སློབ་གསོ་པུའུ་ཡིས་སློབ་མའི་ཡིག་གཟུགས་ལ་ཤུགས་སྣོན་དགོས་པ་བཏོན།

文摘   2024-10-28 17:56   青海  

  ཉེ་ཆར་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་གསལ་ལྟར་ན། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཆེད། ཉེ་ཆར་སློབ་གསོ་པུའུ་ཡིས《སློབ་གྲྭ་ཆུང་འབྲིང་གི་རྒྱ་ཡིག་ཚད་ལྡན་འབྲི་བའི་སློབ་གསོར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ཤིང་། བརྡ་ཐོའི་ནང་སློབ་མ་ཚོས་ཡང་དག་པའི་ཡིག་གཟུགས་འབྲི་རྩལ་ཁོང་དུ་ཆུད་པ་དང་། ཡང་དག་པའི་སྒོ་ནས་རྒྱ་ཡིག་གི་ཡིག་གཟུགས་ཚད་ལྡན་དང་ཡིག་གཟུགས་འབྲི་རྩལ་ཁོང་དུ་ཆུད་པ་གསོ་སྐྱོང་བྱ་རྒྱུ། རྒྱ་ཡིག་ལ་ལྡན་པའི་ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་ཤེས་རྟོགས་གཏིང་ཟབ་བྱ་བར་ཁྲིད་སྟོན་སོགས་ཀྱི་དམིགས་ཚད་ཁ་གསལ་བཏོན་ཡོད་པ་རེད། 

  བརྡ་ཐོའི་ནང་བཏོན་པའི་ཕྱོགས་བརྒྱད་ཐད་ཀྱི་ལས་འགན་དང་བྱེད་ཐབས་ནང་། ཡིག་གཟུགས་འབྲི་བའི་གོམས་གཤིས་བཟང་པོ་གསོ་སྐྱོང་བྱས་ནས་སློབ་མའི“སྒལ་གཞུང་འཁྱོག་པོ”དང“མིག་ཤེལ་ཆུང་ངུ”སྔོན་འགོག་དང་ཡོ་བསྲང་བྱེད་རོགས་བྱ་རྒྱུ་དང་། ཚད་ལྡན་གྱི་ཡི་གེ་འབྲི་བའི་ཆུ་ཚད་ཇེ་མཐོར་བཏང་སྟེ། སློབ་མས་རིམ་བཞིན་གཟབ་བྲིས་དང་ཚད་ལྡན་དང་ཤར་བགྲོད་ཀྱི་ཡིག་འབྲི་ཤེས་པར་གསོ་སྐྱོང་བྱས་ཏེ། ཡི་གེ་འབྲི་བའི་སྤུས་ཚད་དང་མྱུར་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་དགོས་ཤིང་། ཕུལ་བྱུང་གི་རྒྱ་ཡིག་རིག་གནས་རྒྱུན་འཛིན་བྱས་ནས། སློབ་མས་རྒྱ་ཡིག་གི་རིག་གནས་ནང་དོན་ཤེས་རྟོགས་ཐུབ་པ་དང་། སློབ་ཚན་དང་པོ་དང་གཉིས་པའི་ནུས་པ་སྤྱི་འདོམས་འདོན་སྤེལ་བྱས་ཏེ་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་ཚད་ལྡན་རྒྱ་ཡིག་འབྲི་བའི་སློབ་གསོར་ཤུགས་སྣོན་པར་སྐུལ་ལྕག སློབ་གྲྭའི་ནང་སྤྱོད་པའི་ཡི་གེ་ཚད་ལྡན་དུ་བཏང་ནས། རྒྱ་ཡིག་ཚད་ལྡན་ཡིག་འབྲིའི་སློབ་གསོ་དེ་སློབ་གྲྭའི་རིག་གནས་འཛུགས་སྐྱོང་ནང་མཉམ་བསྲེས་དང་། དགེ་རྒན་གྱི་མིག་དཔེའི་ནུས་པ་འདོན་སྤེལ་བྱས་ཏེ། སློབ་གྲྭ་ནས་དགེ་རྒན་གྱི་རྨང་གཞིའི་ནུས་རྩལ་འགྲན་སྡུར་རྒྱ་ཁྱབ་ཏུ་སྤེལ་ནས། རྒྱ་ཡིག་གི་ཡིག་འབྲི་ཚད་ལྡན་ངང་འབྲི་བའི་སློབ་གསོ་དེ་དགེ་རྒན་གྱི་གསོ་སྦྱོང་ནང་འཇུག་རྒྱུ་དང་། གཞི་གྲངས་ཀྱི་ནུས་པ་ཆེ་རུ་བཏང་ནས་གྲངས་འཛིན་ཅན་གྱི་ལག་རྩལ་བྱེད་འཚོལ་ཞིབ་བྱས་ཏེ་རྒྱ་ཡིག་ཚད་ལྡན་འབྲི་བའི་སློབ་གསོའི་རྣམ་པ་གསར་པ་འཚོལ་ཞིབ་བྱ་རྒྱུ་དང་། ཚན་རིག་དང་མཐུན་པའི་གདེང་འཇོག་ལམ་ལུགས་བཙུགས་ཏེ། རྒྱ་ཡིག་ཚད་ལྡན་འབྲི་བ་དེ་འབྲེལ་ཡོད་ཀྱི་དཔྱད་ཞིབ་གདེང་འཇོག་གི་ནང་དོན་དུ་འཇུག་པར་སྐུལ་མ་གཏོང་དགོས་པའི་ནང་དོན་སོགས་ཡོད་བ་རེད། 

  བརྡ་ཐོའི་ནང་མིག་སྔར་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཡིག་གཟུགས་འབྲི་སྟངས་ཚད་ལྡན་མིན་པ་དང་། ཡིག་གཟུགས་འབྲི་རྩལ་ཚད་ལྡན་མིན་པ། ཤོག་བུའི་སྟེང་འབྲི་མི་དགོས་པའི་ཐོག་ནས་ཡིག་གཟུགས་འབྲི་ནུས་ཇེ་ཞན་དུ་ཕྱིན་པ་སོགས་ཀྱི་སྣང་ཚུལ་ཅུང་ཡོངས་ཁྱབ་ཏུ་གནས་ཡོད། ས་གནས་རིམ་པ་སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་ཡུན་ཕན་ལས་ཀའི་ལམ་སྲོལ་བཙུགས་ནས་སྲིད་ཇུས་དང་། གྲོན་དངུལ། རྣམ་གྲངས་སོགས་ཀྱི་ཐད་རྒྱབ་སྐྱོར་དང་སློབ་གྲྭ་ཆུང་འབྲིང་གིས་སློབ་མའི་གཟུགས་པོ་འཚར་ལོངས་ཀྱི་གནས་ཚུལ་ལ་གཞིགས་ཏེ་སྒྲོག་ཙེ་དང་། རྐུབ་སྟེགས། འོད་རྒྱག་ཕྱོགས་སོགས་འབྲེལ་ཡོད་བླང་བྱ་དང་མཐུན་པའི་འགན་ལེན་བྱ་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་དགོས་པ་དང་། ས་གནས་སོ་སོ་དང་སློབ་གྲྭ་སོ་སོས་བྱེད་ཐབས་སྣ་མང་སྤྱད་དེ་རྒྱ་ཡིག་ཚད་ལྡན་འབྲི་བའི་དགེ་རྒན་མི་འདང་བའི་གནད་དོན་རིམ་བཞིན་ཐག་གཅོད་བྱེད་དགོས་པ་བསྟན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章