དྲོད་རླངས་མ་དྲོས་ན་གྲོན་དངུལ་སྤྲོད་དགོས་སམ།

文摘   2024-10-24 17:33   青海  

  དགུན་དུས་སུ་དྲོད་རླངས་སྤྱོད་མཁན་དང་དྲོད་རླངས་མཁོ་འདོན་ལས་ཁུངས་བར་ལ་རྩོད་གཞི་གཅིག་རྗེས་གཉིས་མཐུད་དུ་ཐོན་གྱིན་ཡོད་པ་སྟེ། དྲོད་རླངས་ཀྱིས་མ་དྲོས་ན་དྲོད་རླངས་རིན་དངུལ་མི་སྤྲོད་པའི་གནས་ཚུལ་བྱུང་བས། དྲོད་རླངས་མཁོ་འདོན་ལས་ཁུངས་ཀྱིས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད་ཁྲིམས་ཁང་ལ་ཞུ་གཏུག་བྱས་པ་དང་། འོན་ཀྱང་འཛད་སྤྱོད་མཁན་གྱིས“དྲོད་རླངས་ཀྱིས་མི་དྲོས་པས། ཅིའི་ཕྱིར་དངུལ་སྤྲོད་དགོས་སམ་”ཞེས་པར་ཁ་གཡར་ནས་དགག་སྒྲུབ་བྱེད་པ་ལས། དྲོད་ཚད་ཀྱི་ཚད་གཞིར་མི་ལོངས་བའི་བདེན་དཔང་ཁྲིམས་ཁང་ལ་འདོན་སྤྲོད་བྱེད་རྒྱུ་མེད་པས། གཏུག་བཤེར་ཕམ་པའི་ཉེན་ཁ་འབྱུང་སྲིད། དེ་བས་བཅའ་ཁྲིམས་ཀྱིས་རང་ཉིད་ཀྱི་ཁེ་དབང་ལ་ཇི་ལྟར་འགན་སྲུང་བྱ་དགོས་སམ་ཞེ་ན།

  གྱོད་གཞིའི་གནས་ཚུལ་མདོར་བསྡུས། གཏུག་ཡུལ་ནི་ཉོ་ཚོང་ཁང་གི་གཞིས་ལས་དོ་དམ་ལས་ཁུངས་ག་གེ་མོ་ཡིན་ཞིང་། གཏུག་མཁན་གྱི་མངགས་བཅོལ་ལྟར་ཉོ་ཚོང་ཁང་དེར་དྲོད་འདོན་གྱི་ཞབས་ཞུ་འདོན་སྤྲོད་བྱེད་དུ་བཅུག་པ་དང་། 2022ལོའི་ཟླ10པའི་ཚེས15ཉིན་ནས2023ལོའི་ཟླ4པའི་ཚེས15ཉིན་བར་དྲོད་འདོན་གྲོན་དངུལ་སྒོར384415.7བྱུང་བ་དང་། གཏུག་ཡུལ་གྱིས་དྲོད་འདོན་ཚད་གཞིར་མ་ལོན་པ་རྒྱུ་མཚན་དུ་བྱས་ནས་དྲོད་འདོན་གྲོན་དངུལ་སྒོར190000སྤྲོད་པ་ལས་གཞན། ལྷག་མའི་དྲོད་འདོན་གྲོན་དངུལ་སྒོར194415.7མ་སྤྲད་པ་རེད། དེ་དང་ཆབས་ཅིག་ཏུ། གཏུག་མཁན་གྱིས་གྱོད་གཞི་དེར་འབྲེལ་བ་ཡོད་པའི་གཞིས་ལས་དེས་རང་འདོད་ཀྱིས་དྲོད་འདོན་སྒྲིག་ཆས་ལ་བཅོས་སྒྲིག་བྱས་ཤིང་། སྒྲིག་འཇུག་གི་བརྒྱུད་རིམ་ཁྲོད་དྲོད་རླངས་ལྕགས་སྦུག་དེ་ས་འོག་དྲོད་རླངས་སུ་བསྒྱུར་པས། དེར་འབྲེལ་འགན་འཁྲི་འཁུར་དགོས་ཞེས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ། དྲོད་རླངས་ཀྱི་གྲོན་དངུལ་ལྷག་མ་སྤྲོད་དགོས་པའི་རེ་བ་བཏོན།

