པད་མ་རྫོང་བོད་སྨན་ཁང་གིས་ཆེད་ལས་ལག་རྩལ་པ་བསྡུ་བའི་བརྡ་སྦྱོར།

文摘   2024-11-11 17:59   青海  


པད་མ་རྫོང་བོད་སྨན་ཁང་གིས2024ལོའི་སྒྲིག་ཁོངས་ཕྱིའི་ཆེད་ལས་ལག་རྩལ་པ་བསྡུ་བའི་བརྡ་སྦྱོར།

  ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གི《2024ལོའི་ཞིང་ཆེན་ཡོངས་ཀྱི་དོན་ལས་ལས་ཁུངས་ཀྱི་ལས་བྱེད་པ་བསྡུ་བའི་ཇུས་གཞི་པར་འགྲེམས་བྱ་བའི་སྐོར་གྱི་བརྡ་ཐོ》(མཚོ་སྔོན་སྲིད་འཛིན་གཞུང་དོན་ཁང་གི(2024)ཡིག་ཨང21པ)དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི《ཞིང་ཆེན་ཡོངས་ཀྱི་དོན་ལས་ལས་ཁུངས་ཀྱིས་ལས་བྱེད་པ་བསྡུ་བའི་ལས་དོན་ལ་སྔར་ལས་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》(མཚོ་སྔོན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས[2018]ཡིག་ཨང2པ)། པད་མ་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ་ཡི《པད་མ་རྫོང་བོད་སྨན་ཁང་གི་སྒྲིག་ཁོངས་ཕྱིའི་ཆེད་ལས་ལག་རྩལ་པ་བསྡུ་བའི་ལག་བསྟར་ཇུས་གཞིར་མོས་མཐུན་བྱ་བའི་སྐོར་གྱི་མཆན་འགོད་བཀའ་ལན》(པད་མ་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ(2024)ཨང་190པ)སོགས་ཡིག་ཆའི་དགོངས་དོན་གཞིར་བཟུང་། རང་རེའི་སློབ་གླིང་གི་དོན་དངོས་དང་ཟུང་འབྲེལ་གྱིས་འཕྲལ་དུ་ཉེ་བར་མཁོ་བའི་ལས་བྱེད་པ་ཁ་གསབ་འོས་འཚམ་བྱས་ནས། སྤྱི་ཚོགས་ཡོངས་སུ་ཁ་ཕྱོགས་ནས་སྒྲིག་ཁོངས་ཕྱིའི་ཆེད་ལས་ལག་རྩལ་པ་བསྡུ་རྒྱུ་ཡིན་པ་རེད། ལས་བསྡུའི་ལས་དོན་ཡག་པོ་སྒྲུབ་ཆེད་ད་ལྟ་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ།

  གཅིག ལས་བསྡུའི་རྩ་དོན། 

  སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་བསྡུ་རྒྱུ་དང་། དཔྱད་ཞིབ་དང་དཔྱད་བསྡུར་གཏན་འབེབས་བྱེད་ཐབས་སྤྱད་དེ་ཡོངས་བསྒྲགས་དང་། འདྲ་མཉམ། འགྲན་རྩོད། ལེགས་འདེམས་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱ་རྒྱུ་རེད།

  གཉིས། ལས་བསྡུའི་ལས་གནས་དང་ཆེད་ལས་མི་གྲངས་དང་ཆ་རྐྱེན།

  སྨན་ཁང་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས་ཡོངས་བསྒྲགས་ངང་སྒྲིག་ཁོངས་ཕྱིའི་ལས་བྱེད་པ7བསྡུ་རྒྱུ་རེད།



  གསུམ། མིང་ཐོ་འགོད་པའི་དུས་ཚོད།

  (གཅིག)མིང་ཐོ་འགོད་པའི་དུས་ཚོད་ནི། 2024ལོའི་ཟླ11པའི་ཚེས7ཉིན་ནས2024ལོའི་ཟླ11པའི་ཚེས15ཉིན་བར་རེད། 

  (གཉིས)མིང་ཐོ་འགོད་སྟངས། དྲ་ཐོག་ནས་མིང་ཐོ་འགོད་པ་དང་། ཡུལ་དངོས་ནས་མིང་ཐོ་འགོད་པ་བཅས་མིང་ཐོ་འགོད་སྟངས་གཉིས་སྤྱད་ཡོད།  

  1.དྲ་ཐོག་ནས་མིང་ཐོ་འགོད་མཁན་གྱིས་ཉེར་མཁོའི་དཔྱད་གཞིའི་ཡིག་རིགས་རྣམས་PDFལ་བསྒྱུར་ནས་གོ་རིམ་ལྟར་སྦྲག་སྒམ2916831894@qq.comལ་བསྐུར་དགོས། ངེད་སྨན་ཁང་གི་འབྲེལ་ཡོད་ལས་དོན་པས་མིང་ཐོ་འགོད་པའི་དཔྱད་གཞིའི་ཐོབ་ཐང་ལ་ཐོག་མའི་ཞིབ་དཔྱད་བྱ་རྒྱུ་དང་། ཞིབ་དཔྱད་བྱས་རྗེས་གཞུང་ལས་ཁང་གིས་གློག་རྡུལ་སྦྲགས་ཡིག་གམ་ཡང་ན་ཁ་པར་གྱི་ལམ་ནས་རྒྱུགས་སྤྲོད་སློབ་མར་བརྡ་རྒྱག་རྒྱུ་རེད།  

  2.ཡུལ་དངོས་སུ་མིང་ཐོ་འགོད་མཁན་གྱིས་ཉེར་མཁོའི་དཔྱད་གཞིའི་ཡིག་རིགས་པད་མ་རྫོང་བོད་སྨན་ཁང་གི་སྒོ་བསྟེན་སྨན་ཁང་གི་ཐོག་བརྩེགས་གསུམ་པའི་གཞུང་ལས་ཁང་ལ་སྤྲད་དེ། ངེད་སྨན་ཁང་གི་འབྲེལ་ཡོད་ལས་དོན་པས་མིང་ཐོ་འགོད་པའི་དཔྱད་གཞིའི་ཐོབ་ཐང་ལ་ཐོག་མར་ཞིབ་དཔྱད་བྱེད་དགོས་པ་རེད།

  གསུམ། ལྟ་སྐུལ་ཁ་པར། པད་མ་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ། 0975-8322157

  པད་མ་རྫོང་སྨན་རྩིས་ཁང་། 0975-5951987།

  འདྲི་རྩད་འབྲེལ་གཏུག་ཁ་པར། སྨན་ཁང་གི་གཞུང་ལས་ཁང་། 0975-5951989 15597656649 17509752002

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章