ཇེང་གི་རང་མོས་སྙན་ངག་ཚན་པ་གསུམ།

文摘   文化   2023-10-24 19:14   青海  
    ཆུ་དམར་རྩོམ་རིག             


                              ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

  


     

མུན་པའི་སྒོ་དྲུང་དུ། 


                                            ཇེང་།  ཡུལ་ཤུལ། 


གཏད་སོ་བྲལ་བའི་རྣམ་རྟོག་གི་མཁར་རྫོང

ཡོད་ཚད་ངེས་མེད་ཀྱིས་གང་དུ་བརྫངས


འོད་དང་མུན་པ་རྡེབ་པའི་ནམ་མཁའ་རུ

གཟུགས་བརྙན་ལ་ཚོན་གྱིས་མདངས་བྱུགས


མི་ཚོས་ཆགས་སྡང་གི་ཕྱག་ཟུང་བརྐྱངས

རྣམ་འགྱུར་དེའི་སྙིང་རུས་ཙག་གིས་འཁེངས


གཞི་ནས་ཕྱི་ནང་ཀུན་དལ་ཅག་གེར་ལུས་རྗེས

ལྷིང་འཇགས་ཀྱི་གནས་མལ་བཅའ


སྣང་བརྙན་དེས་ཅི་ཞིག་རྒྱ་ཡན་དུ་བཏང

                                2023  6  5

གྲིབ་མ་བོར་བའི་རྣམ་ཤེས། 

      

སྐབས་རེར་ངག་སྒོ་བསྡམ་རུང

འཇིག་རྟེན་གྱི་ལྷིང་འཇགས་རྨང་ནས་དཀྲུག


སྐད་ཅིག་རེ་རེར་ཕྱི་ནང་གི་སྐྱེ་འགག་དེ་དག

སྡུག་བསྔལ་གྱི་ཆོ་ངེ་ལས་མཐོང་རྒྱུ་མ་བྱུང


མི་ཡུལ་དུ་སྨུག་པས་ཡོལ་བ་འཐེན་ནས

སྐད་ཆ་ལ་གསོན་ཤུགས་མེད་པར་བཏང


སྡིག་པའི་མིག་ཟུང་གཉིས་པོ་བཙུམས་རྗེས

ཡིད་ཀྱི་གདུང་བས་མེ་ལོང་སིལ་བུ་བཅག


འཁྱག་སླ་བའི་འཁོར་བའི་མུན་ཁང་དུ

རང་ཉིད་རྨི་ལམ་གྱི་གཟེབ་ལ་ལྷུང


                                       2023  2  5


མིང་མེད། 


ལྟ་བཞིན་པའི་སྐབས་དེར

མིག་ཟུང་ལས་མངོན་བཞིན་པ་དག

སྒྱུ་འཕྲུལ་གྱི་འཆར་སྣང་དུ་མ་གྲུབ


ཡུན་རིང་དུ་ཕྱིན་རྗེས

མེ་ལོང་ནང་དུ་ཆག་སྒོ་འབྱུང་སྲིད

གཞི་ནས་གདུང་བས་མནར་གཅོད་བཏང

མི་ཚེ་ནི་མཚམས་མི་འཇོག་པར་བད་དེ་འཁོར


རྨས་ཕོག་པའི་ཐ་སྙད་ཁ་ཤས

གཡང་གཟར་གྱི་མཐའ་རུ་ལྷུང


གོ་རིམ་མེད་པས་སྟོང་བར་ལུས

གོ་རིམ་འཆོར་བས་ངལ་ཞིང་དུབ


                         2022  4  25


小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།



 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིགརྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




                

  ▼   གླུ་གཞས་འོས་སྦྱོར།              
点赞+转发

 ▼ 点击下面语音,播放歌













འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章