རྒན་གསོའི་འགན་སྲུང་སྲིད་ཇུས་གསར་པ་ཐོན་བྱུང་།

文摘   2024-11-06 17:26   青海  

      ཚེས5ཉིན་གསར་འགོད་པས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།   ཉེ་ལམ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་ལས་ཁུངས་གསུམ་གྱིས་མཉམ་འབྲེལ་ཐོག་བརྡ་ཐོ་པར་འགྲེམས་བྱས་ཏེ་བསྟན་དོན། ལས་ཤོར་འགན་སྲུང་དངུལ་ལེན་མཁན་གྱི་ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚད་དེ་ལོ་གཅིག་གིས་ལོངས་མེད་པའི་ལས་ཤོར་བ་ཡིན་ན། ལས་ཤོར་འགན་སྲུང་དངུལ་ལེན་ས་ནི་དེ་གར་མི་སྒེར་གྱི་མིང་ཐོག་ནས་ཁེ་ལས་ཀྱི་ལས་བཟོ་བའི་གཞི་རྩའི་རྒན་གསོ་འགན་སྲུང་ནང་ཞུགས་ཤིང་དངུལ་ཡང་འཇལ་ཡོད་པ་ཞིག་ཡིན་དགོས་ལ།  དེ་ལྟར་ཡིན་ན་ས་གནས་དེའི་སྟབས་བསྟུན་ལས་ཞུགས་པའི་དངུལ་འཇལ་ཚད་གཞི་དམའ་ཤོས་ཀྱི་ཆ་དེ་ལས་ཤོར་འགན་སྲུང་ཐེབས་རྩ་ནས་སྤྲད་རྒྱུ་རེད།   
《ལོ་རྒན་ལས་ཤོར་འགན་སྲུང་དངུལ་ལེན་མཁན་ཁེ་ལས་ཀྱི་ལས་བཟོ་བའི་གཞི་རྩའི་རྒན་གསོ་འགན་སྲུང་ནང་ཞུགས་པའི་འབྲེལ་ཡོད་གནད་དོན་སྐོར་གྱི་བརྡ་ཐོ》གཞིར་བཟུང་།    སྲིད་ཇུས་དེ2025ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་ལག་བསྟར་འགོ་བརྩམ་ནས2035ལོའི་ཟླ12པའི་ཚེས31ཉིན་བར་ལག་བསྟར་བྱ་རྒྱུ་རེད།     བརྡ་ཐོའི་ནང་གཉེར་སྒྲུབ་ལས་ཁུངས་ཀྱིས་ཆ་རྐྱེན་དང་མཐུན་པའི་ལོ་རྒན་དངུལ་སྒོར་ལེན་མཁན་ལ་མ་སྐུལ་རང་རྟོགས་ཀྱིས་འབྲེལ་ཡོད་སྲིད་ཇུས་གསལ་བོར་བཤད་དགོས་པ་མ་ཟད། ། ད་དུང་“སྔོན་ལ་དངུལ་འཇལ་བ་དང་རྗེས་སུ་ཁ་གསབ་བྱེད་པའི”བྱེད་སྟངས་ལྟར་ལག་བསྟར་བྱེད་དགོས་པའི་བླང་བྱ་འདོན་དགོས། དེ་ནི་ལོ་རྒན་དངུལ་སྒོར་ལེན་མཁན་རང་མོས་ཀྱིས་ཁེ་ལས་ཀྱི་ལས་བཟོ་བའི་གཞི་རྩའི་རྒན་གསོ་འགན་སྲུང་ནང་ཞུགས་རྗེས་ནས་དངུལ་འཇལ་རྗེས། ད་གཟོད་གཉེར་སྒྲུབ་ལས་ཁོངས་སུ་བསྐྱོད་དེ་ལས་ཤོར་འགན་སྲུང་ཐེབས་རྩས་འགན་འཁུར་བའི་གྲོན་དངུལ་གྱི་ཆ་དེ་ལེན་རྒྱུ་རེ་ཞུ་བྱེད་དགོས།     
ཆེད་མཁས་པས་ལོ་རྒན་ལས་ཤོར་པ་ཡང་ཡང་ལས་ཞུགས་བྱེད་དཀའ་བ་དང་ཡོང་འབབ་བརྟན་པོ་མེད་པ་སོགས་ཁོང་ཚོའི་དངོས་ཡོད་དཀའ་ངལ་ལ་བསམ་གཞིག་བཏང་སྟེ།   ལས་ཤོར་འགན་སྲུང་མ་དངུལ་གྱིས་ཁོང་ཚོའི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་པའི་དུས་མཚུངས་སུ་ཁེ་ལས་ཀྱི་ལས་བཟོ་བའི་གཞི་རྩའི་རྒན་གསོ་འགན་སྲུང་ནང་ཞུགས་པར་རྒྱབ་སྐྱོར་ངེས་ཅན་བྱས་ཏེ། ལས་ཤོར་འགན་སྲུང་གི་མ་མཐའི་ཚད་ཐིག་ཏན་ཏིག་སྲུང་ནས་སྔར་ལས་མང་བའི་སྒོ་ནས་ལས་འཁྱུར་ངལ་གསོ་ཐུབ་པར་རོགས་རམ་བྱ་རྒྱུ་རེད།   

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ལོ་ཙཱ་བ། གཡང་སྐྱིད།

རྩོམ་སྒྲིག་པ། གཡང་སྐྱིད།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章