གཅན་ཚ་རྫོང་སྤྱི་བདེ་ཅུའུ་ཡིས་ཉེན་རྟོག་རམ་འདེགས་པ65བསྡུ་རྒྱུ་རེད།

文摘   2024-11-13 16:57   青海  

  《མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་རམ་འདེགས་པའི་དོ་དམ་སྲོལ་ཡིག》དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བ་དང་། མིག་སྔའི་སྤྱི་བདེའི་ལས་ཀ་ཡི་དགོས་མཁོ་གཞིགས་ནས་གཅན་ཚ་རྫོང་སྤྱི་བདེ་ཅུའུ་ཡིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ཉེན་རྟོག་རམ་འདེགས་པ་བསྡུ་རྒྱུ་གཏན་འབེབས་བྱས་པ་དང་། ད་ལྟ་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ།

  གཅིག ལས་བསྡུའི་མི་གྲངས་དང་ལས་གནས་ཆ་རྐྱེན།ད་ཐེངས་ཡོངས་བསྒྲགས་ངང་ཉེན་རྟོག་རམ་འདེགས་པ65བསྡུ་རྒྱུ་རེད།

  གཉིས་པ། ལས་བསྡུའི་ཆ་རྐྱེན།

  1. ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡིན་ཞིང་། གཅན་ཚ་རྫོང་གི་ཁྱིམ་ཐོ་ཡིན་དགོས། 

  2. ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བརྩི་སྲུང་། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་བྱེད་པ།

  3.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་སྲུང་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ། སྤྱོད་པ་བཟང་བ།

  4. ལོ18ཡན་དང་35མན་ཡིན་དགོས། (1989ལོའི་ཟླ11པའི་ཚེས12ཉིན་ནས2006ལོའི་ཟླ11པའི་ཚེས12ཉིན་བར་སྐྱེས་པ་ཡིན་དགོས།)

  5.ཆེད་སྦྱོང་ཚན་ཁག་དང་དེ་ཡན་གྱི་རིག་གནས་ཆུ་ཚད་ལྡན་པ་དང་། ལས་གནས་འགན་འཁྲི་སྒྲུབ་པར་མཁོ་བའི་ལས་ཀའི་འཇོན་ཐང་ཡོད་པ། (རུ་འཁྱེར་དམག་མི་མཐོ་རིམ་སློབ་འབྲིང་གི་རིག་གནས་ཆུ་ཚད་བར་ལྷུག་ཏུ་གཏོང་ཆོག

  6. རྒྱུན་ལྡན་གྱི་འགན་འཁྲི་བསྒྲུབ་པའི་ལུས་ཕུང་གི་ཆ་རྐྱེན་ལྡན་ཞིང་། འགོས་གཤིས་ཀྱི་ནད་རིགས་མེད་པ། ངོ་གདོང་ལ་རྨ་ཤུལ་གསལ་པོ་མེད་པ། ལུས་སྟེང་དུ་རི་མོ་བརྐོས་མེད་པ། དབང་བོ་སྐྱོན་ཅན་མིན་པ།

  7.བསྡུ་ལེན་བྱས་རྗེས་ལས་གནས་སྙོམས་སྒྲིག་དང་ལས་བགོས་དང་ལེན་བྱ་ཐུབ་པ།

  8.རྒྱལ་ཁབ་དང་ཞིང་ཆེན་གྱིས་གཏན་འབེབས་བྱས་པའི་ཆ་རྐྱེན་གཞན་དག་ཚང་བ་བཅས་ཡིན་དགོས།

  གསུམ། ལས་བསྡུའི་བརྒྱུད་རིམ། “ཡོངས་བསྒྲགས་དང་། འདྲ་མཉམ། འགྲན་རྩོད། ལེགས་འདེམས། ”བཅས་ཀྱི་རྩ་དོན་གཞིར་བཟུང་། དྲ་ཐོག་ནས་མིང་ཐོ་འགོད་པ་དང་དངུལ་འཇལ་བ། ཡིག་རྒྱུགས་ལེན་པ། ཐོབ་ཐང་ཞིབ་བཤེར། ལུས་སྟོབས་ལ་དཔྱད་འདེམས། ཁ་རྒྱུགས་ལེན་པ། གཟུགས་པོར་བརྟག་དཔྱད། ཆབ་སྲིད་རྟོག་ཞིབ། ཡོངས་བསྒྲགས་དང་ལས་བསྡུ་སོགས་ཀྱི་གོ་རིམ་བརྒྱུད་དགོས།

  1.མིང་ཐོ་འགོད་པའི་དུས་ཚོད་ནི། 2024ལོའི་ཟླ11པའི་ཚེས12ཉིན་གྱི་ཆུ་ཚོད09:00ནས2024ལོའི་ཟླ11པའི་ཚེས22ཉིན་གྱི་ཆུ་ཚོད20:00བར་རེད།

  2.ཞིབ་བཤེར་དུས་ཚོད་ནི། 2024ལོའི་ཟླ11པའི་ཚེས12ཉིན་གྱི་ཆུ་ཚོད09:00ནས2024ལོའི་ཟླ11པའི་ཚེས23ཉིན་གྱི་ཆུ་ཚོད18:00བར་རེད།

  3.གྲོན་དངུལ་སྤྲོད་པའི་དུས་ཚོད་ནི། 2024ལོའི་ཟླ11པའི་ཚེས12ཉིན་གྱི་ཆུ་ཚོད09:00ནས2024ལོའི་ཟླ11པའི་ཚེས24ཉིན་གྱི་ཆུ་ཚོད23:00བར་རེད།

  4.མིང་ཐོ་འགོད་སྟངས། ཐེངས་འདིའི་ལས་བསྡུའི་ཡིག་རྒྱུགས་དེ་དྲ་ཐོག་ནས་མིང་ཐོ་འགོད་དགོས་པ་དང་། མིང་ཐོ་འགོད་མཁན་གྱིས་གློག་ཀླད་ཀྱི་སྣེ་ནས་ཁུ་ནུ་ཤེས་ལྡན་པའི་དྲ་བའི་ཡིག་རྒྱུགས་ཐོ་འགོད་ལྟེ་གནས(www.klycw.cn/baoming.html)ནས“2024ལོའི་གཅན་ཚ་རྫོང་སྤྱི་བདེ་ཅུའུ་ཡིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ཉེན་རྟོག་རམ་འདེགས་པ་བསྡུ་བ”ཅེས་པ་གནོན་ནས་བླང་བྱ་ལྟར་མིང་ཐོ་འགོད་དགོས།

  དྲུག འབྲེལ་གཏུག་བྱེད་ཐབས།

  (གཅིག)མིང་ཐོ་འགོད་སའི་ལས་ཁུངས། མཚོ་སྔོན་ལས་མི་ཐད་བསྡུ་མི་ཤུགས་ཐོན་ཁུངས་ཁྲོམ་ར་ཚད་ཡོད་ཀུང་སི།

  སྡོད་གནས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཧྥུའུ་ཞིན་ལམ་ཨང2པའི་ཐོག་ཁང་དང་པོའི(ནུས་ཁུངས་ཐོག་ཁང་གི་བྱང་སྒོ)ཐོག་སོ་དགུ་པ།

  ཁ་པར། 0971-6337153

  (གཉིས)མི་སྤྱོད་སྡེ་ཁག གཅན་ཚ་རྫོང་སྤྱི་བདེ་ཅུའུ།

  ས་གནས། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་སྲིན་པོ་ལམ་ཨང52པ།

  ལྟ་སྐུལ་ཁ་པར། 18197442816

གཅན་ཚ་རྫོང་སྤྱི་བདེ་ཅུའུ།

2024ལོའི་ཟླ11པའི་ཚེས11ཉིན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章