དངོས་གཟུགས་རྭ་ཤེལ་དེ་རྣམ་གྲངས་ཀྱི་རིན་གོང་གྲུབ་ཆའི་ཁྲོད་ནས་ལོགས་སུ་དྲིལ་ནས་ནད་པས་དགོས་མཁོ་ལྟར་འདེམས་ཉོ་ཆོག་པ་བྱ་རྒྱུ།
《རྣམ་གྲངས་གཏན་འཁེལ་གྱི་ཕྱོགས་སྟོན》ནང་གཞི་གྲངས་གཟུགས་བརྙན་ཐག་གཅོད་དང་། བརྒྱུད་བསྐུར་དང་སྤྲིན་སྣེར་ཉར་ཚགས་བཅས་འཕྲོ་འགྱེད་ཞིབ་བཤེར་གྱི་རིན་གོང་གྲུབ་ཆའི་ནང་བཅུག་ནས། ཞིབ་བཤེར་བྱས་འབྲས་སྤྲིན་སྣེར་བརྒྱུད་བསྐུར་བྱས་ནས་ནད་པས་སྟབས་བདེའི་ངང་རང་ཉིད་ཀྱི་ཞིབ་བཤེར་དཔྱད་ཡིག་ལྟ་ཀློག་བྱེད་ཆོག་པ་དང་། སྨན་ཁང་གིས་ས་ཁུལ་དང་སྨན་ཁང་ལས་བརྒལ་ནས་བརྟག་དཔྱད་བྱ་ཆོག་པ་མ་ཟད། སྨན་བཅོས་འགན་བཅོལ་སྡེ་ཁག་གིས་ཀྱང་བརྒྱུད་བསྐུར་བྱས་པའི་ཞིབ་བཤེར་དཔྱད་ཡིག་ལ་ཞིབ་དཔྱད་བྱས་ཆོག་པ་རེད། གལ་ཏེ་སྨན་ཁང་གིས་ཞིབ་བཤེར་དཔྱད་ཡིག་སྤྲིན་ཉར་བྱེད་མི་ཐབས་ཚེ། འགྲོ་སོང་ངེས་ཅན་ཞིག་འཕྲི་དགོས།
གཞན་ཡང《རྣམ་གྲངས་གཏན་འཁེལ་གྱི་ཕྱོགས་སྟོན》ནང་དངོས་གཟུགས་རཱ་ཤེལ་གྱི་རིན་གོང་དེ་རྣམ་གྲངས་ཀྱི་རིན་གོང་གྲུབ་ཆའི་ཁྲོད་ནས་ལོགས་སུ་དྲིལ་རྒྱུ་ཡིན་པས། ནད་པས་རང་གི་དགོས་མཁོ་ལྟར་འདེམས་ཉོ་བྱ་ཆོག་ལ། རིན་གོང་ཡང་མ་རྩའི་རིན་གོང་ཇི་བཞིན་བསྡུ་རྒྱུ་ལས། མང་པོ་བསྡམས་ཏེ་རིན་པ་མི་བསྡུ་རྒྱུ་བྱས་ཡོད།
རིན་པ་བསྡུ་དུས་སྒྲིག་ཆས་ཀྱི་བཤེར་གྲངས་ལ་མི་བལྟ་བར་ཞིབ་བཤེར་གྱི་ཕན་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུ།
ཞིབ་བཤེར་སྒྲིག་ཆས་ཀྱི་བཤེར་གྲངས་ཇི་ལྟར་མང་ན་བཤེར་འབེབས་མཇུག་འབྲས་དེ་ལྟར་སྲབ་ལ་བརྙན་གྲུབ་འབྲས་བུ་སྔར་ལས་གསལ་བ་རེད། དེ་དང་ཆབས་ཅིག་ཏུ། སྒྲིག་ཆས་ཀྱི་རིན་གོང་ཡང་དེ་བས་མཐོ་བ་དང་སྨན་ཁང་གི་གྲོན་བསྡུའི་རྣམ་གྲངས་གཏན་འཁེལ་གྱི་རེ་ཞུ་དེ་བས་མང་བ་རེད།
རིན་གོང་རྣམ་གྲངས་དེ་ཞིབ་བཤེར་སྒྲིག་ཆས་ལ་ཆེ་ཆེར་མི་སྦྲེལ་ཆེད། རྣམ་གྲངས་གཏན་འཁེལ་གྱི་ཕྱོགས་སྟོན་གྱིས་ཞབས་ཞུ་ཐོན་སྐྱེད་ཕྱོགས་སྟོན་གྱི་གཞི་རྩའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། རྣམ་གྲངས་གཏན་འཁེལ་ཏེ་སྒྲིག་ཆས་དཔྱད་གྲངས་ལྟར་མི་བརྩི་བར་ཞིབ་བཤེར་གྲུབ་འབྲས་ལྟར་བརྩིས་ནས། དོ་ཁུར་བྱ་ཡུལ་དེ་ཞིབ་བཤེར་ཞིབ་ཚགས་ཡིན་མིན་སྟེང་འཇོག་རྒྱུ་ཡིན་པ་རེད། CTབརྟག་དཔྱད་དེ་བཤེར་གྲངས་གཞིར་བྱས་ནས་དངུལ་མི་ལེན་པར། བཤེར་རིམ་མཐུག་པའི<2mmལ“རིམ་སྲབ་བཤེར་འབེབས”ལ་གཞིགས་ནས་བསྡུ་བྱ་ཁ་སྣོན་རྒྱུ།
མི་ཐབས་རིག་ནུས་རམ་འདེགས་བརྟག་དཔྱད་ལག་རྩལ་དེ་ནད་ཐོག་སྨན་བཅོས་སུ་སྤྱོད་པར་སྐུལ་འདེད་གཏོང་དགོས།
མི་ཐབས་རིག་ནུས་རམ་འདེགས་ནད་དཔྱད་དེ་ནད་ཐོག་ཞིབ་བཤེར་ལ་སྤྱོད་པར་རྒྱབ་སྐྱོར་དང་། ནད་པའི་ཁུར་པོ་ཇེ་ཡང་གཏང་ཆེད། རྣམ་གྲངས་གཏན་འཁེལ་གྱི་ཕྱོགས་སྟོན་གྱིས་འགྱེད་འཕྲོའི་ཞིབ་བཤེར་རིགས་ཀྱི་རྣམ་གྲངས་གཙོ་བོའི་འོག“མི་ཐབས་རིག་ནུས་རམ་འདེགས་བརྟག་དཔྱད”ཀྱི་རྒྱ་སྐྱེད་རྣམ་གྲངས་གཅིག་གྱུར་ཐོག་བཀོད་སྒྲིག་བྱ་རྒྱུ་ཡིན་ལ། དེ་ནི་ སྨན་ཁང་གིས་མི་ཐབས་རིག་ནུས་ཀྱིས་བརྟག་དཔྱད་ལ་རམ་འདེགས་བྱས་པ་ཡིན་ན། བརྟག་དཔྱད་བྱ་གཞི་རྣམ་གྲངས་གཙོ་བོ་དང་གཅིག་མཚུངས་ཀྱི་རིན་གོང་ལག་བསྟར་བྱ་རྒྱུ་ལས། རྣམ་གྲངས་གཙོ་བོ་དང་བསྟུན་ནས་རིན་པ་བསྐྱར་བསྡུ་མི་བྱེད་དོ། །
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།