གསར་འགོད་པར་ཚེས27ཉིན་རྒྱལ་ཁབ་གཞུང་ཞབས་ཅུའུ་ནས་ཤེས་གསལ་ལྟར་ན། 2025ལོའི་ལོ་འཁོར་གྱི་ཀྲུང་དབྱང་ལས་ཁུངས་ཀྱིས་གཞུང་ཞབས་བདམས་གསེས་དང་སྐོང་འཐེན་བྱེད་མགོ་བརྩམས་ཡོད་པས། རྒྱུགས་སྤྲོད་མཁན་རྣམས་ཀྱིས་ཟླ10པའི་ཚེས28ཉིན་གྱི་ཆུ་ཚོད8:00ནས་ཟླ11པའི་ཚེས6ཉིན་གྱི་ཆུ་ཚོད18:00བར“2025ལོའི་ལོ་འཁོར་གྱི་ཀྲུང་དབྱང་ལས་ཁུངས་ཀྱི་གཞུང་ཞབས་བདམས་འཐེན་ཆེད་དོན་དྲ་ཚིགས”(//subb.scs.gov.cn/lx2025)སྟེང་མིང་ཐོ་འགོད་དགོས། ཡིག་རྒྱུགས་ནི་ཟླ11པའི་ཚེས30ཉིན་རྒྱལ་ཡོངས་ཀྱི་ཐད་སྐྱོང་གྲོང་ཁྱེར་ཁག་དང་། ཞིང་ཆེན་ལྟེ་གནས་གྲོང་ཁྱེར། རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་བཅས་སུ་དུས་གཅིག་ཏུ་སྤེལ་རྒྱུ་ཡིན་པ་རེད། ཤེས་གསལ་ལྟར་ན། ཐེངས་འདིའི་གཞུང་ཞབས་པ་བདམས་གསེས་དང་སྐོང་འཐེན་གྱི་ཁྲོད་དུ། ཀྲུང་དབྱང་ལས་ཁུངས་ཀྱི་སྡེ་ཚན41ཞུགས་ཡོད་ཅིང་། མི371བདམས་འཐེན་བྱ་རྩིས་ཡོད་པ་རེད། དེའི་ནང་ཡོངས་བསྒྲགས་སུ་བདམས་པའི་ལས་གནས་ནི་རིམ་པ་དང་པོའི་བརྟག་ཞིབ་པ་དང་དེ་མན་གྱི་འགན་རིམ་ཡིན་ལ་མི350འདེམས་རྩིས་ཡོད་པ་དང་། ཡོངས་བསྒྲགས་བདམས་གསེས་སྐོང་འཐེན་གྱི་ལས་གནས་ནང་ཁྲུའུ་ཀྲང་གཞོན་པའི་གོ་གནས་དང་རིམ་པ་དང་པོ་ནས་རིམ་པ་བཞི་པའི་བར་གྱི་བརྟག་ཞིབ་པའི་གོ་གནས་ཚུད་ཡོད་པ་དང་། དེར་མི21འདེམས་རྩིས་ཡོད་པ་རེད། ཐེངས་འདིའི་ཡོངས་བསྒྲགས་བྱས་པའི་བདམས་གསེས་སྐོང་འཐེན་ལས་དོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱ་བ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། མི་འདེམས་མི་སྤྱོད་ཀྱི་ཡང་དག་པའི་སྟོན་ཕྱོགས་མངོན་གསལ་སྒོས་འཛུགས་པ། དུས་རབས་གསར་པའི་ལས་བྱེད་པའི་ཚད་གཞི་མཐའ་འཁྱོངས་བཅས་བྱས་ཏེ། འོག་རིམ་ལས་ཁུངས་ནས་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་ཅིང་། འགན་འཁྲི་འཁུར་ཕོད་པ། བློ་རྩ་བརྟན་པོས་སྒྱུར་བཅོས་དང་། བྱས་རྗེས་མངོན་གསལ་ཡིན་པ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་གཞུང་ཞབས་པ་ནུས་ཤུགས་ཡོད་རྒུས་འདེམས་བསྐོ་བྱ་རྒྱུ་དང་། ཆབ་སྲིད་ཀྱི་ཚད་གཞི་འབུར་དུ་བཏོད་དེ། ཐོ་འགོད་འོས་སྦྱོར་བྱེད་སྐབས་རྩ་འཛུགས་ཀྱི་འགག་སྒོ་དང་འགན་འཁྲི་ནན་པོར་འཛིན་པ་དང་། རྒྱུགས་ལེན་ཁྲོད་དུ་ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་གནད་དོན་དབྱེ་ཞིབ་ཐག་གཅོད་པའི་ནུས་པ་ལ་སློབ་སྟོན་དང་ཞིབ་བཤེར། རྟོག་ཞིབ་ཁྲོད་དུ་འོས་མིའི་ཆབ་སྲིད་ཀྱི་འགག་སྒོ་དང་། ཀུན་སྤྱོད་ཀྱི་འགག་སྒོ། ནུས་པའི་འགག་སྒོ། ཀུན་སྤྱོད་ཀྱི་འགག་སྒོ། སྤྱོད་གཙང་གི་འགག་སྒོ་བཅས་ནན་པོར་སྲུང་དགོས། མི་དོན་འཚམ་མཐུན་མངོན་གསལ་ཡོང་བ་བྱས་ནས་ལས་གནས་འཆར་གཞི་དེ་ལས་ཁུངས་རིམ་པའི་ཉམས་མྱོང་དང་ལས་སྒོ་ལས་ཀའི་ཉམས་མྱོང་སོགས་ཐད་ལ་ཆ་རྐྱེན་བཏོན་ཏེ། ཁ་རྒྱུགས་ལེན་སྐབས་ལས་གནས་ལས་སྒོའི་ཆུ་ཚད་ལ་ཚད་ལེན་ཚོད་ལྟ་བྱ་ཆོག་པ་དང་། རྟོག་ཞིབ་བྱེད་སྐབས་ཆད་འབོར་དང་སྐར་གྲངས་ཁོ་ནར་མི་བལྟས་པའི་ལམ་ལུགས་ལག་བསྟར་བྱ་དགོས། བརྒྱུད་རིམ་ཧྲིལ་པོའི་འགག་སྒོ་ནན་སྲུང་གཟེངས་སུ་བཏོད་དེ། ཐོབ་ཐང་དང་ཆ་རྐྱེན་ཞིབ་བཤེར་དེ་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་སྐྱ་འཐིབས་ནས་མི་སྤྱོད་ལས་ཁུངས་ཀྱིས་འདེམས་སྒྲུག་པའི་ཚོད་ལྟའི་དུས་ཚོད་དང་བཀོལ་སྤྱོད་ཚོད་ལྟའི་ཚད་ལོངས་ན། ལས་འགན་བསྐྱར་ཏུ་འཁུར་དགོས། རྒྱལ་ཁབ་གཞུང་ཞབས་པ་ཅུའུ་ཡིས་གསལ་འདེབས་བྱས་པར། ཐེངས་འདིའི་ཡིག་རྒྱུགས་ནང་དཔེ་དེབ་ཆེད་སྐྲུན་མི་བྱེད་ལ་ཟུར་ཁྲིད་དེབ་ཀྱང་དམིགས་སུ་མི་བཟོ་བ་དང་། ལས་ཁུངས་དང་མི་སྒེར་གང་རུང་དུ་ཟུར་ཁྲིད་གསོ་སྦྱོང་གཉེར་བར་མངགས་བཅོལ་མི་བྱེད་པས། སྤྱི་ཚོགས་སྟེང་གི་གཞུང་ཞབས་པའི་ཡིག་རྒྱུགས་གསོ་སྦྱོང་དང་། དྲ་ཚིགས། དཔེ་སྐྲུན་དངོས་པོ་སོགས་ལ་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་ཚོས་དོགས་ཟོན་ཆེར་སྐྱེད་ཀྱིས་མགོ་སྐོར་མི་ཐེབས་པ་དང་ཁེ་དབང་ལ་གནོད་འཚེ་མི་ཕོག་པ་བྱེད་དགོས།