱ་ཁུ་བྱུག་ལྷོ་ནས་ཨེ་ཕེབས་བསམ། །

བྱ་ཁུ་བྱུག་ལྷོ་ནས་མ་ཕེབས་ན། །

ཤིང་ཡལ་ག་ཆག་དང་མ་ཆག་མེད། །


སྐད་ཡི་གེའི་ཟུངས་ཁྲག་མ་ཟད་གོང། །

དོན་དམ་པའི་རིན་ཐང་ཨེ་རྟོགས་བསམ། །

དོན་དམ་པའི་རིན་ཐང་མ་རྟོགས་ན། །

བོད་མི་རིགས་འགྱུར་དང་མ་འགྱུར་མེད། །


   


12

       དེས་ཆོག 


              གཞས་ཚིག  ཁམས་སྨྱུག་དུང་། 


ཉི་མ་ཕེབས་ན་ཕེབས་ཆུག །

ཟླ་བ་བཞུད་ན་བཞུད་ཆུག །

ཕ་སྐད་གསེར་གྱི་སྐར་ཚོམས། །

མ་འཐོར་བྱུང་ན་དེའི་ཆོག ། 


ཆུ་བོ་སྐམ་ན་སྐམ་ཆུག །

འགྲམ་དར་ཆགས་ན་ཆགས་ཆུག ། 

དབྱངས་གསལ་དངུལ་དཀར་ཕྲེང་བ། །

ཕྲེང་ཐག་མ་ཆད་དེའི་ཆོག །  

 

འཛུམ་མདང་ཡལ་ན་ཡལ་ཆུག །

ཟུངས་ཁྲག་བཞུར་ན་བཞུར་ཆུག །

ཡུལ་སྲོལ་འཚོ་བའི་རི་མོ། །

ཡལ་བ་མེད་ན་དེའི་ཆོག །


   


13

        གླུ་རུ་ལོངས།

  

  

           གཞས་ཚིག  ཁམས་སྨྱུག་དུང་། 


དབྱར་དྲུག་པ་གཡུ་ཡི་དག་ཞིང་རེད། །

སྦྲ་རོག་རོག་དྲན་པའི་ས་བོན་རེད། །

བྱ་ཁུ་བྱུག་མགྲིན་པ་སྙན་མོ་ཅན། །

སྦྲ་སྨུག་ཆུང་བདེ་སྡུག་གླུ་རུ་ལོངས། །


གངས་དཀར་པོ་དངུལ་གྱི་མཆོད་རྟེན་རེད། །

ཆོས་འབྲུ་དྲུག་ཕ་མའི་དད་འདུན་རེད། །

སེང་དཀར་མོ་གཡུ་རལ་ལྗང་ཁུ་ཅན། །

གངས་དཀར་པོའི་བདེ་སྡུག་གླུ་རུ་ལོངས། །


བོད་ཆོལ་གསུམ་ཆོས་ཀྱི་ཕ་ས་རེད། །

བྱམས་སྙིང་རྗེ་བསམ་བློའི་ཡང་སྙིང་རེད། །

སྐད་སེང་སེང་འབྲུག་ཆུང་གྲགས་ནི་ཚོ། །

བོད་ཁ་བའི་བདེ་སྡུག་གླུ་རུ་ལོངས། །

མི་སྒེར་རྩོམ་ཆོས་ཀྱི་བདག་དབང་།

གཞས་ཚིག་འདི་དག་ལ་བདག་པོ་ཡོད་པས། རྩོམ་པ་པོས་ཆོག་མཆན་མེད་པར་གང་འདོད་དུ་འཁྱེར་མི་ཆོག

  




རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།  


    ཁམས་སྨྱུག་དུང་ནི་སྤྱི་ལོ་༡༩༩༡ལོར་ལྷ་སར་སྐྱེས་ཤིང་།  ཕ་ཡུལ་ཆུ་དམར་ལེབ།  ཆུང་དུས་ནས་བོད་ཀྱི་དབྱངས་གསལ་སོ་བཞི་ངག་ལ་གྱེར་ནས་རིམ་པ་བཞིན་དགོན་སྡེའི་ཁྲོད་དུ་འདོན་ཆོག་སོགས་བསླབས། ༢༠༠༧ལོར་ཡུལ་ཤུལ་ཁུལ་ལྔ་རིག་ནང་བསྟན་སློབ་གླིང་དུ་ཞུགས་ནས་བཅུ་ཕྲག་རིག་པར་སྦྱང་བ་སླད་མེད་བྱས། དེ་ནས་༡༠༡༢ལོའི་སྨད་ལ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ནས་ངེས་དོན་གྱི་དགེ་རྒན་དུ་མ་སྤྱི་བོའི་གཙུག་ཏུ་བསྐུར།

    ༢༠༡༥ལོར་སློབ་གྲྭ་དེ་ནས་མཐར་ལེགས་པར་ཕྱིན་ཏེ་༼དབྱངས་གསལ་གྱི་གཤོག་པ།༽ཟེར་བའི་ཀ་རྩོམ་དེབ་གཅིག་ཕུད། མི་ཚེའི་ཁ་ཕྱོགས་ཤིག་གམ་འཚོ་བའི་དགའ་ཕྱོགས་ཤིག་གིས་ཆུང་དུས་ནས་རྒྱ་མཚོ་བཞིན་གཏིང་ཟབ་པའི་བོད་ཀྱི་རྩོམ་རིག་ལ་དགའ་ཞེན་བླ་མེད་ཡོད། སྙན་ངག་དང་ལྷུག་རྩོམ་མང་པོ་བྲིས་ནས་བོད་ཀྱི་དུས་དེབ་དང་ཚགས་པར་དྲ་ཚིགས་༼རྨ་རྒྱལ་སྨྱུག་གསར།༽༼གངས་རྒྱན་མེ་ཏོག༽ ༼ཞག་སྒྲོན།༽༼རྨ་འབྲི༽༼མཚོ་མཐའི་གླུ་སྐད།༽༼ཆུ་དམར་རྩོམ་རིག༽སོགས་སུ་བཀོད་མྱོང་།


 ༼ཆུ་དམར་མྱུ་གུའི་སྟོབས་ཚང་།༽     

༼མྱུ་གུའི་སྟོབས༽ཚང་གི་སྙན་ངག་སྤེལ་ཐེངས་ལེའུ།

ཆུ་དམར•མྱུ་གུ་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༣ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༤ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༥ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༦ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༧ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༨ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༩ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༠ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༡ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༢ ༽

ཆུ་དམར•མྱུ་གུའི་སྟོབསཚང་གི་སྙན་ངག་སྤེལ་ཐེངས། ༼༡༣༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༤༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༥༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡༦ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡༧ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༨༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༩༽

             ཆུ་དམར་རྩོམ་རིག་འཕྲིན་སྟེགས།


སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིགརྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 

                 


小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།

 

 


    ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིག་རྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




      

  ▼   གླུ་གཞས་འོས་སྦྱོར།              
点赞+转发 

 点击下面语音,播放歌














འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章