སྔོན་ཐོན་དཔེ་མཚོན་ལ་བརྟེན་ནས་མཐུན་སྒྲིལ་གྱི་སྒུལ་ནུས་བསྐྱེད།

文摘   2024-11-20 16:15   青海  

སྔོན་ཐོན་དཔེ་མཚོན་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་སྒུལ་ནུས་ཆེན་པོ་བསྐྱེད།
སྨན་པ་བྱམས་སེམས་ཅན་ཞིག་སྟེ། ལོ25རིང་ནད་བཅོས་སྲོག་སྐྱོབ་ཀྱི་བྱ་གཞག་ལ་བློ་གཅིག་ཏུ་གཞོལ་ཞིང་།ལྷག་བསམ་ཟོལ་མེད་དང་ནུས་པ་ཅི་ལྕོགས་ཀྱིས་ས་མཐོ་ཞིང་མཐའ་འཁོབ་ཏུ་ཆགས་པའི་རྫོང་དེའི་མི་རིགས་ཁག་གི་མང་ཚོགས་ལ་སྤུས་ལེགས་ཤིང་སྟབས་བདེ་བའི་སྨན་བཅོས་ཡིས་ཞབས་འདེགས་ཞུ་མཁན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་སྨན་རྩིས་ཁང་གི་འགོ་གཙོ་འབྲུག་ལྷ་ཐར་དང་།  མ་བྱང་སེམས་ཅན་ཏེ་གཅེས་སེམས་མཚོན་པའི་ཐོག་ནས་དཀའ་ངལ་ཅི་ཡོད་སེལ་ཐབས་ཀྱི་ལས་སྤེལ་ཞིང་འཆད་འཁྲིད་སྟེགས་བུར་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་བཤད་མཁན་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧུའེ་རིགས་རང་སྐྱོང་རྫོང་སློབ་འབྲིང་གཉིས་པའི་མཐོ་རིམ་དགེ་རྒན་གཡང་མོ་སྐྱིད། གླུ་མ་ཕུགས་འདུན་ཅན་ཏེ། རི་ཁུལ་དུ་བསྐྱོད་དེ་དྲུག་འགྱུར་རོལ་དབྱངས་ལ་བརྟེན་ནས་བྱིས་པ་རྣམས་ཀྱི་ཕུགས་སེམས་སྒྲོན་ཞིང་མཉམ་དུ་མི་རིགས་མཐུན་སྒྲིལ་གྱི་མདུན་མར་བརྩོན་མཁན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་དབྱངས་ཅན་ལྷ་མཛེས་སོགས་སྒྲུབ་འདོད་པ་དང་སྒྲུབ་ཕོད་པ། སྒྲུབ་ཤེས་པའི་མིག་དཔེ་ཅན་དང་དཔེ་མཚོན་སྐོར་དང་སྐོར་ཞིག་དུས་ཡུན་རིང་པོར་ཀུན་ལས་གཟེངས་སུ་མངོན་ལ། ཁོ་ཚོ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏང་བའི་ལས་དང་པོ་ན་ཁོམ་ལོང་བྲལ་བའི་གཟུགས་བརྙན་དེ་དག་ཡིན།
དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ལམ་བུའི་སྟེང་། ཁོང་ཚོའི་དད་སེམས་དེ་ཞིབ་ཕྲའི་ལག་ལེན་དུ་བསྒྱུར་བ་དང་། རྒྱུན་ལྡན་གྱི་ལས་ཀ་བརྟན་སྲུང་ཐོག་ནས་སྤྱིར་བཏང་མ་ཡིན་པའི་རྣམ་པ་བཏོད་ཡོད། ཁོང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བར་འགྲེལ་བཤད་ཡག་པོ་བརྒྱབ་ཡོད་ལ། ། དཀའ་སྒྲུབ་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཐོག་ནས་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་གྱི་མཛད་རྗེས་བཟང་པོ་མངོན་ཡོད། ཁོང་ཚོས་རང་དོན་རྒྱབ་བསྐྱུར་གྱི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ཐོག་ནས་བོད་རིགས་དང་འབྲེལ་བ་ཡོད་པའི་ཁུལ་དང་རྫོང་གི་རྣམ་པར་ཉིན་རེ་བཞིན་ཇེ་ཡང་དུ་གྱུར་བ་དང་། མང་ཚོགས་ཀྱི་འཚོ་བ་ཉིན་བཞིན་ཇེ་ལེགས་སུ་ཕྱིན་པ། མི་རིགས་ཁག་གི་མང་ཚོགས་ཀྱི་མཐུན་སྒྲིལ་མཛའ་བཤེས་དང་ཁྱིམ་ཚང་གཅིག་ལྟར་བརྩེ་བར་བྱས་ཡོད།
མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ནི་དེ་འདྲའི་གལ་ཆེན་དོན་ཅི་ཡིན་ནམ།མི་རིགས་མཐུན་སྒྲིལ་གྱི་འཐབ་སར་མདུན་མར་འབད་འཐབ་བྱེད་མཁན་དངོས་སྒྲུབ་པས་འདི་སྐད། ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཁྲེང་ཀོན་སློབ་ཆུང་དང་པོས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དེ་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་གྱི་གཙོ་གནད་དུ་བརྩིས་ནས“སྐེ་དར་དམར་པོའི་འགྲེལ་བཤད”བཙུགས་ཏེ་ཀྲུང་ཧྭ་རིག་གནས་ཀྱི་གཏམ་རྒྱུད་དང་། གསར་བརྗེའི་གཏམ་རྒྱུད། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད། ཕ་ཡུལ་གྱི་གཏམ་རྒྱུད་བཅས་ཡག་པོ་ཤོད་ཀྱི་ཡོད་ཟེར། མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཀོན་ཐིང་གྲོང་རྡལ་གྱིས་གནད་དོན་གང་ཞིག་ཡོད་ན་གནད་དོན་དེ་རང་ངོས་ནས་ཐག་གཅོད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་ལས་སྤྱིར་བཏང་གི་འགལ་བ་དེ་མི་རིགས་ཀྱི་འགལ་བར་མི་ལྟ་བར་ཚུལ་མཐུན་གྱི་སྒོ་ནས་མང་ཚོགས་ལ་ཁྲིད་སྟོན་བྱས་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་བྱེད་ཀྱི་ཡོད་པ་རེད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཀོན་ལོ་གོང་མ་གྲོང་ཚོས“མི་རིགས་མཐུན་སྒྲིལ་བུམ་པའི”ལུས་རྩལ་འགྲན་ཚོགས་དང་། རྟ་རྒྱུག་འགྲན་ཚོགས། གཟེབ་གྲུག་འགྲན་བསྡུར་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་རྒྱ་ཆེའི་འབྲོག་པ་མང་ཚོགས་དེའི་ནང་ཞུགས་སུ་བཅུག་སྟེ་བདེ་སྐྱིད་ཀྱི་དུས་རབས་གླེང་བ་དང་། བདེ་སྐྱིད་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ནས་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཧུར་ཐག་བསྐྲུན་ཡོད། ཕྱོགས་བཞི་མཚམས་བརྒྱད་ནས་ཆུ་ཕྲན་ལྷུང་ལྷུང་དུ་འབབ་པ་ལྟར་གནས་གཅིག་ཏུ་འདུས་ཏེ་ཁྱེད་ཀྱི་ཁྲོད་དུ་ང་ཡོད་པ་དང་། ངའི་ཁྲོད་དུ་ཁྱེད་ཡོད་པ། སྣ་མང་གཞི་གཅིག་དང་བྲལ་ཐབས་མེད་པའི་ལས་དབང་གཅིག་མཐུན་འདུས་གྲུབ་དེ་ལྟའི་ཁྲོད་ནས་དམར་རྗེན་དུ་མངོན་པ་དང་། ཞི་མཐུན་མཉམ་གནས་དང་། སྤུན་ཟླའི་བརྩེ་བ། ཕན་ཚུན་རོགས་རེས་བཅས་ཀྱི་མི་རིགས་ཁག་གི་མཛའ་མཐུན་གྱི་གཏམ་རྒྱུད་མཚོ་སྔོན་གྱི་ས་གཞི་དེའི་ཐོག་རྒྱུན་ཆད་མེད་པར་བརྩམས་ལ། མི་རིགས་ཁག་སེ་འབྲུ་བཞིན་དུ་ལག་གདང་སྦྲེལ་བའི་མཛེས་སྡུག་ལྡན་པའི་རི་མོ་དེ་མཚོ་སྔོན་གྱི་ས་གཞི་ཆེན་པོའི་ཐོག་མངོན་པར་བྱས་ཡོད།
མི་རིགས་མཐུན་སྒྲིལ་ནི་རུས་གཏིང་དུ་ཟུག་པའི་གཞི་རྒྱུ་ཡིན་ལ། མཚོ་སྔོན་མི་རིགས་ཁག་གི་མི་དམངས་ཀྱིས་གཅེས་འཛིན་ལྡབ་འགྱུར་བྱེད་པའི་སྲོག་རྩ་ལྟ་བུ་ཡང་ཡིན། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་ཐིག་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཆེན་པོར་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ནི་བླ་ན་མེད་པའི་བྱ་གཞག་ཅིག་ཡིན་པས། བླ་ན་མེད་པའི་བྱ་གཞག་ལ་མིག་དཔེའི་ཁྲིད་སྟོན་བྱེད་དགོས། ང་ཚོས་མིག་དཔེ་མེ་ལོང་དུ་བཟུང་སྟེ་བདེ་