སློབ་གཉེར་ཆུ་ཚད་ལོངས་པའི་རྒྱུཊ་ལ་ཚེས7ཉིན་ནས་མིང་ཐོ་འགོད་དགོས།

文摘   2024-11-05 17:32   青海  

  རང་རེའི་དྲ་བའི་འཕྲིན། ཟླ11པའི་ཚེས4ཉིན། གསར་འགོད་པས་ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་ཁང་ནས་ཤེས་གསལ་ལྟར་ན། 2024ལོའི་ཟླ12པར་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གཉེར་ཆུ་ཚད་ཚད་མཐུན་རང་བཞིན་གྱི་རྒྱུགས(གཤམ་དུ“ཚད་ལོན་རང་བཞིན་གྱི་རྒྱུགས་ལེན”ཞེས་བསྡུ་རྒྱུ)ལ་ཟླ11པའི་ཚེས7ཉིན་ནས་མིང་ཐོ་འགོད་མགོ་བརྩམ་རྒྱུ་རེད།

  གཅིག གཤམ་གྱི་ཆ་རྐྱེན་དང་མཐུན་པའི་རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་ཐོ་འགོད་རེ་ཞུ་བརྒྱབ་ཆོག་པ་སྟེ། རང་ཞིང་གི་སློབ་གཉེར་ཆུ་ཚད་ལོངས་པའི་རྒྱུགས་ཁོངས་ཅན་དང་རྒྱུགས་ཁོངས་དེ་ཡང་སློབ་གྲྭར་རྒྱུན་ལྡན་གྱི་སློབ་གཉེར་བྱེད་པའི་མཐོ་འབྲིང་ལོ་རིམ་གཉིས་པའི་རྒྱུགས་ཁོངས་ཡིན་དགོས།རང་ཞིང་གི་སློབ་གཉེར་ཆུ་ཚད་ལོངས་པའི་རྒྱུགས་ལ་ཞུགས་ཡོད་པ་མ་ཟད། བསླབ་ཚན་གང་དེའི་་རྒྱུགས་འབྲས་ཚད་ལྡན་མིན་པའི་མཐོ་འབྲིང་ལོ་རིམ་གསུམ་པའི་རྒྱུགས་སྤྲོད་སློབ་མ་ཡིན་དགོས། སྐྱེས་ཁོངས་དང་ཁྱིམ་ཐོ་ཚང་མ་རང་ཞིང་ནས་ཡིན་པ་དང་། ཁྱིམ་ཐོ་ཞིང་ཆེན་གཞན་དུ་སྤར་མྱོང་མེད་པ། དམའ་རིམ་སློབ་འབྲིང་གི་དུས་རིམ་ནང་སྦྱོང་ཚན་ལེགས་གྲུབ་བྱུང་ཞིང་། མཐར་ཕྱིན་འཛིན་ཡིག་ཡོད་པའི་སྤྱི་ཚོགས་ཀྱི་རྒྱུགས་སྤྲོད་སློབ་མ་ཡིན་དགོས།2024ལོའི་གོང་དུ་རང་ཞིང་གི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གཉེར་ཆུ་ཚད་ཀྱི་ཡིག་རྒྱུགས་ནང་ཞུགས་ནས་རྒྱུགས་འབྲས་ཀྱི་ཚད་གཞི་མ་ལོངས་པའི་རྒྱུགས་སྤྲོད་སློབ་མ་ཡིན་དགོས།

  གཉིས། གཤམ་གྱི་གནས་ཚུལ་ཡོད་པའི་རྒྱུགས་སྤྲོད་སློབ་མས་མིང་ཐོ་དགོད་མི་ཆོག་སྟེ། མཐོ་རིམ་སློབ་འབྲིང་དཀྱུས་མའི་ལོ་རིམ་དང་པོའི་སློབ་མ་དང་།ཆུ་ཚད་ལོངས་པའི་རྒྱུགས་དང་ཡང་ན་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གཉེར་གྱི་བསླབ་གཞིའི་རྒྱུགས་འབྲས་ཚད་གཞི་ལོངས་པའི་སློབ་མ།ཆུ་ཚད་ལོངས་པའི་རྒྱུགས་ཀྱི་རྒྱུགས་ཁོངས་ནི་སློབ་གཉེར་དགོངས་ཞུའམ་ཡང་ན་གོ་སྐབས་ཤོར་བ་སོགས་རྒྱུན་ལྡན་མིན་པའི་གནས་ཚུལ་བྱུང་བའི་རྒྱུགས་སྤྲོད་སློབ་མ་བཅས་ཀྱིས་མིང་ཐོ་འགོད་མི་ཆོག 