  ཐག་བཅད་མཇུག་འབྲས། ཟི་ལིང་གྲོང་ཁྱེར་མཁར་དབུས་ཁུལ་མི་དམངས་ཁྲིམས་ཁང་གིས་ཞིབ་གཅོད་བྱས་ནས་དྲོད་རླངས་ཀྱི་གྲོན་དངུལ་ཆག་ཡང་དང་རྩ་ཆག་གཏོང་ཐུབ་མིན་དང་དྲོད་རླངས་མཁོ་འདོན་གྱི་དྲོད་ཚད་མ་ལོན་པའི་ངོས་འཛིན་བྱས་པ་དེ་ནི། དྲོད་རླངས་མཁོ་འདོན་གྱི་གྲོན་དངུལ་ཆག་ཡང་དང་རྩ་ཆག་གཏོང་རྒྱུའི་འགན་འཁྲི་གཏན་འཁེལ་བྱེད་པའི་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད། གཏུག་མཁན་ནི་གྲོན་དངུལ་བསྡུ་བའི་ཕྱོགས་ཡིན་པའི་ངོས་ནས་དྲོད་རླངས་མཁོ་འདོན་གྱི་ཚད་གཞི་ལོན་པ་དང་། བབ་མཚུངས་ཀྱི་ཞབས་འདེགས་ཞུ་དབང་ཡོད་པའི་འདོད་ཚུལ་གྱི་དོན་དངོས་ལ་དཔང་རྟགས་འདོན་དགོས། གཏུག་ཡུལ་གྱིས་ཁོ་དང་གཏུག་མཁན་ལས་དོན་པའི་བར་དྲོད་རླངས་མཁོ་འདོན་གྱི་དྲོད་ཚད་དང་འབྲེལ་བའི་སྐད་འཕྲིན་ཚོགས་པའི་ཁ་བརྡའི་ཟིན་ཐོ་དང་། ཚོང་དུད་ཀྱིས་དྲོད་རླངས་མཁོ་འདོན་གྱི་དྲོད་ཚད་དམའ་བའི་བསམ་འཆར་འདོན་པའི་སྐད་འཕྲིན་ཚོགས་པའི་ཁ་བརྡའི་ཟིན་ཐོ་སྤྲད་པ་དེའི་སྟེང་ནས། གཏུག་ཡུལ་གྱིས་གཏུག་མཁན་གྱི་ལས་དོན་པར་འབྲེལ་བ་བྱས་ནས་དྲོད་རླངས་མཁོ་འདོན་གྱི་གནད་དོན་ཕྱིར་ལྡོག་བྱེད་དགོས་པ་ངོས་འཛིན་བྱས་ཡོད། འོན་ཀྱང་ཕྱོགས་གཉིས་པོར་དྲོད་རླངས་མཁོ་འདོན་བྱེད་རིང་དྲོད་རླངས་མཁོ་འདོན་གྱི་རྩོད་གཞི་ཡོད་པས། གཏུག་མཁན་ནི་གྲོན་དངུལ་བསྡུ་མཁན་གཙོ་བོ་ཡིན་པའི་ཆ་ནས། དྲོད་འདོན་དྲོད་ཚད་ལ་སླེབས་པའི་དཔང་རྟགས་འདོན་པའི་འགན་འཁྲི་འཁུར་དགོས། འོན་ཀྱང་གཏུག་མཁན་གྱིས་ཞུ་གཏུག་དང་འབྲེལ་བ་ཡོད་པའི་དྲོད་རླངས་མཁོ་འདོན་སྐབས་ཀྱི་དྲོད་རླངས་མཁོ་འདོན་གྱི་དྲོད་ཚད་ཚད་ལེན་གྱི་ཟིན་ཐོ་མེད་པ་དང་། ཞུ་གཏུག་དང་འབྲེལ་བ་ཡོད་པའི་དྲོད་རླངས་མཁོ་འདོན་བྱེད་རིང་གི་དྲོད་ཚད་ལོན་པའི་དཔང་རྟགས་གཞན་གང་ཡང་ཕུལ་མེད་པ་རེད། ད་ཡོད་ཀྱི་བདེན་དཔང་ལ་བརྟེན་ནས་དྲོད་འདོན་ཞབས་ཞུ་དེ་དྲོད་འདོན་འཛད་སྤྱོད་པའི་བཀོལ་སྤྱོད་ཀྱི་དགོས་མཁོར་སླེབས་མེད་པ་གཏན་འཁེལ་བྱེད་ཐུབ་པ་དང་། དེ་དང་ཆབས་ཅིག་ཏུ། གཏུག་མཁན་གྱིས་གཏུག་ཡུལ་དང་འབྲེལ་གཏུག་བྱས་ནས་དྲོད་རླངས་མཁོ་འདོན་ལེགས་པོ་མ་བྱུང་བའི་བྱེ་བྲག་གི་རྒྱུ་རྐྱེན་བཙལ་བཤེར་དང་། དེར་མཐུན་གྱི་བྱེད་ཐབས་སྤྱད་དེ། དྲོད་འདོན་ཞབས་ཞུའི་དགོས་མཁོའི་འབྲེལ་ཡོད་ཀྱི་དཔང་རྟགས་དང་ལེན་བྱས་མེད་པ་དང་། དྲོད་འདོན་ལས་ཁུངས་ཀྱིས་དྲོད་འདོན་ཞབས་ཞུ་སྤེལ་བའི་ཁྲོད་ཕྱོགས་གཉིས་ཀའི་སྔོན་དཔག་དང་འཚམ་པའི་འོས་འགན་མ་བསྒྲུབས་པས། སྐྱོན་ཆ་ཕྲན་བུ་བསྒྲུབས་པར་གཏོགས། དྲོད་འདོན་ལས་ཁུངས་ཀྱིས་དྲོད་འདོན་ཞབས་ཞུ་བསྒྲུབས་པའི་སྐྱོན་ཆའི་ཚད་དང་དེ་ལས་བྱུང་བའི་མཇུག་འབྲས་ངན་པར་བསམ་བློ་བཏང་རྗེས། དྲོད་འདོན་གྲོན་དངུལ་གྱི་བརྒྱ་ཆའི10གཅོག་རྒྱུའི་ཁྲིམས་ཐག་བཅད།

