རྒྱལ་ཁོངས་ས་ཞིང་འགྱུར་ལྡོག་གི་བརྟག་དཔྱད་བྱེད་འགོ་ཚུགས་པ།

文摘   2024-11-01 18:48   青海  

  རང་རེའི་དྲ་བའི་འཕྲིན། རང་བྱུང་ཐོན་ཁུངས་དོ་དམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན)45ཡི་རང་བྱུང་ཐོན་ཁུངས་ཀྱི་གཞི་གྲངས་དང་། གཞི་རིས། རྒྱལ་ཁོངས་ས་ཞིང་བེད་སྤྱོད་ཀྱི་འགྱུར་ལྡོག་བཅས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཐབས་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་བྱ་ཆེད། ཟླ10པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་གྱིས2024ལོ་འཁོར་གྱི་རྒྱལ་ཁོངས་ས་ཞིང་འགྱུར་ལྡོག་གི་བརྟག་དཔྱད་ཁྱོན་ཡོངས་ནས་བྱེད་འགོ་ཚུགས་པ་རེད།
  ཐེངས་འདིའི་བརྟག་དཔྱད་ནང“ལེགས་སྒྲིག་གསུམ”དང2023ལོ་འཁོར་གྱི་རྒྱལ་ཁབ་ས་ཆའི་འགྱུར་ལྡོག་བརྟག་དཔྱད་ཀྱི་རྨང་གཞིའི་སྟེང་། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་བརྟག་དཔྱད་དཔང་འདོན་བྱས་ནས་རྫོང་དང་། གྲོང་ཁྱེར། ཞིང་ཆེན། རྒྱལ་ཁབ་བཅས་རིམ་པ་བཞིར་ཞིབ་དཔྱད་བྱས་པ་བརྒྱུད། 2024ལོའི་ལོ་འཁོར་གྱི་ས་གནས་སོ་སོ་དང་། རྒྱ་ཁྱོན། རང་བཞིན། དྲ་བའི་བཞུར་ཚད་བཅས་ཀྱི་འགྱུར་ལྡོག་གི་ཆ་འཕྲིན་ལ་ཕྱོགས་ཡོངས་ནས་གསལ་བཤེར་བྱས་ནས་རྒྱལ་ཁོངས་ས་ཞིང་་བརྟག་དཔྱད་ཀྱི་གཞི་གྲངས་མཛོད་གསར་བརྗེས་བྱས། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས《2024ལོ་འཁོར་གྱི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་ས་ཞིང་འགྱུར་ལྡོག་གི་བརྟག་དཔྱད་ལས་དོན་སྤེལ་བའི་སྐོར་གྱི་བརྡ་ཐོ》དང《2024ལོ་འཁོར་གྱི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་ས་ཞིང་འགྱུར་ལྡོག་གི་བརྟག་དཔྱད་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་ཏེ་རྨང་གཞིའི་དཔྱད་གཞི་བསྡུ་རུབ་དང་། ཡུལ་དངོས་སུ་བརྟག་དཔྱད་དཔང་འདོན། རིམ་པ་སོ་སོ་ཞིབ་དཔྱད་གཏན་འཁེལ། གཞི་གྲངས་ཕྱོགས་སྡོམ་གསར་སྒྱུར། གྲུབ་འབྲས་མཉམ་སྤྱོད་བེད་སྤྱོད་སོགས་ཀྱི་ཐད་ནས་བརྟག་དཔྱད་ལས་དོན་གྱི་ལས་འགན་དང་ཞིབ་ཕྲའི་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད།
  ཞིང་ཆེན་སྲིད་གཞུང་གིས“པར་རིས་གཅིག”གི་ཆེད་དོན་ལས་འགུལ་གྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ནས། འགྲིམ་འགྲུལ་ཐད་སྤྱོད་བྱའི་ས74དང་། ཚད་གཞི་མཐོ་བའི་ཞིང་ས699། ནགས་རྩྭ་བརླན་ས་ཐང་རྒོད་ཀྱི་རིས་ཁྲ་ཁྲི9.8བཅས་བརྟག་དཔྱད་བྱ་ཁོངས་སུ་བཅུག་པ་དང་། ཆུའི་འགོ་ཁུངས59དང་། ཆུ་བོ3815། མཚེའུ242། “ཁུལ་གསུམ་ཐིག་གསུམ”སོགས་རང་བྱུང་ཐོན་ཁུངས་ཀྱི“པར་རིས་གཅིག”གི་ཁོངས་སུ་བཅུག་ནས། སྡེ་ཁག་སོ་སོའི་ཚད་གཞི་གཅིག་གྱུར་དང་། དངོས་ཐོག་བདེན་འཚོལ། ཕན་ཚུན་སྦྲེལ་མཐུད་བཅས་ཀྱི་མ་མཐའི་རིས་ཁྲ་བཟོ་རྒྱུ་རེད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ཤར་གྲོང་ཁྱེར་དུ་བརྟག་དཔྱད་ཚོད་ལྟའི་ལས་དོན་སྤེལ་ཏེ། རིས་ཁྲ་འགེལ་འདྲེན་གྱི་ལས་དོན་སྤེལ་ནས་ཞིབ་ཕྲའི་ལས་དོན་ཁྲོད་མཐིལ་རྟོགས་དང་། ཚད་ལྡན་དུ་འགྱུར་བར་མཐོང་ཆེན། དཔེ་སྟོན་ཤུགས་ཆེན་བཅས་ཀྱི་བརྟག་དཔྱད་ལག་རྩལ་དང་ལས་ཀའི་ཉམས་མྱོང་མགྱོགས་མྱུར་བདམས་ཏེ། ལག་རྩལ་གྱི་བརྒྱུད་རིམ་དང་བྱེད་ཐབས་འཐུས་ཚང་དུ་བཏང་ནས་ཁྱོན་ཡོངས་ནས་བརྟག་དཔྱད་བྱ་བར་རྨང་གཞི་བཏིངས་བ་རེད།
  ཤེས་གསལ་ལྟར་ན། ཐེངས་འདིའི་བརྟག་ཞིབ་ནང་གསར་དུ་བསྣན་པའི་འཛུགས་སྐྲུན་ཐད་སྤྱོད་བྱའི་ས་ཞིང་དང་། རྨོ་ཞིང་ཕྱིར་ཤོར། ཞིང་སྤྱོད་ས་ཞིང་སྒྲིག་བཀོད་དང་དེ་བཞིན་བེད་སྤྱོད་བྱས་མེད་པའི་ས་ཞིང་སོགས་ཀྱི་འགྱུར་ལྡོག་གནས་ཚུལ་ལ་གཙོ་གནད་ཐོག་དམིགས་ཏེ་བདེན་མིན་ཞིབ་དཔྱད་བྱས་པ་དང་ཆབས་ཅིག་འཛིན་སྤྱོད་དང་ཁ་གསབ་དོ་སྙོམས་དང་། སྣོན་འཕྲི་ཟུང་འབྲེལ། ལྟ་བཤེར་ཁྲིམས་འཛིན། གྲོང་གསེབ་དར་སྤེལ་སོགས་ཀྱི་དོ་དམ་ལས་དོན་དང་དུས་གཅིག་ཏུ་ཟུང་འབྲེལ་བྱས་ནས། རང་བྱུང་རྒྱུ་རྐྱེན་དང་མིས་བཟོས་པའི་བྱེད་སྒོ་ལས་བྱུང་བའི་ས་ཞིང་རིགས་ཀྱི་འགྱུར་ལྡོག་གནས་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་རེད།
  ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་བརྟག་དཔྱད་ལྟ་ཞིབ་ཚད་ལེན་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། སྔོན་ཆད་དང་བསྡུར་ན། 2024ལོའི་རྒྱལ་ཁོངས་ས་ཞིང་འགྱུར་ལྡོག་བརྟག་དཔྱད་ཀྱི་བརྟག་དཔྱད་བླང་བྱའི་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད། རྨོ་ཞིང་གཏན་འཁེལ་ཐད་ནས“2024ལོར་རྨོ་འདེབས་བྱས་མེད་པའི”ངོ་བོ་གསར་སྣོན་བྱས་པ་དང་། རྨོ་ཞིང་གི“ས་ནས་མྱུ་གུ་སྐྱེ་བ”དང“འདེབས་འཛུགས་ཁས་ལེན”སོགས་ཀྱི་བླང་བྱ་མེད་པར་བཟོས་ནས། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་བཏང་། ཕྱི་ཚུལ་རིང་ལུགས་གཏན་འགོག་བྱས་ཏེ་རྨོ་ཞིང་ལ་མིང་དངོས་སུ་གཏོགས་པའི་འགན་ལེན་བྱས། འཛུགས་སྐྲུན་ལ་སྤྱོད་བྱའི་ས་ཞིང་བརྟག་དཔྱད་ཐད་ས་ཞིང་སྲུང་ལྷེབ་ཀྱི་ཁྲིམས་འཛིན་ལས་དོན་དུས་གཅིག་ཏུ་སྤེལ་ནས། ད་ལྟའི་གནས་ཚུལ་བརྟག་དཔྱད་དང་གནད་དོན་རིས་ཁྲ་ཞིབ་བཤེར་ཐག་གཅོད་དང་དག་ཐེར། གཞུང་ཕྱོགས་དང་བརྗེ་རེས་དང་ལེན་བྱེད་པའི་ལམ་སྲོལ་བཙུགས་ཏེ་ཁྲིམས་འགལ་བྱ་སྤྱོད་སྔ་ཙམ་ཤེས་རྟོགས་དང་། སྔ་མོ་ནས་བཀག་འགོག ཞིབ་བཤེར་ནན་པོ་བཅས་བྱ་བར་རྨང་གཞིའི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ་ཡིན་ཟེར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章