སློབ་རོགས་དངུལ་བུན་གྱི་ཚད་སྤར་ནས་སྐྱེད་ཀ་སྙོམས་སྒྲིག་བྱས་པ།

文摘   2024-11-05 17:32   青海  

  ཚེས4ཉིན། ནོར་སྲིད་པུའུ་དང་སློབ་གསོ་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་། དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་བཅས་ཀྱིས་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་སྐྱོར་དངུལ་བུན་གྱི་འབྲེལ་ཡོད་སྲིད་ཇུས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བརྡ་ཐོ་ཁྱབ་སྒྲོག་བྱས་ཏེ། རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་སྐྱོར་དངུལ་བུན་གྱི་ཚད་མཐོ་རུ་བཏང་བ་དང་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་སྐྱོར་དངུལ་བུན་གྱི་སྐྱེད་ཀ་ལེགས་སྒྲིག་བྱས།
  2024ལོའི་སྟོན་དུས་ཀྱི་སློབ་མགོ་ཚུགས་པ་ནས་བཟུང་། ཉིན་གང་ལམ་ལུགས་ཀྱི་དངོས་གཞི་དང་ཆེད་སྦྱོང་ཚན་ཁག་གི་སློབ་མའི(བསླབ་གནས་གཉིས་པ་དང་། མཐོ་རིམ་ལས་རིགས་སློབ་མ། གྲ་སྒྲིག་འཛིན་གྲྭའི་སློབ་མ་བཅས་ཚུད་པ)མི་རེས་ལོ་རེར་དངུལ་བུན་རེ་ཞུ་བྱེད་ཚད་དེ་སྒོར16000ནས་སྒོར20000བར་ཇེ་མང་དུ་བཏང་། ཉིན་གང་ལམ་ལུགས་ཀྱི་ཞིབ་འཇུག་སློབ་མ་རེས་ལོ་རེར་དངུལ་བུན་རེ་ཞུ་བྱེད་ཚད་དེ་སྒོར20000ནས་སྒོར25000བར་ཇེ་མང་དུ་བཏང་བ་དང་། སློབ་མས་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་རེ་ཞུ་བྱས་རིགས་དེ་ཐོག་མར་སློབ་གྲྭར་སློབ་གཉེར་རིང་གི་སློབ་ཡོན་དང་ཉལ་ཁང་གི་རིན་པར་སྤྲོད་དགོས་པ་དང་། དེའི་ལྷག་མ་རྣམས་རྒྱུན་གཏན་གྱི་འཚོ་བའི་གྲོན་དངུལ་ཁ་གསབ་ཐད་སྤྱོད་དགོས། 
  རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གྱི་གྲངས་ཚད་ལེགས་སྒྲིག་བྱས་རྗེས། དམག་ཞབས་དང་ལེན་བྱེད་མཁན་མཐོ་རིམ་སློབ་གྲྭའི་སློབ་མའི་སློབ་ཡོན་ཁ་གསབ་དང་། སློབ་ཡོན་ཐད་སྤྱོད་པའི་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གྱི་ཚབ་འཇལ། སློབ་ཡོན་ཆག་ཡང་དང་རྩ་ཆག་གཏོང་བའི་ཚད་གཞི། དེ་བཞིན་གཞི་རིམ་གྱི་ལས་ཞུགས་སློབ་ཡོན་གྱི་ཁ་གསབ། སློབ་ཡོན་ཐད་སྤྱོད་པའི་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གྱི་ཚབ་བྱེད་ཚད་གཞི་བཅས་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མ་རེར་ལོ་རེར་ཆེས་མང་བ་སྒོར20000ལས་མི་བརྒལ་བ་དང་། ཞིབ་འཇུག་སློབ་མ་རེར་ལོ་རེར་ཆེས་མང་བ་སྒོར25000ལས་མི་བརྒལ་བར་ལེགས་སྒྲིག་འོས་འཚམ་བྱས་ཡོད་པ་རེད། 
  རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གྱི་སྐྱེད་ཀ་དེ་དུས་མཚུངས་དང་རིམ་པ་གཅིག་མཚུངས་ཀྱི་དངུལ་བུན་ཁྲོམ་རའི་གོ་བའི་སྐྱེད་ཀ(LPR) དེ་གཞི་གནས60ཇེ་ཉུང་དུ་བཏང་བ་དང་། དུས་མཚུངས་དང་རིམ་པ་གཅིག་མཚུངས་ཀྱིLPRཡི་གཞི་གནས70ཇེ་ཉུང་དུ་བཏང་སྟེ། དེ་སྔ་མིང་རྟགས་བཀོད་པའི་LPRཡི་འཕར་ཆག་ངེས་མེད་ཀྱི་སྐྱེད་ཀའི་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གན་རྒྱ་སྒྲུབ་མཁན་མཁན་དངུལ་ཁང་གིས་དངུལ་བུན་སྐྱི་མཁན་སློབ་མ་དང་གྲོས་བྱས་ནས། དེ་སྔའི་གན་རྒྱའི་སྐྱེད་ཀ་དུས་དང་རིམ་པ་གཅིག་མཚུངས་ཀྱིLPRལ་ལེགས་སྒྲིག་བྱས་ཏེ་གཞི་གནས70ཇེ་ཉུང་དུ་བཏང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章