  མིང་ཐོ་འགོད་པའི་དུས་ཚོད། ཟླ11པའི་ཚེས7ཉིན་ནས་ཚེས13ཉིན་བར་རེད། མིང་ཐོ་འགོད་སྟངས། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ་ཡིན་ན། སློབ་གྲྭ་གང་དུ་འགྲིམ་པའི་སློབ་གྲྭ་དེས་ཆེད་མི་གཏན་འཁེལ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གཉེར་ཆུ་ཚད་རྒྱུགས་ལེན་དོ་དམ་མ་ལག་བརྒྱུད་དེ་དྲ་ཐོག་ནས་མིང་ཐོ་འགོད་དགོས།

  སྤྱི་ཚོགས་སྟེང་གི་རྒྱུགས་སྤྲོད་སློབ་མ་ཡིན་ན། རྒྱུགས་སྤྲོད་སློབ་མས《2024ལོའི་ཟླ12པའི་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གཉེར་ཆུ་ཚད་ལོངས་པའི་རྒྱུགས་སྤྲོད་ཀྱི་སྤྱི་ཚོགས་རྒྱུགས་སྤྲོད་སློབ་མའི་ཐོ་འགོད་ཐོབ་ཐང་ཞིབ་བཤེར་རེའུ་མིག》བསྐངས་ནས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་། ཁྱིམ་ཐོ། དམའ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་ཁོངས་ཁྱེར་ཏེ་ཁྱིམ་ཐོ་ཡོད་སའི་སློབ་གསོ་རྒྱུགས་སྤྲོད་ལས་ཁུངས་སུ་ཚད་ལོན་རང་བཞིན་གྱི་རྒྱུགས་ཁོངས་རེ་ཞུ་བྱེད་དགོས། ཞིབ་བཤེར་ཐོག་ཚད་གཞི་ལོངས་པ་གཏན་འབེབས་བྱས་རྗེས། 《2024ལོའི་ཟླ12པའི་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གཉེར་ཆུ་ཚད་ལོན་པའི་རྒྱུགས་སྤྲོད་ཀྱི་སྤྱི་ཚོགས་རྒྱུགས་སྤྲོད་སློབ་མའི་ཐོ་འགོད་ཐོབ་ཐང་ཞིབ་བཤེར་རེའུ་མིག》དེ་ཞིང་ཆེན་རྒྱུགས་ལེན་ཁང་ལ་སྤྲོད་དགོས་པ་དང་། ཞིང་ཆེན་རྒྱུགས་ལེན་ཁང་གིས་རྒྱུགས་སྤྲོད་སློབ་མར་ཚད་ལོན་རང་བཞིན་གྱི་རྒྱུགས་ཁོངས་བཟོས་ཏེ་དྲ་ཐོག་ཏུ་མིང་ཐོ་འགོད་པའི་འགན་འཁུར་རྒྱུ་རེད།

  ལོ་སྔོན་མའི་རྒྱུགས་འབྲས་ཚད་གཞི་མ་ལོན་པའི་རྒྱུགས་སྤྲོད་སློབ་མ་ཡིན་ན། 2024ལོའི་གོང་དུ་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གཉེར་ཆུ་ཚད་ཀྱི་རྒྱུགས་ནང་ཞུགས་པ་མ་ཟད། རྒྱུགས་འབྲས་ཚད་གཞི་མ་ལོན་པའི་རྒྱུགས་སྤྲོད་སློབ་མས། དེ་སྔའི་རྒྱུགས་ཁོངས་ཡོད་སའི་སློབ་གྲྭའི་སློབ་བསྡུ་གཞུང་དོན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་སློབ་གཉེར་ཆུ་ཚད་ཀྱི་ཡིག་རྒྱུགས་དོ་དམ་མ་ལག་བརྒྱུད་དེ་དྲ་ཐོག་ནས་མིང་ཐོ་འགོད་དགོས་པ་རེད།

རྒྱུགས་ལེན་བསླབ་ཚན་དང་དུས་ཚོད་བཀོད་སྒྲིག

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章