བུད་མེད་ལས་བཟོ་པས་ཟླ་རེར་ཉིན2ཡི་ངལ་གསོ་ལོངས་སུ་སྤྱད་ཆོག

文摘   2024-11-04 17:26   青海  

མཚོ་སྔོན་གྱི་བུད་མེད་ལས་བཟོ་པས་ཟླ་རེར་ཉིན་གཉིས་གྱི་ངལ་གསོ་ལོངས་སུ་སྤྱད་ཆོག

ཡུན་ནན་གྱིས2024ལོའི་ཟླ11པའི་ཚེས1ཉིན་ནས་བཟུང“ཟླ་མཚན་ངལ་གསོ”ལག་བསྟར་བྱས་པ་རེད།ད་ལྟ་ཡུན་ནན་ཚུད་པའི་རྒྱལ་ཡོངས་སུ་ཞིང་ཆེན20ཡིས“ཟླ་མཚན་ངལ་གསོ”ཡི་ལམ་ལུགས་ལག་བསྟར་བྱས་ཡོད་ཅིང་།  མཚོ་སྔོན་གྱི་བུད་མེད་ལས་བཟོ་པས་ཀྱང་ཟླ་རེར་ངལ་གསོ་ཉིན1ནས2བར་ལོངས་སུ་སྤྱད་ཆོག
ས་གནས་སོ་སོའི“ཟླ་མཚན་ངལ་གསོ”ཡི་ཁྱད་པར་དེ་གཙོ་བོ་ཕྱོགས་གཉིས་ཡོད་དེ།    བཀོལ་སྤྱོད་བྱེད་པའི་ལས་རིགས་ཀྱི་ཁྱབ་ཁོངས་དང་སྨན་བཅོས་དཔང་ཡིག་དགོས་མིན་སོགས་ཡིན།    
ས་གནས་ཁག་གི་སྲིད་ཇུས་དང་བསྡུར་བ་བརྒྱུད།   རྒྱལ་ཡོངས་ཀྱི་ཞིང་ཆེན15ཡི“ཟླ་མཚན་ངལ་གསོ”ནི་བུད་མེད་ཡོངས་ལ་ཁ་ཕྱོགས་ཡོད་ཅིང་།  དེ་ལས་ཧྲན་ཤིས་དང་།  ལེའོ་ཉིང་།  ཧོ་པེ།  ཉིང་ཞ་སོགས་ཞིང་ཆེན་བརྒྱད་ཀྱི“ཟླ་མཚན་ངལ་གསོ”དེ་བུད་མེད་ཡོངས་ལ་ཕྱོགས་པའི་རྨང་གཞིའི་སྟེང་། ཡུན་རིང་ཡར་ལངས་ནས་ངལ་རྩོལ་བྱེད་མཁན་བུད་མེད་རྣམས་ལ་ངལ་གསོ་ཐད་ནས་གཏན་འབེབས་ཞིབ་ཕྲ་བཟོས།  དཔེར་ན། 《ཉིང་ཞ་ཧའེ་རིགས་རང་སྐྱོང་ལྗོངས་ཀྱི་བུད་མེད་ལས་བཟོ་པའི་ངལ་རྩོལ་སྲུང་སྐྱོང་བྱེད་ཐབས》ཀྱི་དོན་ཚན་དགུ་བའི་ནང་དུ།  ཡུན་རིང་ཆུ་ཚོད4ཡན་ལ་ཡར་ལངས་ནས་ངལ་རྩོལ་བྱེད་དགོས་ན།  དེ་ལ་ཆུ་ཚོད་གཉིས་རེའི་ནང་སྐར་མ20ལ་ངལ་གསོ་བཀོད་སྒྲིག་བྱ་དགོས་པ་གཏན་འབེབས་བྱས་ཡོད།  
སྨན་ཁང་གི་སྨན་ཞབས་ལ་དམིགས་པའི་ཞིབ་འཇུག་ལས་མངོན་པ་ལྟར་ན།  བརྟག་དཔྱད་བྱས་པའི་བུད་མེད་ནད་སྐྱོང་པ200ལས75%ཡི་ཟླ་མཚན་ཡོང་དུས་སྙིང་མི་བདེ་ཞིང་སེམས་འཁྲུག་པ་ལ་སོགས་ཀྱི་རྟགས་ཐོན་གྱི་ཡོད།   དེ་ལས་བཅུ་ཆའི་བདུན་ཡན་གྱི་བུད་མེད་ཀྱིས་ཟླ་མཚན་ཡོང་དུས་ངལ་གསོ་ཐུབ་ན་ཧ་ཅང་ཡག་པའི་རེ་བ་རྒྱག་བཞིན་ཡོད།      
“ཟླ་མཚན་ངལ་གསོ”ཡི་གཏན་འབེབས་དེ་ས་གནས་མང་པོ་ཞིག་གི་ལག་བསྟར་བྱས་ཟིན་མོད།   འོན་ཀྱང་དངོས་སུ་ལག་བསྟར་ཇི་ལྟར་བྱ་དགོས་ཞེ་ན།   སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེང་། བུད་མེད་ཁ་ཤས་ཀྱིས“ཟླ་མཚན་ངལ་གསོ”ཡི་གནང་བ་ཞུ་སྐབས། དུས་རྒྱུན་དུ་ན་ཟུག་གཏོང་བཞིན་སྨན་ཁང་དུ་གྲལ་བསྒྲིགས་དགོས་པ་མ་ཟད། ཨང་ཐོ་འགོད་དཀའ་བ་དང་།  དཔང་ཡིག་འདོན་དཀའ་བ།  མགོ་ཁྲིད་ཀྱི་ཆོག་འཐུས་སྤྲོད་དཀའ་བ།   དེ་མིན་ལས་གནས་ལ་མཐོང་ཆུང་བྱེད་པ་སོགས་ཀྱི་གནད་དོན་མང་པོ་ཞིག་འཕྲད་ཡོང་ཟེར། 

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ལོ་ཙཱ་བ། གཡང་སྐྱིད།

རྩོམ་སྒྲིག་པ། གཡང་སྐྱིད།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章