ཟ་ཁང་མེད་པའི་མངག་ཟས་ལ་ཆེད་དོན་བཅོས་སྒྲིག་བྱས་པ།

文摘   2024-10-25 15:40   青海  

མཚོ་སྔོན་གྱིས་ཟ་ཁང་མེད་པའི་མངག་ཟས་ལ་ཆེད་དོན་བཅོས་སྒྲིག་བྱས་པ།

ཟླ་བཅུ་པ་ནས་བཟུང་དྲ་ལམ་བཟའ་བཏུང་ཞབས་ཞུའི་ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་ལ་སྔརལས་ཤུགས་སྣོན་པ་དང་། མངག་ཟས་ཕྱིར་འཚོང་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་ལག་བསྟར་བྱ་རྒྱུར་ལྟ་སྐུལ་བྱེད་པ། ལས་གཉེར་ཚད་ལྡན་དུ་གཏོང་བ།   ཟས་རིགས་ཆུད་ཟོས་སུ་མི་གཏོང་པ། ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་ལ་ཤུགས་སྣོན་བཅས་བྱ་ཆེད། མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་མངག་ཟས་ལ་ཆེད་དོན་བཅོས་སྒྲིག་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཁྲོམ་རའི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཁྱོན་ཡོངས་ནས་དྲ་རྒྱའི་ཟས་རིགས་ཞབས་ཞུའི་ཕྱོགས་གསུམ་པའི་སྟེགས་བུ་ཐེངས85པ་དང་། ཟས་རིགས་དང་ཟས་རིགས་ཞབས་ཞུ་མཁོ་འདོན་བྱེད་མཁན978ལ་ཞིབ་བཤེར་བྱས།
ཆེད་དོན་དག་ཐེར་བཅོས་སྐྱོང་གི་བྱེད་སྒོའི་ཁྲོད། ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཁྲོམ་རའི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཟ་ཁང་མེད་པའི་ཟས་རིགས་དང“དྲ་དཔོན་ཚོང་ཁང”སོགས་དྲ་ལམ་ནས་ཟས་རིགས་ཞབས་ཞུ་མཁོ་འདོན་བྱེད་མཁན་ལ་དམིགས་ཏེ། དྲ་ལམ་དང་དྲ་ལམ་མ་ཡིན་པའི་ལས་གཉེར་ཚད་གཞི་སྔར་ལས་ཚད་ལྡན་དང་རིམ་སྤོར་བྱས་ནས་ལག་འཁྱེར་མེད་པ་དང་། ལག་འཁྱེར་ཆ་མི་ཚང་པ། ལག་འཁྱེར་རྫུན་མ། ཁྱབ་ཁོངས་ལས་བརྒལ་བའི་ལས་གཉེར། དངོས་གཞིའི་ཟ་ཁང་མེད་པར་དྲ་ལམ་ནས་ཟས་རིགས་ཞབས་ཞུ་མཁོ་འདོན་བྱེད་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་རེད། ཁོངས་གཏོགས་ཁུལ་དུ་ཟ་ཁང་མེད་པའི་མངག་ཟས་ལས་མཁན་དུད་ཚང་གི་གྲངས་འབོར་དང་ཁྱབ་ཚུལ་ལ་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ཏེ་རྒྱུན་གཏན་ཅན་གྱི་ལྟ་སྐུལ་དོ་དམ་ཐུབ་པ་བྱ་རྒྱུ། ཉེན་མེད་ཁས་ལེན། མ་བཅོས་རྒྱུ་ཆ་ཡོངས་བསྒྲགས། འཛིན་ཡིག་ཉར་འཇོག བཀོལ་སྤྱོད་ཚད་ལྡན། གནས་ཡུལ་གཙང་མ་བཅས་ཡོང་བར་སྐུལ་འདེད་གཏང་དགོས། དྲ་ལམ་ཞབས་ཞུའི་ཟས་རིགས་བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱས་ནས།  དྲ་རྒྱའི་ཟས་རིགས་འཛད་སྤྱོད་ཁོར་ཡུག་ཡག་པོ་ཞིག་གཏོད་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། བྱེད་སྒོ་སྤེལ་རིང་ཟ་ཁང་མེད་པའི་ཟས་རིགས་ཞབས་ཞུ་མཁོ་འདོན་བྱེད་མཁན130ལ་དྲ་ལམ་དུ་ལྟ་ཞིབ་ཚད་ལེན་བྱས་ནས། ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན19རྒྱུས་ལོན་བྱུང་བ་དེ་དག་གཙོ་བོ་ལག་འཁྱེར་མེད་པའམ་ཡང་ན་ཟས་རིགས་ལས་སྣོན་གྱི་ཆོག་འཐུས་དང་ཐོ་འགོད་སྙན་སེང་ཆ་འཕྲིན་རྫུན་སྤྱོད་བྱས་པ། ཁྱབ་ཁོངས་ལས་བརྒལ་ནས་འཁྱག་ཟས་ལས་སྣོན་བྱས་པ་སོགས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པས་། ཡོ་བསྲང་བྱེད་དགོས་པའི་བརྡ་ཐོ38བཏང་བ་དང་། དངོས་གཞིའི་ཟ་ཁང་མེད་པའི་ཟས་རིགས་མཁོ་འདོན་བྱེད་མཁན6ལ་གྱོད་དོན་ཐོ་འགོད་བྱས་ནས་གྱོད་གཞི1གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་ཐག་གཅོད་བྱས་ཏེ་སྒོར་ཁྲི0.83ཡི་དངུལ་ཆད་བཅད། 

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ལོ་ཙཱ་བ། གཡང་སྐྱིད།

རྩོམ་སྒྲིག་པ། གཡང་སྐྱིད།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章