“རེབ་གོང་གོ་རེ”བཟོ་སྣོན་ཚོགས་པའི་ཚད་གཞི་ཡོངས་བསྒྲགས་བྱས་པ།

文摘   2024-11-15 17:13   青海  

  རང་རེའི་དྲ་བའི་འཕྲིན། ཟླ11པའི་ཚེས13ཉིན། “རེབ་གོང་གོ་རེ”བཟོ་སྣོན་བཟོ་སྐྲུན་ཚོགས་པའི་ཚད་གཞི་དེ“རྒྱལ་ཡོངས་ཀྱི་ཚོགས་པའི་ཚད་གཞིའི་ཆ་འཕྲིན་ལས་སྟེགས་དོ་དམ་མ་ལག”ཏུ་ཁྱབ་སྒྲོག་བྱས་ཤིང་། དེ་ཐོག་ནས་ལོ་གཉིས་རིང“རེབ་གོང་གོ་རེ”བཟོ་སྣོན་བཟོ་སྐྲུན་ཚད་ལྡན་ཅན་གྱི་ཚོད་ལྟའི་རྣམ་གྲངས་ལ་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་བདེ་བླག་བྱུང་བ་མཚོན་ཡོད་པ་རེད།

  2023ལོར། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཞིང་ཆེན་རིམ་པའི(ཁག་བཞི་པའི)ཚད་ལྡན་ཅན་གྱི་ཚོད་ལྟའི་རྣམ་གྲངས་བསྡུ་ལེན་ལས་དོན་སྤེལ་བའི་འབྲེལ་ཡོད་དགོངས་དོན་གཞིར་བཟུང་། རྨ་ལྷོ་ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་གྱི་བླང་བྱར་དམིགས་པ་དང་། རྨ་ལྷོའི་ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས“རེབ་གོང་གོ་རེ”བཟོ་སྣོན་བཟོ་སྐྲུན་ཚད་ལྡན་ཅན་གྱི་ཚོད་ལྟའི་རྣམ་གྲངས་སྐོར་སྙན་ཞུ་ཕུལ། མཐར་ཕན་ཚུན་རྩོད་པ་དང་དཔྱད་ཞིབ་ལེགས་པོ་བྱས་རྗེས་མཚོ་སྔོན་ཞིང་ཆེན་གྱི2023ལོའི་ཐོན་ལས་དེ་ཞབས་འདེགས་ཞུ་བའི“གནས་བཞིའི”འཛུགས་སྐྲུན་ཚད་ལྡན་ཅན་གྱི་ཚོད་ལྟའི་རྣམ་གྲངས་ལ་གཏན་འཁེལ་བྱས་པ་རེད།

  “རེབ་གོང་གོ་རེ”བཟོ་སྟངས་ལ་ས་བསྲེག་དང་། རྩྭ་བསྲེག གློག་བསྲེག་སོགས་ཡོད་པ་དང་། ལོ་རྒྱུས་ཡུན་རིང་ལྡན་ལ་མང་ཚོགས་ཀྱི་རྨང་གཞི་རྒྱ་ཁྱབ་ལྡན་ཡོད། ལོ་མང་རིང་སྐྱེད་སྲིང་དང་འཕེལ་རྒྱས་བཏང་བ་བརྒྱུད“རེབ་གོང་གོ་རེ”ཡི་ཁས་ལེན་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་ས་གནས་ཀྱི་ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཡོད་པ་མ་ཟད།  རོང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་བྱེད་ཐབས་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་ཡོད།

