སང་ཉིན་ནས་བཟུང་སྒྲིག་སྲོལ་གསར་པ་འདི་དག་ལག་བསྟར་བྱ་རྒྱུ་རེད།

文摘   2024-10-31 17:39   青海  

ཟླ11པའི་ཚེས1ཉིན་ནས་བཟུང་རང་རྒྱལ་གྱི་ལྕགས་ལམ་འགྲུལ་སྐྱེལ་ཁྱབ་ཁོངས་སུ་གཞི་གྲངས་ཅན་གྱི་གློག་རྡུལ་འཛིན་ཡིག་ཁྱབ་གདལ་དང་བེད་སྤྱོད་གཏང་རྒྱུ་རེད། སྐུ་མགྲོན་གྱིས་འགྲུལ་བཞུད་མཇུག་འགྲིལ་བའམ་ཡང་ན་པ་སེ་ཕྱིར་སློག་གི(སྤ་སེ་བརྗེ་བ)གྲོན་དངུལ་སྤྲད་རྗེས་ཀྱི་ཉིན180ཡི་ནང་ཚུན་དུ། རང་གི་12306ལྕགས་ལམ་དྲ་བའི་ཐོ་ཁོངས་སུ་ཞུགས་ནས་གློག་རྡུལ་འཛིན་ཡིག་སྤྲོད་རྒྱུ་རེ་ཞུ་བྱ་ཆོག
གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་བཅའ་ཁྲིམས》དེ་ཟླ11པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞིང་། དེའི་ནང་ལས་ཁུངས་དང་མི་སྒེར་གང་རུང་གིས་གློ་བར་དུ་བྱུང་བའི་དོན་རྐྱེན་གྱི་འབྲེལ་ཡོད་ཆ་འཕྲིན་རྫུས་མ་བཟོ་མི་ཆོག་པ་དང་བསམ་བཞིན་དུ་བརྒྱུད་སྒྲོག་བྱེད་མི་ཆོག་པ་ཁ་གསལ་བཏོན་ཡོད།  དེ་བཞིན་དུ་རྒྱལ་ཁབ་ཀྱིས་གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་ཁ་གཏད་འཇལ་བའི་ཁྲོད་དུ།  ན་སོ་དར་ལ་མ་བབ་པའི་གཞོན་ནུ་དང་།  རྒན་འཁོགས། དབང་པོ་སྐྱོན་ཅན།  མངལ་སྦྲུམ་པའི་དུས་དང་ནུ་མ་བསྣུན་པའི་རིང་གི་བུད་མེད་སོགས་ལ་དམིགས་བསལ་བྱིན་ནས་སྔོན་ལ་སྲུང་སྐྱོང་བྱ་དགོས་པ་གསལ་འབེབས་བྱས་ཡོད་པ་རེད།   
《ཕྱི་རྒྱལ་ཚོང་པའི་མ་དངུལ་གཏོང་འཇོག་ཆོག་འཐུས་ཀྱི་དམིགས་བསལ་དོ་དམ་བྱེད་ཐབས(ལྡོག་ཕྱོགས་ཀྱི་གསལ་ཐོ)》གསར་པ་དེ་ཟླ11པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་། དེའི་ནང“དཔེ་སྐྲུན་ཡིག་རིགས་་པར་འདེབས་དེ་ངེས་པར་དུ་ཀྲུང་གོ་ཕྱོགས་ཀྱིས་མ་རྐང་ཚོད་འཛིན་བྱ་བ”དང“ཀྲུང་ལུགས་སྨན་ཐང་རླངས་བཙོས་དང་།  བརྔོ་བ།  མེ་བཙའ། སྲེག་སྦྱང་སོགས་ཀྱི་སྦྱོར་བཟོ་ལག་རྩལ་བེད་སྤྱོད་དང་ཀྲུང་ལུགས་སྨན་གྱི་གསང་ཐབས་སྨན་རྫས་ཐོན་སྐྱེད་ཐད་ལ་མ་དངུལ་གཏོང་འཇོག་བྱེད་པ་གཏན་འགོག་བྱ་བའི   ”ས་བཅད་མེད་པར་བཟོས་པ་མ་ཟད། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་མ་དངུལ་གྱི་ཆོག་འཐུས་ཚོད་འཛིན་བྱེད་ཐབས་ཀྱང་ཕྱོགས་ཡོངས་ནས་མེད་པར་བཟོས།    

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ལོ་ཙཱ་བ། གཡང་སྐྱིད།

རྩོམ་སྒྲིག་པ། གཡང་སྐྱིད།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章