རྗེ་ཙོང་ཁ་རྗེས་དྲན་དུ་ཕུལ་བའི་སྙན་ངག ༼ གྱེར་འདོན ༽

文摘   文化   2023-12-07 13:10   青海  

    ཆུ་དམར་རྩོམ་རིག             


                              ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

  


         













 

 

 

1


        ཙོང་ཁ་པ།          

                   

     

                        སྨིན་ཁྲག་སྨྱུག

                                        གྱེར་འདོན། སྣང་ངུ་།


མི་ཡུལ་ཁམས་ལ་ཁྱེད་འདྲ་འཁྲུངས་བས་གནམ་སའི་བྱིན་རླབས་བསྩལ་བ་འདྲ།།

སྲིད་པའི་འཁོར་བ་སྒྱུ་མར་མཐོང་བས་བློ་མིག་གཡའ་དག་ཆུ་མོ་བཞིན།།

ཆགས་སྡང་བུ་ཡུག་འཚུབ་པ་མེད་པའི་བློ་ཡི་དཀྱིལ་འཁོར་མེ་ལོང་འདྲ།།

ལྗོན་པའི་ཚལ་གྱི་ཤྭ་བ་རི་དྭགས་བྱམས་པའི་མཐུ་ཡིས་མ་ལ་བསྒོམས།།


ལོ་དང་ཟླ་བའི་ཁུག་པ་རེ་ཡི་དུས་ཚོད་ཆུ་མོ་བཞིན་དུ་བཞུར།།

མི་ཚེ་ཧྲིལ་བོ་ཐོས་པས་བསྐྱལ་ཏེ་མ་ཡུམ་མཇལ་བའི་ལས་སྐལ་ཐུང་།།

འདི་དག་གནམ་གྱིས་བསྐོས་བ་འདྲ་བས་སུས་ཀྱང་ཡ་ལེན་བྱས་སྲོལ་མེད།།

དོན་གྱིས་བཤད་ན་སྐྱེས་བུ་ཁྱེད་འདྲར་ལན་ཆགས་དེ་འདྲ་འཁོར་དོན་མེད།།


མི་བུ་ཕལ་བའི་སྡིག་སྒྲིབ་ངག་གིས་འདི་ལྟར་བཤད་ན་ཉེས་དམིགས་ཤིག།

འཇིག་རྟེན་ཁམས་ནས་ཁྱེད་ཀྱི་གཏམ་རྒྱུད་བཀླགས་ནས་ཚར་ན་དེ་འདྲ་མཐོང་།།

ཀུན་དགའ་རྒྱལ་མཚན་བློ་བཟང་གྲགས་སོགས་ཁྱེད་ཀྱི་མཚན་གྱི་ཆ་ཤས་རེ།།

མང་དག་ཐོས་ན་དོན་གྱི་ཡུལ་ལ་བློ་མིག་ཉི་ཟླ་ཤར་བ་འདྲ།།


རང་གནས་དབེན་པའི་ཤག་ནས་བསྡད་དེ་རྟོག་པ་རྟ་རྒོད་འདུལ་བ་དང་།།

གནས་ལུགས་ནམ་མཁའ་དོན་གྱིད་ཕྱེས་ཏེ་ཚེ་ཡི་མཛད་པ་འདི་ལྟར་སོང་།།

རྟེན་འབྱུང་རིག་པའི་ལྟ་གྲུབ་མཉེས་ཤིང་ལོག་སྨྲའི་ལྟ་བ་བརྟུལ་བ་དང་།།

སྐྱེ་བ་གཅིག་ལ་འགྲོ་མི་སེམས་སུ་བག་ཆགས་བརྟན་པོ་སྙིང་ལ་བཏབ།།


ཨ་མ་ཤིང་བཟའ་ཨ་ཆོས་ལགས་ཀྱི་རྒྱང་ནས་བསྐུར་བའི་སྐྲ་ལན་དང་།།

ཡབ་ཆེན་ཀླུ་འབུམ་ཕྱག་ནས་བརྒྱུད་པའི་ལོ་མང་འགོར་བའི་ལག་འཁོར་ཏེ།།

ནུ་བོའི་ཟི་ལིང་མཁར་ནས་ཉོས་པའི་བ་སོའི་ཕྲེང་བ་དཀར་པོ་སོགས།།

སྲིང་མོ་རང་གིས་དངོས་སུ་བཟོས་བའི་བལ་གྱི་ཐུལ་བ་མཐོང་བ་ན།།


དྲན་གདུང་སྨུག་པ་ཡིད་ལ་ལྡིང་སྟེ་སྐྱོ་བ་རྒྱ་མཚོ་བཞུར་བ་འདྲ།།

ཤིང་བཟའི་ལག་ནས་བརྒྱུད་དེ་ཡོང་བའི་སྐྲ་ཡི་ལན་བུ་དཀར་པོ་དག།

ཡུན་གྱིས་བལྟས་ལ་སྒུག་ཡུན་མེད་པའི་ལང་ཚོ་ཟེར་བ་འདི་འདྲར་མཐོང་།།

མི་ཡུལ་ཁམས་ལ་སྐྱོ་གར་མིན་ནས་འཚོ་བ་སིམ་པ་མེད་པ་རྟོག། 


ཨ་མ་ཤིང་བཟའི་སྐྲ་ལོ་ཉག་མ་ཤར་རླུང་ལྡིང་ནས་ཤར་རླུང་ལྡིང་ནས་ཤར་ནས་ཐོར།།

སྙིང་དུ་སྡུག་པའི་གཞོན་ནུའི་དུས་ཚོད་མཐོང་པ་རྒྱ་མཚོའི་གཞུང་ནས་རྫོགས།།

དགེ་ལྡན་གྲུབ་མཐའི་སྲོལ་གཏོད་བྱས་ནས་ཤཱཀྱའི་བསྟན་པར་ཞེ་ཐག་གཙང་།།

མཚན་ནས་ཐོས་ན་སེམས་འདིས་སྐུར་འདོད་སྐྱེས་བུ་ཁྱེད་འདྲར་འཕྲད་པར་ཤོག།


སློབ་དཔོན་རེ་མདའི་རེ་བའི་མུ་ཏིག་གངས་རིའི་འཁྲེས་སུ་སྒྲེང་བ་དང་།།

ཤེས་རབ་ཉི་ཟླའི་བློ་མིག་ཡངས་བའི་ཙོང་ཁའི་ཡུལ་ནས་མངའ་ཐང་རྒྱས།།

མངོན་དང་རྟོགས་པ་མཐོ་བའི་ཕྱིར་དུ་སྐྱེ་བ་གཅིག་ལ་དཀའ་ཐུབ་བྱས།།

མགོ་བོ་རྒྱས་ཏེ་སྟོན་ཟླ་ཚེས་ཉིན་མ་ཡུམ་ཤིང་བཟའི་སྤྱན་ཟུང་དྲན།།


༢༠༢༡/༡༢/༢༩/ ཡུལ་རེབ་གོང་ནས། 



小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།


 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིག་རྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




      

  ▼   གླུ་གཞས་འོས་སྦྱོར།              
点赞+转发

 ▼ 点击下面语音,播放歌















འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 


曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章