རང་ཞིང་གིས་བྱེད་ཐབས10བཏོན་ནས་ཕྱུགས་ལས་འཕེལ་རྒྱས་ཐད་ཤུགས་བསྣན།

文摘   2024-11-12 16:59   青海  

ཟླ11པའི་ཚེས11ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན།    ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ལྷན་དང་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་སོགས་ལས་ཁུངས་དང་མཉམ་དུ་ཟླ10པའི་ཚེས30ཉིན《མཚོ་སྔོན་ཞིང་ཆེན་གྱི་ནོར་ལུག་དང་དཀར་ཆུའི་ལས་རིགས་སྲ་བརྟན་དུ་གཏོང་བའི་བྱེད་ཐབས་ཁག་བཅུ》(གཤམ་དུ《བྱེད་ཐབས་ཁག་བཅུ》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ཏེ། ས་ཁུལ་ཁག་གིས་མ་དངུལ་སྣ་ཚོགས་སྤྱི་འདོམས་ཧུར་ཐག་བྱེད་པ་དང་།  ལུགས་མཐུན་ངང་བྱ་དགའི་ཁ་གསབ་སྤྲོད་པ། དམིགས་ས་རང་བཞིན་ལྡན་པའི་སྒོ་ནས་ཞིང་ལས་དང་ཁེ་ལས་ལ་རོགས་སྐྱོར་བཅས་བྱས་ཏེ་དཀའ་ངལ་སེལ་བའི་ལས་དོན་ཡག་པོ་བསྒྲུབས་པ་དང་། ད་སྔའི་ནོར་ལུག་ཐོན་ལས་འཕེལ་རྒྱས་ལ་འཕྲད་པའི་མངོན་གསལ་དོད་པའི་དཀའ་ངལ་ཐག་གཅོད་ལ་ཤུགས་བསྣན་ཏེ།  འབྲོག་ལས་ཐོན་སྐྱེད་མ་ལག་འཐུས་ཚང་དུ་ཏན་ཏིག་གཏོང་བ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་འབྲོག་ལས་བརྟན་ལ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་པར་ཁྲིད་སྟོན་བྱས།《བྱེད་ཐབས་ཁག་བཅུ》པར་འགྲེམས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་གོ་ཆོད་པའི་དུས་ཚོད2026ལོའི་ཟླ12པའི་ཚེས31ཉིན་བར་ཡིན།     
《བྱེད་ཐབས་ཁག་བཅུ》ཡི་ནང་ཕན་འབྲས་མཐོ་བའི་སྐྱེ་འཕེལ་དང་། མི་ཐབས་ལ་བརྟེན་ནས་ཁམས་དཀར་སྡེབ་སྦྱོར།  བཞོན་མ་དང་བཤས་ཕྱུགས་རྒྱུད་སྤེལ། བཞོན་མ་གསོ་ཚགས། ནོར་ལུག་བཤས་གཏོང་། ཕྱུགས་རྩྭ་གསོག་ཉར། གཟན་རྩྭ་ཉོ་སྒྲུབ། དྲ་ཐོག་ཕྱིར་འཚོང་། ཡིད་རྟོན་དངུལ་བུན་གྱི་འགན་བཅོལ་རྒྱབ་སྐྱོར་བརྟན་པོ་སོགས་ཕྱོགས་བཅུའི་ཐད་ཀྱི་ཞིབ་ཕྲའི་ཁ་གསབ་ཚད་གཞི་ཁ་གསལ་བཏོན་པ་དང་། འབྲེལ་ཡོད་གཏན་འབེབས་དང་མཐུན་རིགས་ལ་སྒོར50ནས2000བར་གྱི་ཚད་གཞི་གཞིར་བཟུང་མ་དངུལ་གྱི་ཁ་གསབ་སྤྲད་རྒྱུ་དང་། ཁ་གསབ་ཀྱི་ཁྱབ་ཁོངས་དེ་སྤྱིར་ན་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད།     
《བྱེད་ཐབས་ཁག་བཅུ》ཡི་ནང་ཞིང་ཆེན་ཡོངས་ཀྱི་ས་ཁུལ་ཁག་གིས་མ་དངུལ་གཅིག་གྱུར་འཆར་འགོད་བྱས་ནས་བཀོལ་སྤྱོད་འཆར་གཞི་ལུགས་མཐུན་ངང་བཀོད་སྒྲིག་བྱས། དོན་དངོས་དང་ཟུང་འབྲེལ་གྱིས་ཇུས་གཞི་བཟོས་ཏེ་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་སྦྲེལ་མཐུད་མ་དངུལ་སྤྱད་དེ་དབུལ་ཐར་ལྟ་ཞིབ་ཚད་ལེན་ཁྱིམ་ཚང་ལ་ཚད་གཞི་ཇེ་མཐོར་འོས་འཚམ་བཏང་ནས་ཁྱད་པར་ཅན་གྱི་ཁ་གསབ་སྤྲད་དགོས། ཕྱུགས་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་མུ་མཐུད་དུ་ལག་བསྟར་བྱས་ཏེ། ཞིང་ཆེན་དང་། གྲོང་ཁྱེར(ཁུལ)།  རྫོང(གྲོང་ཁྱེར་དང་ཆུས)བཅས་ཀྱི་རིམ་པ་ཁག་གི་སྲིད་གཞུང་སྡེ་ཁག་གིས་བཏོན་པའི་རིགས་མཐུན་སྲིད་ཇུས་ཚང་མ་ཐེངས་གཅིག་མ་གཏོགས་ཡང་དུ་བསྐྱར་དུ་ལོངས་སྤྱོད་མི་རིགས་པའི་བླང་བྱ་བཏོན་ཡོད།    

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ལོ་ཙཱ་བ། གཡང་སྐྱིད།

རྩོམ་སྒྲིག་པ། གཡང་སྐྱིད།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章