ལིའུ་ཝན་ཚོན་རྫའི་ཁྲོད་ནས་མཚོན་རྟཊ་རི་མོ་སྐོར་ཞིག་གསར་རྙེད་བྱུང་།

文摘   2024-11-19 17:29   青海  

རང་རེའི་དྲ་བའི་འཕྲིན། ཉེ་ལམ་ལིའུ་ཝན(柳湾)ཚོན་རྫའི་མཚོན་རྟགས་རི་མོ་གསར་རྙེད་བྱུང་བའི་གཏམ་བཟང་ཞིག་བསྒྲགས་འོང་བ་ནི། ཚོན་རྫ་ཁྲི2གཉིས་ཀྱི་ཁྲོད་དུ་ཚོན་རིས་དང་རྐོས་རིས་ཅན་གྱི་ཚོན་རྫ2017རྙེད་པ་དང་། དེ་དག་དབྱེ་འབྱེད་ཞིབ་ཕྲ་དང་ལེགས་སྒྲིག སྡོམ་རྩིས་བརྒྱུད་ཚོན་རྫའི་མཚོན་རྟགས་རི་མོ་སྣ279གསར་རྙེད་བྱུང་བ་དེ་རེད། 

  རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱི་ལིའུ་ཝན་ཚོན་རྫའི་རིག་གནས་དེ་གཙོ་བོ་རྨ་ཆུ་སྟོད་རྒྱུད་དང་དེའི་ཆུ་ལག་འབབ་པའི་རྨ་ཙོང་རོང་སར་ཁྱབ་ཡོད་ཅིང་། མཱ་ཚང་གི་རྫ་ཆས་རིག་གནས་དུས་སྐབས་སུ་རྫ་བཟོའི་ལག་རྩལ་དར་རྒྱས་ཧ་ཅང་ཆེ་བའི་དུས་རེད། མཚོ་སྔོན་ཚོན་རྫའི་མཚོན་རྟགས་རི་མོ་དེ་དག་གིས་མཚོ་སྔོན་གྱི་མེས་པོ་རྣམས་ཀྱི་སྒྱུ་རྩལ་གསར་གཏོད་དང་། བསམ་བློ། མཛེས་དཔྱོད་ཀྱི་ལྟ་བ་བཅས་གསོན་ཉམས་ལྡན་པས་མངོན་ཡོད་པ་མ་ཟད། མཚོ་བོད་མཐོ་སྒང་གི་ལོ་རྒྱུས་སྔོན་གྱི་སྤྱི་ཚོགས་འཕེལ་འགྱུར་གྱི་བརྒྱུད་རིམ་རྙོག་འཛིང་ལྡན་པ་ཡང་མཚོན་ཡོད་པས་ཀྲུང་ཧྭའི་དཔལ་ཡོན་གྱི་བྱུང་འཕེལ་ཞིབ་འཇུག་ཐད་ལ་ཞིབ་འཇུག་གི་ཟུར་གསར་པ་ཞིག་མཁོ་འདོན་བྱས།

