བོད་དུང་གི་སྙན་ངག་ཚན་པ་གསུམ།

文摘   文化   2024-09-28 20:02   青海  
    ཆུ་དམར་རྩོམ་རིག             


                              ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

  


     



        ཁྱེད་ལ་ཕུལ།      



             བོད་དུང་།  



ཁྱེད་ནི་ནམ་མཁའི་མཐོངས་ཀྱི་རྒྱུ་སྐར་ཏེ།།

དུང་བའི་དབྱིངས་སུ་ཚེས་པའི་སྨིན་དྲུག་ཡིན།།

ཁྱེད་ནི་སྤང་དུ་བཞད་པའི་མེ་ཏོག་སྟེ།།

བདག་ཡིད་དཀྱིལ་དུ་འཛུམ་པའི་པདྨ་ཡིན།།

ཁྱེད་ནི་སྙན་པའི་ནང་གི་སྙན་པ་སྟེ།།

རི་སུལ་པི་ཝང་དཀྲོལ་བའི་རླུང་བུ་ཡིན།།

ཁྱེད་ནི་མཛེས་པའི་ནང་གི་མཛེས་པ་སྟེ།།

སེང་ལྕམ་མེ་ཏོག་ལྡན་པའི་བཞིན་རས་ཡིན།།

ངག་ལ་གཉོམ་ཤ་ཆགས་དུས་ཡག་ཐོག་ཡག།

ལན་བུ་གཡུ་ཡིས་རྒྱན་ན་ཤིན་ཏུ་ཡག།

མཛེས་འཛུམ་ཉི་ཟླ་ཚེས་དུས་དེ་བས་ཡག།

མཛའ་བའི་ཚིག་ཁ་ཀློད་དུས་ལྷག་ཏུ་ཡག།


       མིང་མེད།    




རྒྱང་རིང་དུ་མཚམས་སྤྲིན་ཡོད་ལ

སྙན་ངག་ཡོད

རྒྱ་མཚོའི་རླབས་སྒྲ་ཡོད

མཐའ་ཡས་པའི་རྩྭ་ཐང་དང་གངས་རི་ཡོད

འོ་ཁ

སྐྱོ་བ་མེད་པའི་རི་ཚོགས་ཡོད

སྙིང་དུ་སྡུག་པའི་འདབ་ཆགས་ཡོད

རོལ་དབྱངས་ཡོད

ཁུ་སིམ་པའི་ས་སྲོད་ཡོད

འོ་ཁ

གནས་དེ་རུ་སླེབས་ཚེ

སྐྱོ་བ་ཡོད་ཚད་མེད་འགྲོ


     མི་ཡུལ་འགྲིམ་པའི་ལོ་ཟླ།  




མཛའ་མཐུན་ཕྱི་ཐག་གི་རི་མོ།།

བྲག་དང་གཙང་བོ་ལ་བཏབ་པས།།

འཇིག་རྟེན་སྣང་བ་འདི་གསལ་ཚེ།།

ངོ་ལོག་བྱེད་ཐབས་ནི་མི་འདུག།


ཡིག་ཆུང་སྐུར་བ་དེ་མི་འགྱོད།།

ཡིག་ལན་འབྱོར་བ་དེ་མི་ལན།།

སྣང་བ་ཁ་དོག་གི་རི་མོ།།

ངོ་བོ་སྣ་ཚོགས་ཀྱི་རང་མདངས།།


མེ་ཏོག་དབྱར་དུས་ལ་བཞད་སོང་།།

སྦྲང་ཆུང་དབྱར་དུས་ལ་བསླེབས་སོང་།།

སད་སེར་རླུང་བུ་ཡི་དུས་ན།།

གྱེས་འཛུམ་སེམས་གཏིང་དུ་གཉོར་རོགས།།


དང་ཐོག་རྟེན་འབྲེལ་གྱི་དབུ་ཁྱུད།།

མཛེས་པའི་འཛུམ་ཀོང་ལས་རྙེད་བྱུང་།།

ཆུ་འཛིན་དྲི་མེད་ཀྱི་རང་མདངས།།

པདྨའི་བཞིན་རས་སུ་འཐིམ་སོང་།།


སྣང་བ་མཛའ་མཐུན་དུ་སོང་ཚེ།།

ང་ཁྱོད་དབྱེ་བ་རང་མ་གནང་།།

སེམས་འགྱུ་ཤར་ལྷོ་རུ་བྱེ་ཉིན།།

ཨུ་ཚུགས་རྣམ་འགྱུར་དེ་མི་ཡག།


གཡུ་ཆུང་ཐང་རྙེད་ཀྱི་རྐུད་པ།།

སྲ་སྲ་དམ་དམ་ཞིག་མིན་ཚེ།།

རྐེ་ལ་འདོགས་འདོད་དེ་ཆེ་ཡང་།།

བློ་ཁེལ་སེམས་ཁེལ་ནི་མི་འདུག།



小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།



 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིགརྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




                

  ▼   གླུ་གཞས་འོས་སྦྱོར།              
点赞+转发

 ▼ 点击下面语音,播放歌













འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章