  ཁྲིམས་དཔོན་གྱིས་བཤད་རྒྱུར།དྲོད་རླངས་བཀོལ་སྤྱོད་བྱེད་མཁན་ཡིན་པའི་ཆ་ནས། གཤམ་གྱི་ཕྱོགས་འདི་དག་གི་བདེན་དཔང་བསྡུ་རུབ་བྱེད་ཆོག་པ་སྟེ། ཐོག་མར་དྲོད་ཚད་འཇལ་བའི་ཐོ་ཡིག་དགོས། དྲོད་ཚད་འཇལ་བའི་ཐོ་ཡིག་ལ་དྲོད་འདོན་ལས་ཁུངས་དང་ཁང་བདག་གི་མིང་རྟགས་འགོད་དགོས་པ་དང་། དྲོད་ཚད་འཇལ་བའི་དུས་ཚོད་དང་། དྲོད་ཚད་འཇལ་བའི་ས་གནས། ཁང་པའི་ནང་གི་དྲོད་ཚད། དྲོད་འདོན་གནད་དོན་སོགས་གསལ་བོར་མཚོན་ཐུབ་དགོས། གལ་ཏེ་དྲོད་རླངས་སྤྱོད་མཁན་གྱིས་དྲོད་འདོན་ལས་ཁུངས་ལ་དྲོད་འདོན་ཚད་གཞིར་མི་ལོངས་པའི་གནས་ཚུལ་བཤད་པ་དང་། དྲོད་འདོན་ལས་ཁུངས་ཀྱིས་དུས་ཐོག་ཏུ་དྲོད་ཚད་མ་འཇལ་ཚེ། དྲོད་རླངས་སྤྱོད་མཁན་གྱིས་གནས་ཚུལ་ཡར་ཞུ་བྱེད་པའམ་ཡང་ན་དྲོད་ཚད་འཇལ་བའི་བརྡ་སྦྱོར་གཏོང་བའི་འབྲེལ་ཡོད་བདེན་དཔང་ཉར་ཚགས་བྱེད་དགོས། གཉིས་ནས་གཞི་རིམ་རྩ་འཛུགས་སམ་འབྲེལ་ཡོད་གཙོ་གཉེར་སྡེ་ཁག་ལ་ཡར་ཞུ་བྱས་པའི་རྒྱུ་ཆ་དགོས། མཇུག་མཐར་འཛད་སྤྱོད་པས་རང་འགུལ་སྒོས་དྲོད་ཚད་འཇལ་བའི་བརྙན་ལམ་རྒྱུ་ཆ་ཡིན་ལ། འཛད་སྤྱོད་པས་རང་འགུལ་སྒོས་དྲོད་ཚད་འཇལ་བའི་སྐབས་སུ་བརྙན་འབེབས་ཀྱི་རྣམ་པ་སྤྱད་དེ་ཕྱི་རོལ་གྱི་གནམ་གཤིས་གནས་ཚུལ་དང་། ཁང་བའི་ནང་གི་གནས་ཚུལ། དུས་ཚོད་ཀྱི་རིང་ཚད། དུས་ཚོད་ངེས་ཅན་ཞིག་གི་ནང་གི་ཁང་བའི་ནང་གི་ཡུལ་མི་འདྲ་བའི་རྒྱུན་མཐུད་དྲོད་ཚད་སོགས་པར་ལེན་དགོས། དེ་དང་ཆབས་ཅིག་ཏུ། དྲོད་རླངས་མཁོ་འདོན་ལས་ཁུངས་ཀྱིས་དྲོད་རླངས་མཁོ་འདོན་གྱི་ཞབས་འདེགས་ཞུ་སྐབས་སྤྱོད་མཁན་གྱིས་བཏོན་པའི་གནད་དོན་འབྱོར་རྗེས་དུས་ཐོག་ཏུ་དུད་ཚང་དུ་བསྐྱོད་དེ་ཐག་གཅོད་པ་དང་། དྲོད་ཚད་ཚད་ལེན་བྱས་ནས་དྲོད་རླངས་སྤྱོད་མཁན་གྱི་ལུགས་མཐུན་རེ་བར་ལན་འདེབས་དགོས་པ་མ་ཟད། འབྲེལ་ཡོད་ཟིན་ཐོ་ཉར་ཚགས་བྱས་ཏེ་སྤྱོད་མཁན་དང་འབྲེལ་གཏུག་བྱས་ནས་ཐག་གཅོད་བྱེད་དགོས། ཞབས་ཞུའི་ཁྲོད་གནས་པའི་མི་འདང་བའི་ཆ་བཅོས་སྒྲིག་ཏན་ཏིག་བྱས་ནས་འགལ་བ་སྔར་བས་ཆེ་རུ་མི་འགྲོ་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章