ནད་འདིའི་རིགས་ཀྱིས་དབང་རྩ་དང་པགས་པར་ཤུགས་རྐྱེན་ཐེབས་སྲིད། ནད་རྟགས་གཙོ་བོ་ནི་མིག་གི་སྐྱི་པགས་ལ་ཆུ་བུར་རྒྱག་པ་དང་། ན་བ། སྐྲངས་ནས་དམར་པོར་འགྱུར་བ། ཟ་འཕྲུག་ལངས་པ་སོགས་ཡིན་ལ། ད་དུང་མགོ་ན་ཞིང་། མིག་གི་འབྲེལ་སྐྱི་ལ་ཡང་ཤུགས་རྐྱེན་ཐེབས་སྲིད།
སྨན་པས་མྱུར་སྐྱེལ་ཁ་ཕྱེས་རྗེས་ངེས་པར་དུ་ལག་པ་འཁྲུ་དགོས་པ་དྲན་སྐུལ་བྱས།
སྨན་པས“མྱུར་སྐྱེལ་ཕྱི་ཐུམ་དེ་སྐྱེལ་འདྲེན་བྱེད་ཡུན་རིང་བས་བཙོག་སྙིགས་མང་པོ་ལུས་ཡོད་པས། ང་ཚོས་མྱུར་སྐྱེལ་དངོས་པོ་དེ་ཁ་ཕྱེས་རྗེས་སྐྱེ་དངོས་ཕྲ་རབ་དེ་དག་ལ་ལག་པས་རེག་ན་ནད་འགོ་པའི་གཉན་ཚད་རྒྱས་སྲིད”ཅེས་བཤད།
གལ་ཏེ་ནད་འགོས་པའི་ནད་རྟགས་འབྱུང་ཚེ་ཐོག་མར་ནད་དུག་འགོག་པའི་སྨན་མིག་ལ་གཏུག་པ་དང་། ན་ཟུག་མངོན་གསལ་ཡིན་ན་པུ་ལོ་ཧྥུན་དང་ཨ་སི་ཕི་རིན་སོགས་ལ་བརྟེན་ནས་དུག་སེལ་བྱ་དགོས།གལ་ཏེ་ནད་པའི་མིག་མཐར་ཆུ་བུར་ནད་རྟགས་ཅུང་ཚབས་ཆེ་ན་མྱུར་དུ་སྨན་པར་བསྟེན་ནས་ཚད་ལྡན་གྱིས་སྨན་བཅོས་བྱེད་དགོས།
སྨན་པས་དྲན་སྐུལ་བྱས་པ་ལྟར་ན། མིག་མཐར་ཆུར་འབྲུམ་ནད་འགོས་ཚེ་ལྟོ་འཇུ་བདེ་བའི་ཟས་རིགས་ཟ་དགོས། ཁ་ཚའི་ཟས་རིགས་ལ་འཛེམ་དགོས། མིག་གི་གཙང་སྦྲ་ལ་དོ་སྣང་བྱས་ཏེ། ལག་ཕྱིས་དང་ཁྲུས་གཞོང་སོགས་དངོས་པོ་སོ་སོར་བཀར་ནས་བཀོལ་སྤྱོད་བྱས་ན་ཕན་ཚུན་ནད་འགོས་པ་འགོག་ཐུབ། ངལ་གསོ་བར་མཉམ་འཇོག་དང་གཉིད་ཀྱིས་འདང་བར་བྱས་ཏེ། མཚན་འཁྱོལ་དང་ཐང་ཆད་དྲགས་པའི་རིམས་འགོག་ནུས་པ་ཇེ་ཞན་དུ་སོང་ནས་ནད་རྟགས་ཇེ་ལྗིད་དུ་འགྲོ་བ་སྔོན་འགོག་བྱེད་དགོས། ལག་པས་མིག་འཕུར་མཉེད་བྱས་ཏེ་འབུ་ཕྲ་མིག་ལ་ཁྱབ་ཏུ་བཅུག་ནས་མིག་ལ་གཉན་ཁ་མི་འབྱུང་བར་བྱ་དགོས།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།
ལོ་ཙཱ་བ། གཡང་སྐྱིད།
རྩོམ་སྒྲིག་པ། གཡང་སྐྱིད།