བོད་འབྲེལ་དཔེ་སྐྲུན་ཡིག་རིགས་གསལ་འབྱེད་དང་ཞུ་ཀློག་གི་ལམ་ལུཊ་བཙུཊ

文摘   2024-10-29 17:08   青海  

མཚོ་བོད་ཞིང་ལྗོངས་གཉིས་ཀྱིས་བོད་འབྲེལ་དཔེ་སྐྲུན་ཡིག་རིགས་ཀྱི་གསལ་འབྱེད་དང་ཞུ་ཀློག་ལས་ཀར་མཐུན་སྦྱོར་ལམ་ལུགས་ཐོག་མ་བཙུགས།

ཟླ10ཚེས27ཉིན། མཚོ་སྔོན་ཞིང་ཆེན་དཔེ་སྐྲུན་ཡིག་རིགས་གསལ་འབྱེད་གཏན་འབེབས་དང་ཞུ་ཀློག་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་དཔེ་སྐྲུན་ཡིག་རིགས་ཀྱི་སྤུས་ཚད་ཞིབ་བཤེར་དཔྱད་འབེབས་ལྟེ་གནས་གཉིས་ཀྱིས་བོད་འབྲེལ་དཔེ་སྐྲུན་ཡིག་རིགས་གསལ་འབྱེད་དང་ཞུ་ཀློག་གི་ནུས་པ་ཇི་ལྟར་སྤུས་ལེགས་པོར་གཏང་དགོས་པའི་སྐོར་ནས་གྲོས་བསྡུར་ཞིབ་དཔྱད་བྱས་པ་མ་ཟད། ཕྱོགས་གཉིས་ནས《མཚོ་བོད་ཞིང་ལྗོངས་གཉིས་ཀྱི་བོད་འབྲེལ་དཔེ་སྐྲུན་ཡིག་རིགས་གསལ་འབྱེད་དང་ཞུ་ཀློག་སྐོར་གྱི་མཐུན་སྦྱོར་གྲོས་ཆིངས》ལ་མིང་རྟགས་བཀོད། 
གྲོས་ཆིངས་དེས་ཕྱོགས་གཉིས་ཀས་ཕན་ཚུན་བར་འགྲོ་འོང་རྒྱ་ཆེན་དང་།   སྤྱི་ཡོངས་ནས་བརྗེ་སྤེལ།   གཏིང་ཟབ་པས་འབྲེལ་འདྲིས་བཅས་ལ་སྐུལ་འདེད་བཏང་སྟེ།   བོད་འབྲེལ་དཔེ་སྐྲུན་ཡིག་རིགས་གསལ་འབྱེད་གཏན་འབེབས་དང་ཞུ་ཀློག་མཉམ་ལས་ཀྱི་རྣམ་པ་ཆགས་པར་དམིགས་སུ་བཟུང་ནས་ཆེད་མཁས་འཇོན་མི་སྤྱི་དང་། ནང་སྒོས་སུ་སྨྱན་བྱེད་གསར་པ་དང་དྲ་རྒྱའི་གྲངས་ཀའི་དཔེ་སྐྲུན་གྱི་ཆེད་ལས་འཇོན་མིའི་དཔུང་སྡེ་འཛུགས་སྐྱོང་གི་བྱེད་ཐབས་ཐད་ནས་ཞིབ་དཔྱད་དང་།  དེང་གི་སྲོལ་རྒྱུན་དཔེ་སྐྲུན་དང་གྲངས་ཀའི་དཔེ་སྐྲུན་མཉམ་བསྲེས་གོང་སྤེལ་གྱི་གནས་སྟངས་གསར་པའི་འོག  དཔེ་སྐྲུན་ཡིག་རིགས་གསལ་འབྱེད་དང་ཞུ་ཀློག་ལས་ཀ་བྱེད་སྟངས་དང་། བྱེད་ཚུལ།  ཐབས་བཀོད་ཕྱོགས་ནས་དཔྱད་བསྡུར་བྱས་ཏེ།  བོད་འབྲེལ་དཔེ་སྐྲུན་ཡིག་རིགས་གསལ་འབྱེད་དང་ཞུ་ཀློག་ལས་ཀའི་ཕན་ནུས་ཇེ་ཆེར་ཡོང་བ་དང་།  བོད་འབྲེལ་ས་ཁུལ་གྱི་ཁྲིམས་འགལ་དཔེ་སྐྲུན་ལས་སྒོ་དག་ཐེར་ལ་ཡང་དག་པའི་གསལ་འབྱེད་དང་ཞུ་ཀློག་ཞབས་ཞུ་ཕན་ལྡན་ཞིག་མཁོ་འདོན་བྱས།   
ཞིང་ཆེན་དཔེ་སྐྲུན་གསལ་འབྱེད་དང་ཞུ་ཀློག་ལྟེ་གནས་ཀྱི་འབྲེལ་ཡོད་འགན་ཁུར་བས་འདི་སྐད། ཐེངས་འདིའི་བརྗེ་སྤེལ་བརྒྱུད།  ཕྱོགས་གཅིག་ནས་མཚོ་སྔོན་དཔེ་སྐྲུན་ཡིག་རིགས་གསལ་འབྱེད་དང་ཞུ་ཀློག་བྱེད་མཁན་ལས་ཀ་བའི་ལས་སྒོའི་ནུས་པ་མཐོར་འདེགས་དང་།  མཐོང་རྒྱ་ཆེར་བསྐྱེད་ནས་ལས་ཀའི་བསམ་ཕྱོགས་གསལ་བོར་བསྟན་སོང་།  ཕྱོགས་གཞན་ནས་ཕྱོགས་གཉིས་ཀྱི་ལས་སྒོའི་ཐད་ཀྱི་འབྲེལ་འདྲིས་དང་། ཆ་འཕྲིན་བརྗེ་རེས།  ཐོན་ཁུངས་མཉམ་སྤྱོད་ཀྱི་སྒོ་མོ་ཡངས་པོར་ཕྱེས་ཏེ།  བོད་འབྲེལ་དཔེ་སྐྲུན་ཡིག་རིགས་ཀྱི་གསལ་འབྱེད་དང་ཞུ་ཀློག་ལས་ཀ་དེ་ཞིང་ལྗོངས་གཉིས་གང་རུང་ནས་མཉམ་ལས་ཐོག་སྒྲུབ་ཆོག་པའི་ནང་རྐྱེན་ལམ་ལུགས་བཙུགས་སོང་ཟེར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ལོ་ཙཱ་བ། ཁོན་ཐར་འཚོ།

རྩོམ་སྒྲིག་པ། གཡང་སྐྱིད།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章