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། མཉམ་ཤི་མཉམ་གནས། ལས་དབང་མཉམ་འཁུར་བཅས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་བཙུགས་ཏེ་རང་རྟོགས་ངང་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྲུང་སྐྱོང་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་པའི་ལག་ལེན་པ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་འགན་འཁྲི་ཁུར་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་བདེ་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། མཉམ་ཤི་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཀྱི་ཐུན་མོང་འདུ་ཤེས་བརྟན་པོ་འཛུགས་དགོས་ཞེས་ནན་བཤད་གནང་བ་རེད།
དཔེ་བཟང་ལ་བརྩི་མཐོང་དང་། དཔེ་བཟང་ལ་སློབ་སྦྱོང་། དཔེ་བཟང་ལ་བརྩོན་ལེན་བཅས་བྱས་ནས་ང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མིག་དཔེའི་སྙིང་སྟོབས་ལག་ལེན་དང་། དཔེ་བཟང་གི་སྟོབས་ཤུགས་རྒྱུན་འཛིན། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་པར་སེམས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན། མཛེས་སྡུག་གི་འཚོ་བ་གཏོད་པ་བཅས་བྱས་ནས་མི་རིགས་ཁག་གི་མི་དམངས་ཀྱི་སེམས་པ་དམ་པོར་སྦྲེལ་བ་དང་། ཕྱོགས་གང་ཅིའི་ཐད་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ཏུ་གོང་བུ་གཅིག་ཏུ་སྒྲིལ་དགོས། ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དང་། ཕྱོགས་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར། ཕྱོགས་ཡོངས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་བཅས་བྱེད་པའི་ལག་ལེན་པ་བརྩོན་ལེན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱི་གཡུལ་ས་སྟོབས་ཆེར་གཏོང་བ་དང་། མཚོ་སྔོན་གྱི་དོན་དངོས་དང་མཐུན་པའི་ཕན་ཚུན་ཤན་ཤུགས་ཐེབས་པའི་སྤྱི་ཚོགས་ཀྱི་གྲུབ་ཚུལ་དང་སྡེ་ཁུལ་གྱི་ཁོར་ཡུག་འཛུགས་སྐྱོང་བྱེད་པར་ཤུགས་རྒྱག་པ། “སེ་འབྲུ་ཡི་ཁྱིམ་གཞིས་”འཛུགས་སྐྲུན་གྱི་རིམ་པ་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། “དངོས་ཁམས་ཕན་ཚུན་འགག་པ”ནས“སེམས་ཕན་ཚུན་འགག་པའི”བར་འགྱུར་ལྡོག་ཡོང་བ་བྱེད་དགོས། “ལས་བྱེད་པས་ལས་ཀ་བྱེད་པ་དང་། བསམ་ཕྱོགས་གསལ་པོ་བཟོ་བ། རང་གཅུན་ནན་པོ་བྱེད་པ”བཅས་ཀྱི་སྟོན་ཕྱོགས་ཁ་གསལ་ལ་བརྟེན་ནས“མཚོ་སྔོན་ཤེས་རྟོགས་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས་གཏོང་བ”བཅས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་ཐོབ་པ་བྱས་ཏེ་ཤིན་ཅང་དང་བོད་བརྟན་གྱི་རྒྱལ་ཁབ་བདེ་འཇགས་སྲུང་ཡོལ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ལོ་ཙཱ་བ། ཁོན་ཐར་འཚོ།

རྩོམ་སྒྲིག་པ། གཡང་སྐྱིད།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章