  “རེབ་གོང་གོ་རེ”ཚད་ལྡན་ཅན་གྱི་ཚོད་ལྟའི་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ་ནས་བཟུང་། རེབ་གོང་གྲོང་ཁྱེར་དང་གཅན་ཚ་རྫོང་གི“རེབ་གོང་གོ་རེ”བཟོ་སྣོན་སྒེར་གཉེར་དུད་ཚང6ཚོད་ལྟའི་ལས་ཁུངས་སུ་གཏན་འཁེལ་བྱས་ཤིང་། “སྲིད་གཞུང་གིས་སྐུལ་འདེད་དང་། ཁྲོམ་རས་ཁྲིད་སྟོན། མཐུན་ཚོགས་ཀྱིས་སྣེ་ཁྲིད། མཉམ་ལས་ཁང་ནང་ཞུགས”བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། རྣམ་གྲངས་ལག་བསྟར་བརྟན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད། ཆེད་མཁས་པས་ཞིབ་བསྡུར་ཐེངས་མང་བྱས་པ་དང་འབྲེལ་ཡོད་སྡེ་ཁག་གིས་ཡུལ་དངོས་སུ་བརྟག་ཞིབ་ཁྲིད་སྟོན་བྱས་པ་བརྒྱུད“རེབ་གོང་གོ་རེ”ཡི་སྲོལ་རྒྱུན་བཟོ་རྩལ་དང་དེང་རབས་བཟའ་བཅའི་སྤུས་ཚད་བདེ་འཇགས་ལ་བླང་བྱ་ཞིབ་ཕྲ་བཏོན་པ་མ་ཟད། “རེབ་གོང་གོ་རེ”ཚོགས་པའི་ཚད་གཞི་སྐོར་གྱི་དོན་ཚན་ཞིབ་ཕྲ་བཟོས་པ་དང་། དེའི་ནང་རྒྱུ་ཆ་འདེམས་པ། བཟོ་རྩལ། སྤུས་ཚད་བཅས་ཀྱི་བླང་བྱ་ཚུད་ཡོད་པ་མ་ཟད། སྐྱུར་བསྙལ་དང་། ཕྱེ་བརྫི་པ། བཟོ་ལྟ། བསྲེགས་བཟོ་སོགས་ཀྱི་རིམ་པ་སོ་སོའི་འགག་རྩའི་དཔྱད་གྲངས་དང་བཀོལ་སྤྱོད་ཚད་ལྡན་ཁ་གསལ་བཟོས་ཡོད་པ་རེད། གོ་རེ་བསྲེག་མཁན་མི་ཞིག་ཡིན་ན་སྤུས་ཚད་གཅིག་པའི“རེབ་གོང་གོ་རེ”བསྲེག་ཐུབ་པར་འགན་ལེན་བྱས། མཚོ་སྔོན་ཞིང་ཆེན་གྱི་ཆེད་མཁས་པ་དཔྱད་ཞིབ་ཚན་ཆུང་གིས“རེབ་གོང་གོ་རེ”ཁྲོམ་རའི་ཕྱིར་ཚོང་སོགས་རྨང་གཞིའི་གནས་ཚུལ་ཐེངས་མང་ཉན་ནས“རེབ་གོང་གོ་རེ”ས་བསྲེག་དང་། རྩྭ་བསྲེག གློག་བསྲེག་བཅས་ཀྱི་བཀོལ་སྤྱོད་བྱེད་སྟངས་གསུམ་དང་བཟོ་རྩལ་བརྒྱུད་རིམ་གྱི་ཚད་གཞིའི་མ་ལག་གཙོ་གནད་དུ་ཞིབ་འཇུག་བྱས་ཏེ། ཕྱོགས་མང་པོ་ནས“རེབ་གོང་གོ་རེ”ཚོགས་པའི་ཚད་གཞི་དང་བཟོ་རྩལ་བརྒྱུད་རིམ་ཞིབ་དཔྱད་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད།

  “རེབ་གོང་གོ་རེ”བཟོ་སྣོན་བཟོ་སྐྲུན་ཚོགས་པའི་ཚད་གཞི་ཡོངས་བསྒྲགས་བྱས་པ་དེས། “རེབ་གོང་གོ་རེ”ཐོན་ལས་ཚད་ལྡན་ཅན་དུ་འགྱུར་བར་སྔར་ལས་སྐུལ་འདེད་དང་། གྲོང་གསེབ་ཀྱི་ཐོན་ལས་སྟོབས་ཆེར། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཅས་བཏང་བ་རེད། རྨ་ལྷོ་ཁུལ་གྱིས་ཚོགས་པའི་ཚད་གཞི་ལག་བསྟར་ཡག་པོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “རེབ་གོང་གོ་རེ”སྒེར་ནས་ཐོན་སྐྱེད་དང་། དོ་དམ། ཞབས་ཞུ་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས། དུས་ཐོག་ཏུ“རེབ་གོང་གོ་རེ”ཐོན་ལས་མཐུན་ཚོགས་འཛུགས་པ་དང་། རོགས་སྐྱོར་མ་དངུལ་དོན་འཁྱོལ། སྣེ་འདྲེན་ཁེ་ལས་སྐྱེད་སྲིང་དང་། ཐོན་ལས་ཀྱི་འབྲེལ་ཐག་སྟོབས་ཆེར་གཏོང་བ། ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ།“རེབ་གོང་གོ་རེ”ཡི་ཚོང་རྟགས་ཐོ་འགོད་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས“རེབ་གོང་གོ་རེ”ཡི་ས་ཁོངས་ཀྱི་ཁྱད་ལྡན་སྤུས་རྟགས་གཏོད་རྒྱུ་རེད།


ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章