  《མཚོ་སྔོན་ལིའུ་ཝན》ཞེས་པའི་གནའ་རྫས་སྔོག་འདོན་དང་རྟོག་ཞིབ་སྙན་ཞུ་ཡི་བསྡོམས་རྩིས་ལྟར་ན། མཚོན་རྟགས་རི་མོ་བཀོད་པའི་རྫ་ཆས་ལ་ཁྱོན679ཡོད་ཅིང་། མཚོན་རྟགས་ཀྱི་རིགས་ལ་ཁྱོན144ཡོད་པ་དང་། མཚོན་རྟགས་རི་མོ་དེ་དབྱིབས་ལ་དབྱེ་ན་དབྱིབས་རྩིས་རི་མོ་དང་། སྲོག་ཆགས་ཀྱི་རི་མོ་བཅས་རིགས་ཆེན་པོ་གཉིས་ཡོད། དེ་ལས་དབྱིབས་རྩིས་རི་མོ་ལ674ཡོད་ཅིང་། རིགས་མི་འདྲ་བ139ཡོད་པ་དང་། དེ་དག་ཚེག་དང་ཕྲེད་ཐིག གཞུང་ཐིག གསེག་ཐིག་སོགས་ཀྱི་གྲུབ་ཡོད། སྲོག་ཆགས་ཀྱི་ཚོན་རྟགས་རི་མོ་ལ་ཁྱི་དང་། བྱ། གླང་། ལུག འབུ་སོགས་རིགས་ལྔ་ཡོད་ཅིང་རིག་རྫས་ལ་ཡང་ལྔ་ཡོད། ཕྱིས་མཚོ་སྔོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཀྲུའུ་རེན་སྐུ་ཞབས་ཧྲེང་མིན་ཅའེ་ཡིས་ཡང་བསྐྱར《མཚོ་སྔོན་ལིའུ་ཝན》ཡི་གནའ་རྫས་རྟོག་ཞིབ་སྙན་ཞུའི་ནང་བཀོད་མེད་པའི་མཚོན་རྟགས་རི་མོ་རིགས43བསྡུས་པ་མ་ཟད། རྫ་ཆས་གཅིག་སྟེང་གི་མཚོན་རྟགས་དེ་རི་མོ་མི་འདྲ་བ་གཉིས་ཀྱིས་གྲུབ་པའི་རིགས་བརྒྱད་བཅས་གཅིག་ཏུ་བསྡུས་པས། ལུང་མདོ་ལིའུ་ཝན་དུར་ས་རུ་སྔ་ཕྱི་བསྡོམས་པའི་མཚོན་རྟགས་རི་མོ་རིགས195རྙེད་ཡོད་ཚུལ་བཀོད་ཡོད། ཡིན་ན་ཡང་ལས་སྒྲུབ་ཚན་ཆུང་གིས་ལོ་ངོ་གཅིག་རིང་ལ་འབད་པ་བྱས་པ་བརྒྱུད། ཚོན་རྫའི་རིག་དངོས་ཧ་ལམ་ཁྲི2ཀྱི་ཁྲོད་ནས་ཚོན་རིས་དང་རྐོས་རིས་ཅན་གྱི་ཚོན་རྫ2017གསར་དུ་རྙེད། ཐེངས་འདིའི་ལེགས་སྒྲིག་དང་བསྡོམས་རྩིས་ཀྱི་ཁྲོད་དུ་ལིའུ་ཝན་ཚོན་རྫའི་སྟེང་གི་མཚོན་རྟགས་དེ་རིགས195ཡིས་མི་ཚད་པར་རིགས279(དེའི་ནང་ཚོན་རིས་རིགས276དང་རྐོས་རིས་རིགས3འདུ)ཡོད་པ་རེད།  དེའི་ནང་ལིའུ་ཝན་དུར་ས་ནས་ཐོན་པའི་ཚོན་རྫའི་མཚོན་རྟགས་རི་མོ་རིགས255(ཚོན་རིས་རིགས254དང་། རྐོས་རིས་རིགས1)འདུ་བ་དང་། དེ་སྔ་ཚོན་རྫའི་མཚོན་རྟགས་རི་མོ་སྣ195ཡོད་པའི་རྨང་གཞིའི་སྟེང་སྣ59བསྣན་ཡོད།   རིག་རྫས་དེ་དག་གཙོ་བོ་མཚོ་སྔོན་གྱི་རྨ་ཙོང་རོང་སའི་ལུང་མདོའི་ལིའུ་ཝན་དང་། གཞོང་ཐང་གི་དབྱང་ཧྲན་རི་བོ(阳山)།  གཞོང་ཐང་གི་བདེ་རྒྱ་ཐའེ(代家台)། གཞོང་ཐང་གི་མཱ་ཕའེ(马牌)། འབའ་རྫོང་གི་རྫོང་རི་སོགས་ལོ་རྒྱུས་སྔོན་གྱི་རིག་གནས་ཤུལ་བཞག་དང་དུར་སའི་ཁྲོད་ནས་བཏོན་པ་ཡིན་ལ། མཱ་ཚང་གི་རྫ་ཆས་རིག་གནས་(马家窑)དང་། མཱ་ཚང་གི་རྫ་ཆས་རིགས། པན་ཧྲན་(半山)རིགས། མཱ་ཁྲང་(马厂)གི་རིགས། རྫོང་རིའི་རིགས། ཆི་ཚང་གི་རིག་གནས། མཁར་རོ་རིག་གནས་སོགས་གནའ་རྫས་རྟོག་ཞིབ་རིག་གནས་དུ་མ་དང་འབྲེལ་བ་ཡོད། ནང་སྒོས་སུ་མ་ཁྲང་རིགས་ཀྱི་མཚོན་རྟགས་རི་མོ་དང་གྲངས་མོར་ཆེས་མང་བས། མཚོ་སྔོན་ཚོན་རྫའི་སྟེང་གི་མཚོན་རྟགས་རི་མོའི་རིགས་དང་གྲངས་འབོར་ཇེ་མང་ཕྱིན་ཡོད་དོ། །

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ལོ་ཙཱ་བ། ཁོན་ཐར་འཚོ།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章