ཤིས་ཚིག་པད་དཀར་ཆུན་པོ། དཀར་པོ་ཆིག་ཐུབ།

文摘   文化   2024-03-07 20:33   青海  
    ཆུ་དམར་རྩོམ་རིག             


                              ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

  


     

    ࿇ ཤིས་ཚིག་པད་དཀར་ཆུན་པོ།      

                                           དཀར་པོ་ཆིག་ཐུབ། 

སྟོན་མཆོག་ལྷ་ལས་བབས་པའི་དུས་ཆེན་ལ།།

བཀྲ་ཤིས་དགེ་མཚན་རྒྱས་པའི་རྟེན་འབྲེལ་འགྲིག །

སློབ་གླིང་གསེར་གྱི་ཁང་བཟང་ཉམས་དགའ་བ།།

ལོ་གྲངས་བཅུ་བ་ལོན་པའི་བཀྲ་ཤིས་དར།།


དོན་གཉེར་གཙུག་འཛིན་སྐལ་ལྡན་བུང་བའི་ཚོགས།།

དམ་པའི་བཀའ་དྲིན་མ་བརྗེད་སྙིང་ནས་གུས།།

ཉིན་མཚན་དུས་དྲུག་དཀའ་བ་ལྷོད་མེད་མཛད།།

མདོ་སྔགས་གཞུང་ལུགས་རྒྱ་མཚོས་རབ་ཏུ་ཕྱུག །


རྣམ་དཔྱོད་གར་གྱིས་རྩེན་པའི་བློ་གསལ་ཁྱུས།།

གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་སྤེལ།།

རྒྱལ་བའི་དགོངས་དོན་ཟབ་མོ་ལྷུར་བླངས་ནས།།

ལྔ་རིག་མེ་ཏོག་ཚལ་འདི་ལྷག་པར་རྒྱས།།


སྔོན་བསགས་སྨོན་ལམ་བཟང་པོའི་བདེན་མཐུ་དང་།།

ལྷ་དང་བླ་མའི་ཐུགས་བརྩེ་བྱིན་རླབས་ཀྱིས།།

མ་བོས་མཉམ་དུ་འཛོམས་པའི་དགེ་སློབ་ཡོངས།།

དགྱེས་ཞལ་ལྷན་གཅིག་འཛོམས་པས་སེམས་པ་སྐྱིད།།


ཤིས་ཚིག་པདྨ་དཀར་པོའི་ཆུན་པོ་འདི།།

བཅོས་མིན་སེམས་ཀྱིས་ཚོར་བའི་རི་མོར་བཀོད།།

བསམ་བཞིན་ཕུལ་བའི་བསྟོད་དབྱངས་སྙན་མོ་འདི།།

མ་དཔྱད་གྱ་ཚོམ་བརྗོད་པའི་ཚིག་རིས་མིན།།

     ཞེས་སོག་ཚང་དགོན་ལྔ་རིག་སློབ་གསོའི་དགའ་ཚལ་དབུ་བརྙེས་ནས་ལོ་གྲངས་བཅུར་སོན་པའི་རྟེན་འབྲེལ་དུ་བྲིས་པ་དགེའོ།།


小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།



 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིགརྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




                

  ▼   གླུ་གཞས་འོས་སྦྱོར།              
点赞+转发

 ▼ 点击下面语音,播放歌













འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章