ཟླ11ཚེས13ཉིན་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ། ནོར་སྲིད་པུའུ་དང་། ཁྲལ་དོན་སྤྱི་ཁྱབ་ཅུའུ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་བཅས་ཀྱིས《ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་འབྲེལ་ཡོད་ཁྲལ་བསྡུའི་སྲིད་ཇུས་ཀྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་ནས་ས་ཁང་བདག་ཁོངས་ཚོང་ར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་མང་པོ་གསལ་འབེབས་བྱས་ཡོད། སྤྱི་བསྒྲགས་ནང་དུ་སྡོད་ཁང་ཉོ་ཚོང་གི་གོ་རིམ་ཁྲོད་གན་ཁྲལ་གཟིགས་སྐྱོང་ཇེ་ཆེར་བཏང་ནས་ཡུལ་མིའི་དགོས་ངེས་རང་བཞིན་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་དགོས་མཁོར་རྒྱབ་སྐྱོར་ཧུར་ཐག་དང་། ས་ཞིང་གི་གནས་ཐང་འཕར་ཁྲལ་སྔོན་བསྡུ་བྱེད་ཚད་ཇེ་དམའ་རུ་བཏང་ནས་ས་ཁང་བདག་ཁོངས་ཁེ་ལས་ཀྱི་ནོར་དོན་དཀའ་ངལ་སེལ་རྒྱུ་གསལ་འབེབས་བྱས་འདུག དེ་མིན་གན་ཁྲལ་ཕྱོགས་ནས་ད་ལྟ་ལག་བསྟར་བྱེད་བཞིན་པའི1%གི་ཁྲལ་ཚད་དམའ་བའི་གཟིགས་སྐྱོང་ལོངས་སུ་སྤྱོད་པའི་རྒྱ་ཁྱོན་གྱི་ཚད་གཞི་དེ་སྨི་གྲུ་བཞི་མ90ནས་སྨི་གྲུ་བཞི་མ140བར་ཇེ་མཐོར་གཏང་རྒྱུ་མ་ཟད། པེ་ཅིན་དང་། ཧྲང་ཧའེ། ཀོང་ཀྲོའུ། ཧྲེན་ཀྲེན་བཅས་གྲོང་ཁྱེར4ཡིས་ས་ཁུལ་གཞན་དུ་གཅིག་གྱུར་གྱི་ཁྱིམ་སྤྱོད་ཁང་པ་གཉིས་པའི་གན་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་གཅིག་གྱུར་ཐོག་སྤྱོད་ཆོག་པའི་གཏན་འབེབས་ཁ་གསལ་བཟོ་འཆར་ཡོད། ལེགས་སྒྲིག་བྱས་རྗེས། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ། མི་སྒེར་གྱིས་ཁྱིམ་སྡོད་ཁང་པ་དང་པོ་དང་ཁྱིམ་སྡོད་ཁང་པ་གཉིས་པ་ཉོ་སྐབས། རྒྱ་ཁྱོན་སྨི་གྲུ་བཞི་མ140ལས་མ་བརྒལ་ན། བརྒྱ་ཆའི་གཅིག་གི་ཁྲལ་ཚད་ལྟར་གཅིག་གྱུར་གྱིས་གན་ཁྲལ་འཇལ་དགོས། ས་ཆའི་གནས་ཐང་འཕར་ཁྲལ་ཐད་ས་ཁུལ་ཁག་གི་ས་ཆའི་གནས་ཐང་འཕར་ཁྲལ་གྱི་སྔོན་དཔག་ཁྲལ་ཚད་དེ་བརྒྱ་ཆའི0.5གཅིག་གྱུར་ཐོག་ཇེ་དམའ་རུ་གཏང་རྒྱུ་རེད། ས་གནས་ཁག་གིས་ས་གནས་དེའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་དོན་དངོས་ལག་བསྟར་གྱི་སྔོན་བསྡུའི་ཚད་ལ་ལེགས་སྒྲིག་བྱས་ཆོགགཞན་ཡང་སྤྱིར་བཏང་གི་སྡོད་ཁང་དང་སྤྱིར་བཏང་མིན་པའི་སྡོད་ཁང་གི་ཚད་གཞི་ཕན་ཚུན་འབྲེལ་མཐུད་བྱེད་པའི་རིན་ཐང་འཕར་ཁྲལ་དང་། ས་ཆའི་རིན་ཐང་འཕར་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་མེད་པར་བཟོ་རྒྱུ་དང་། ལག་བརྒྱུད་ཁང་པའི་ཉོ་ཚོང་མ་གནས་ཇེ་དམའ་རུ་བཏང་ནས་ས་ཁང་བདག་ཁོངས་ཁེ་ལས་ཀྱི་ཁྲལ་འཁྲི་བརྟན་པོ་ཡོང་བར་བྱ་དགོས། གནས་ཐང་འཕར་ཁྲལ་ཕྱོགས་ནས་གྲོང་ཁྱེར་གྱི་སྤྱིར་བཏང་སྡོད་ཁང་གི་ཚད་གཞི་མེད་པ་བཟོས་རྗེས། མི་སྒེར་གྱིས་ཉོས་ནས་ལོ2ཡན(ལོ2ཚུད་པ)འདས་པའི་སྡོད་ཁང་ཕྱིར་འཚོང་བ་ཚང་མར་གནས་ཐང་འཕར་ཁྲལ་འཇལ་མི་དགོས་ལ། དེ་སྔོན་པེ་ཅིན་དང་། ཧྲང་ཧའེ། ཀོང་ཀྲོའུ། ཧྲེན་ཀྲེན་བཅས་གྲོང་ཁྱེར4ཡི་སྒེར་ནས་ཉོས་པའི་ལོ2ཡན(ལོ2ཚུད་པ)འདས་པའི་སྤྱིར་བཏང་མིན་པའི་སྡོད་ཁང་ལ་གནས་ཐང་འཕར་ཁྲལ་བསྡུ་བའི་གཏན་འབེབས་ལག་བསྟར་བྱེད་མཚམས་འཇོག་རྒྱུ་རེད། ས་ཆའི་གནས་ཐང་འཕར་ཁྲལ་ཕྱོགས་ནས་སྤྱིར་བཏང་གི་སྡོད་ཁང་དང་སྤྱིར་བཏང་མིན་པའི་སྡོད་ཁང་གི་ཚད་གཞི་མེད་པར་བཟོས་པའི་གྲོང་ཁྱེར་དང་། ཁྲལ་འཇལ་མཁན་ལ་བསྐྲུན་ཞིང་འཚོང་བའི་གནས་ཐང་འཕར་བའི་དངུལ་གྲངས་དེ་འཐེན་བྱའི་རྣམ་གྲངས་ཀྱི་དངུལ་གྲངས་ཀྱི་བརྒྱ་ཆ20ལས་བརྒལ་མེད་པའི་གི་ཚད་གཞི་སྤྱིར་བཏང་གི་སྡོད་ཁང་ཡིན་ན། ས་ཞིང་གི་གནས་ཐང་འཕར་ཁྲལ་འཇལ་མི་དགོས་པའི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱ་རྒྱུ་སོགས་གསལ་འབེབས་བྱས་ཡོད།